གནས་ཚུལ། 详情

ཁྲི་ཀ་རྫོང་གིས་སྟོན་དུས་འོས་འགན་སྡོང་འཛུགས་ཀྱི་བྱེད་སྒོ་སྤེལ་བ།

   ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་དུ་བསྟར་བ་དང་།རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱས་ནས།རྫོང་ཁོངས་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་རྒྱུན་མཐུད་ངང་སྲ་བརྟན་དང་མཐོ་རུ་གཏོང་བ་དང་།གཙོ་གནད་ས་ཁོངས་ཀྱི་སྐྱེ་ཁམས་ཞན་ཆ་ཁ་གསབ་བྱ་ཆེད།ཉེ་ཆར་ཁྲི་ཀ་རྫོང་གིས་རྫོང་ཡོངས་ཀྱི་ལས་ཁུངས་དང་ཁེ་དོན་ལས་ལས་ཁུངས། དེ་མིན་ཤང་གྲོང་ལས་བྱེད་པ་དང་སྐྱེ་ཁམས་དོ་དམ་སྲུང་སྐྱོང་མི་སྣ་རྩ་འཛུགས་བྱས་ནས2026ལོའི་སྟོན་དུས་ཀྱི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་བ་དང་།བྱ་སྤྱོད་དངོས་བརྒྱུད་ནས་སྔོ་ལྗང་ལ་སྲུང་སྐྱོང་བྱས་པས།རྫོང་ཡོངས་ཀྱི་སྟོན་དུས་རྒྱལ་ཁོངས་ལྗང་སྒྱུར་བྱ་བར་རྣམ་པ་བཟང་བོ་མངོན་ཡོད།

   སྡོང་འཛུགས་བྱ་ཡུལ་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ལ།མི་གཉིས་ཚོགས་ཆུང་གཅིག་དང་ལས་བགོས་གཞོགས་འདེགས་བྱས་ཏེ།སྡོང་ཕྲུག་རེ་རེ་རྡོག་པས་མནན་ནས་འདེབས་འཛུགས་ཀྱི་ལས་རིམ་ཆ་ཚང་ལ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།ཚང་མས་འདེབས་འཛུགས་ཀྱི་བྱ་བ་ཡག་པོས་བསྒྲུབས་ནས་སྡོང་ཕྲུག་འདེབས་འཛུགས་བརྟན་པོ་ཡོང་བར་འགན་ལེན་བྱས་པ་དང་།སྡོང་ཕྲུག་རེ་རེ་རི་ལུང་ཀུན་ཏུ་རྩ་བ་ཚུགས་ཏེ་ས་གཞི་ཆེན་པོ་སྔོ་ལྗང་གི་ཡུལ་གྲུ་གསར་པ་ཞིག་ཏུ་བསྒྱུར་ཡོད།

  ཁྲི་ཀ་རྫོང་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ལས་བྱེད་པ་ཚུའེ་ཝུན་ཅིན་གྱིས་བཤད་རྒྱུར།   དེ་རིང་ང་ཚོས་རྨ་ནུབ་གྲོང་བརྡལ་ལྕང་ཚང་མ་སྡེ་བ་རུ་སྡེ་ཁག33ལ་གཅིག་གྱུར་འཆར་འགོད་བྱས་ནས་སྟོན་དུས་ཀྱི་སྡོང་འཛུགས་བྱ་བ་སྤེལ་ལ།ཐེངས་འདིའི་འཆར་གཞིའི་ནང་མུའུ165ལ་སྡོང་འཛུགས་བྱས་ཟིན་ལ། སྡོང་ཕྲུག་རྐང་ཁྲི28000ལྷག་ཙམ་བཙུགས་པ་དང་།གཙོ་བོ་སྦྱར་ལྕང་དང་གྲོ་སིལ་ནས་སིལ་སོགས་ཁྲི་ཀར་འཚམ་པའི་སྡོང་ཕྲུག་རིགས་འདེམས་སྤྱོད་བྱས་ཡོད་ཟེར།

  ཐེངས་འདིའི་སྡོང་འཛུགས་བྱེད་སྒོས་རྫོང་ཡོངས་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་གཙོ་གནད་ལ་དམ་པོར་དམིགས་ནས་ཆུ་ལ་བརྟེན་ནས་ནགས་གཏན་འཁེལ་དང་།ས་བབ་ལ་བསྟུན་ནས་སྡོང་བོ་འཛུགས་པ།ཚན་རིག་དང་མཐུན་པར་སྔོ་ལྗང་ཅན་དུ་བསྒྱུར་བ་བཅས་མཐའ་འཁྱོངས་བྱས་ཏེ།རྨ་ནུབ་གྲོང་བརྡལ་གྱི་ལྕང་ཚང་མ་དང་ཤ་འབུམ་ཐང་སྡེ་བ།ཀ་རིང་ཤང་གི་ཞི་ཝང་སྡེ་བ་དང་ཧྲན་ཧུང་ཀོའུ་བཅས་ས་ཆ་གསུམ་དུ་དུས་གཅིག་ཏུ་སྡོང་འཛུགས་བྱས་པ་དང་།ཆུ་ཁུངས་ཉམས་གསོ་དང་ས་ཆུ་སྲུང་འཛིན།སྔོ་ལྗང་ཅན་གྱི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་བཅོས་སྐྱོང་བྱ་བ་སྤེལ་ཡོད།ཉེ་བའི་ལོ་ཤས་རིང་།ཁྲི་ཀ་རྫོང་གིས་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ལས་འགན་ལྕི་མོ་ཕྲག་ཏུ་འཁུར་བ་དང་།རི་ཆུ་ནགས་གསུམ་དང་། ཞིང་དང་མཚེའུ།རྩྭ་ཐང་དང་བྱེ་ཐང་བཅས་ཀྱི་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ།འོས་འགན་སྡོང་འཛུགས་དེ་སྐྱེ་ཁམས་སླར་གསོ་དང་ཞིང་སྡེ་སྔོ་ལྗང་ཅན་དུ་བསྒྱུར་བར་ཟུང་འབྲེལ་བྱས་ཏེ།སྤྱི་ཚོགས་ཡོངས་ཀྱི་སྔོ་ལྗང་སྲུང་སྐྱོང་གི་ངོས་འཛིན་གཅིག་མཐུན་ཡོང་བར་བྱས་པ་དང་། སྐྱེ་ཁམས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ།གནམ་འོག་རྨ་ཆུ་ཁྲི་ཀར་དྭངས་ཞེས་པའི་མིང་བྱང་ལེགས་པོ་བཏོད་ཡོད།


热门新闻

热门图库

热门排行