མཚོ་སྔོན་གྱིས་བྱ་ཐབས་བཞི་སྤྱད་ནས་རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་ལེན་ཆུ་ཚད་མཐོ་རུ་གཏང་རྒྱུ་རེད།
ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་རིང་། མཚོ་སྔོན་གྱིས་ཞིང་སྡེ་རང་འབབ་ཆུའི་ཁྱབ་ཚད88%ཡན་དང་། གཞི་ཁྱོན་ཅན་གྱི་ཆུའི་མཁོ་འདོན་ཁྱབ་ཚད50%ཡན་ཟིན་པའི་འཕེལ་རྒྱས་དམིགས་ཚད་དུ་བསླེབ་པ་དང་། ཆུའི་མགོ་ཁུངས་ལ་འགན་ལེན་བྱེད་པ་དང་བཟོ་སྐྲུན་རྣམ་པ་ཇེ་ལེགས་སུ་གཏོང་བ། ཆུའི་མཁོ་འདོན་གྱི་སྤུས་ཚད་མཐོ་རུ་གཏོང་བ། འཁོར་སྐྱོད་དོ་དམ་སྲུང་སྐྱོང་ཚད་ལྡན་དུ་གཏོང་བ་བཅས་བྱ་ཐབས་བཞི་ལ་བརྒྱུད་དེ། རོང་འབྲོག་ཁུལ་གྱི་ཆུ་འདོན་འགན་ལེན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏང་རྒྱུ་རེད།
རོང་འབྲོག་ཁུལ་གྱི་ཆུ་འདོན་ལེགས་བཅོས་དང་མཐོར་གཏོང་འགག་སྒྲོལ་བྱ་སྤྱོད་སྒྲིག་འཛུགས་བྱས་ཏེ། བཟོ་སྐྲུན་བྱ་ཐབས་དང་བཟོ་སྐྲུན་མ་ཡིན་པའི་བྱ་ཐབས་ལ་བརྟེན་ནས་རོང་འབྲོག་ཁུལ་གྱི་ཆུ་འདོན་གྱི3+1གི་ཚད་གཞི་ཅན་གྱི་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་བྱེད་སྟངས་དོན་འཁྱོལ་དང་ཞིབ་ཚགས་ཡོང་བར་བྱེད་པ་དང་། བསྐྲུན་ཟིན་པ་དང་སྐྲུན་བཞིན་པའི་ཆུ་འདྲེན་བཟོ་སྐྲུན་དང་ཆུ་མཛོད་སོགས་ཀྱི་སྤུས་ལེགས་བརྟན་པོའི་ཆུ་ཁུངས་ལ་བརྟེན་ནས། ཆུ་འདོན་ཆུ་ཁུངས་ཆུང་གྲས་དང་ཁ་ཐོར་དུ་གནས་པ་དག་ལ་སྐུལ་འདེད་བཏང་ནས། ཆུ་འདོན་གྱི་ཆུ་ཁུངས་བརྟན་པོའི་རང་བཞིན་སྔར་བས་ཇེ་དྲག་ཏུ་གཏོང་བ་དང་། རོང་འབྲོག་ཁུལ་གྱི་ཆུ་འདོན་བཟོ་སྐྲུན་ཆུ་ཁུངས་ལ་དབྱེ་འབྱེད་དང་ལམ་ལུགས་འཛུགས་པ། བཅོས་སྐྱོང་བཅས་ཀྱི་དོ་དམ་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་བྱེད་པ་དང་། ཁྲིམས་ལྟར་ཉེན་བརྡའི་མཚོན་རྟགས་དང་ར་སྐོར་སོགས་འགོག་སྲུང་སྒྲིག་བཀོད་འཛུགས་སྐྲུན་བྱས་ཏེ། ཆུའི་མགོ་ཁུངས་སྲུང་སྐྱོང་ཚད་ལྡན་དུ་གཏོང་བ་དང་། ས་བབ་དང་བསྟུན་པ་དང་རིགས་དབྱེ་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས།གྲོང་ཁྱེར་དང་རོང་འབྲོག་ཁུལ་གྱི་ཆུ་འདོན་གྱི་དགོས་མཁོ་གཅིག་གྱུར་འཆར་འགོད་དང་། ཆུ་འདོན་དྲ་སྦྲེལ་རྒྱ་ཆེར་གཏོང་བར་སྐུལ་འདེད་བཏང་སྟེ། ཆུའི་མགོ་ཁུངས་དང་དྲ་སྦྲེལ། སྤུས་ཚད། ལྟ་སྐུལ་དོ་དམ། ཞབས་ཞུ་གཅིག་མཚུངས་བཅས་རིམ་བཞིན་མངོན་འགྱུར་ཡོང་བར་བྱ་རྒྱུ་རེད།