གནད་བསྡུས། 详情

ཞིན་ཧེ་རྫོང་འབྲས་ཐང་སྡེ་བའི་ཞོག་ཁོག་དམར་པོར་ལོ་ལེགས་ཆེན་པོ་བྱུང་།

 སྟོན་ཟླ10པར་རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིན་ཧེ་རྫོང་ཆུ་སྔོན་གྲོང་བརྡལ་འབྲས་ཐང་སྡེ་བར་གསོན་ཤུགས་ཀྱིས་ཁེངས་ཤིང་།མུའུ400ལྷག་གི་མཐོ་སྒང་གི་ཞོག་ཁོག་དམར་པོ་བསྡུ་བའི་དུས་ལ་སླེབས་ནས།ཞིང་ཁ་དང་སྡེ་བའི་ར་སྐོར་སོགས་གང་སར་སྟོན་བསྡུའི་ལས་ཀར་བྲེལ་བཞིན་འདུག་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས། མཐོ་སྒང་གི་ཞོག་ཁོག་དམར་པོས་གྲོང་གསེབ་དར་སྤེལ་ལ་སྒུལ་ཤུགས་གསར་པ་བསྩལ་ཡོད།

འབྲས་ཐང་སྡེ་བའི་ཞོག་ཁོག་འདེབས་འཛུགས་རྟེན་གཞི་རུ་བསྐྱོད་ཚེ། སྒོར་ཞིང་རྒྱག་ལ། ཁ་དོག་ཡག་པའི་ཞོག་ཁོག་དམར་པོའི་ལྗིད་ཏིག་ཏིག་གི་འབྲས་བུ་ལས་མང་ཚོགས་ཀྱི་ལོ་གཅིག་གི་འབད་པའི་རེ་བ་མཚོན་ཞིང་། ད་ལོའི་ཚུན་ལ། འབྲས་ཐང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་རྨ་ཆུའི་ལུང་གཞོང་གི་ས་རྒྱུ་གཤིན་པོའི་ཆ་རྐྱེན་དང་ཐུན་མོང་མ་ཡིན་པའི་མཐོ་སྒང་གི་གནམ་གཤིས་དགེ་མཚན་ལ་བརྟེན་ནས་བཏབ་པའི་ཞོག་ཁོག་དམར་པོའི་གནོད་འགོག་ནུས་པ་ཆེ་བ་དང་སིང་ཕྱེའི་འདུས་ཚད་མང་བ།དབྱིབས་སྤུས་བཟང་བས། ཚོང་རའི་ནང་དུ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད་པ་དང་། ཞིང་ཁར་ཞིབ་ཚགས་ཀྱིས་དོ་དམ་བྱས་པ་བརྒྱུད་ནས། ད་ལོར་ཞོག་ཁོག་དམར་པོར་ལོ་ལེགས་བྱུང་ནས། མུའུ་རེའི་ཐོན་ཚད་སྤྱི་རྒྱ2500ལ་སླེབས་ཏེ། སྤྱིའི་ཐོན་ཚད་སྔོན་དཔག་གི་དམིགས་འབེན་ལས་བརྒལ་ཡོད། སྟོན་བསྡུའི་དུས་ཚོད་བཟང་པོ་དམ་འཛིན་བྱ་ཆེད། མཉམ་ལས་ཁང་གིས་ཉིན་རེར་ས་གནས་ཀྱི་མང་ཚོགས50ལྷག་བསྡུས་ནས་ཞོག་ཁོག་འཐུ་བ་དང་རིགས་དགར་བ། ཁུག་མར་འཇུག་པ། སྐྱེལ་འདྲེན་བྱེད་པ་སོགས་ཀྱི་ནང་དུ་ཞུགས་ནས། ཉིན་རེར་ཞོར་ལས་པར་སྒོར་ཁྲི་ཙམ་གྱི་གླ་ཆ་སྤྲད་དེ། སྡེ་དམངས་ལ་རང་ཁྱིམ་སྒོ་ཁར་ཡོང་སྒོ་བཙལ་དུ་བཅུག་ཡོད།

ཞིན་ཧེ་རྫོང་ཆུ་སྔོན་གྲོང་བརྡལ་འབྲས་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལི་པིང་ཡུན་གྱིས་བཤད་རྒྱུར། ཞོག་ཁོག་དམར་པོ་དེས་ང་ཚོའི་ཉེ་འཁོར་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱས་པར་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་ལའང་ནུས་པ་བླ་ལྷག་ཐོན་ཡོད་དེ། སྔོན་དཔག་བྱས་ན་ཡོང་འབབ་སྒོར་ཁྲི20ཡས་མས་ཡོད་ཟེར།

 མི་སེམས་དགའ་བའི་ལོ་ལེགས་བྱུང་ནའང་ཐོན་རྫས་ཕྱིར་འཚོང་དེ་དཀའ་ཁག་ཆེན་པོར་འཕྲད་ཡོད། བསྟུད་མར་སད་ཆགས་པ་དང་ནམ་ཟླ་ཇེ་འཁྱག་ཏུ་སོང་ཚེ། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྒོ་རའི་ནང་དུ་སྤུངས་པའི་ཞོག་ཁོག་ཏུན་བརྒྱ་ཕྲག་ཁ་ཤས་ལ་གནོད་པ་ཐེབས་སྲིད། ལོ་གཅིག་གི་ཐོན་འབབ་ལ་སྲུང་སྐྱོབ་བྱ་ཆེད། མཉམ་ལས་ཁང་གི་འགན་འཁུར་བས་ཚོང་ལམ་མང་པོར་འབྲེལ་གཏུག་དང་ཕྱི་ཕྱོགས་སུ་སྐྱེལ་འདྲེན་བྱེད་པའི་མ་རྩ་དང་བསྡུར་བ་བྱས་ཏེ། གཟའ་འཁོར་གཅིག་གི་ནང་སྡེབ་འཚོང་པ་བརྒྱ་ལྷག་ལ་འབྲེལ་མཐུད་བྱས་ནས་ཉོ་སྒྲུབ་ཀྱི་ཐབས་ལམ་བཙལ་བ་རེད། ས་ཆའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། མང་ཚོགས་ཀྱིས་ཉེ་སར་ཞོར་ལས་གཉེར་བར་སྐུལ་ཁྲིད་བྱེད་པ་ནས་ཁེ་ལས་ཀྱིས་ཐོན་རྫས་ཕྱིར་འཚོང་གཏན་འཇགས་ཡོང་བའི་བར། མཐོ་སྒང་གི་ཞོག་ཁོག་དམར་པོ་དེ་འབྲས་ཐང་སྡེ་བའི་ཁྱད་ལྡན་དམངས་ཕྱུག་ཐོན་ལས་སུ་གྱུར་ཡོད། མིག་སྔར་ཞོག་ཁོག་བསྡུ་བ་དང་བཟང་ངན་དགར་བ། སྐྱེལ་འདྲེན་སོགས་ཀྱི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ནས་མཐོ་སྒང་གི་སྤུས་ལེགས་ཞོག་ཁོག་མང་པོ་ཕྱིར་འཚོང་བྱེད་བཞིན་ཡོད། རྨ་ཆུའི་འགྲམ་རྒྱུད་ཀྱི་ཐོན་ལས་དར་བ་དང་གྲོང་གསེབ་མཛེས་པ། མང་ཚོགས་ཕྱུག་པ་བཅས་ཀྱི་རྣམ་པ་བཟང་བོ་ཆགས་ཡོད།


热门新闻

热门图库

热门排行