གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱི་ལོ་ཆུང་གཞོན་ནུའི་ལད་ཟློས་ཁྲིམས་རའི་འགྲན་བསྡུར་ཆེན་མོ་སྐབས་དྲུག་པ་བདེ་བླག་ངང་མཇུག་བསྒྲིལ།


ཟླ10པའི་ཚེས22ཉིན།གུང་གཞོན་ཚོགས་པ་ཁུལ་ཨུས་ཁུལ་སློབ་གསོ་ཅུའུ་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་། ཁུལ་ཁྲིམས་འཛིན་ཅུའུ་བཅས་དང་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་པའི་མཚོ་ལྷོ་ཁུལ་གྱི་ལོ་ཆུང་གཞོན་ནུའི་ལད་ཟློས་ཁྲིམས་རའི་འགྲན་བསྡུར་ཆེན་མོ་སྐབས་དྲུག་པ་བདེ་བླག་ངང་མཇུག་བསྒྲིལ་བ་དང་། ཁུལ་ཡོངས་ཀྱི་རྫོང་ལྔ་དང་ཁུལ་ཁོངས་གཏོགས་ཀྱི་སློབ་འབྲིང་ཁག་ཅིག་རྩ་འཛུགས་བྱས་ནས་འགྲན་བསྡུར་ལ་ཞུགས་པ་དང་ལོ་ཆུང་གཞོན་ནུའི་སློབ་མ170ལྷག་ཙམ་གྱིས་འགྲན་བསྡུར་བྱས་ཏེ་ཁྲིམས་རའི་འདྲི་གཅོད་ཀྱི་ལག་ལེན་ཁྲོད་ཁྲིམས་སྐྱོང་སློབ་གསོ་དང་ལེན་བྱས་པ་རེད།

ཐེངས་འདིའི་འགྲན་བསྡུར་ཆེན་མོར་དམའ་འབྲིང་ཚན་ཁག་དང་མཐོ་འབྲིང་ཚན་ཁག་བཅས་ཚན་ཁག་གཉིས་བཀོད་སྒྲིག་བྱས་ཡོད་པ་དང་། འགྲན་བསྡུར་གྱི་བརྒྱུད་རིམ་དེ་ཁྲིམས་རའི་འདྲི་གཅོད་ཀྱི་ཚད་གཞིར་མཐུན་ཞིང་ཡུལ་དངོས་སུ་གཟབ་ནན་དང་གོ་རིམ་ལྡན་ལ། འགྲན་བསྡུར་ཁྲོད་འགྲན་ཞུགས་སློབ་མས་འདྲི་གཅོད་པ་དང་གཞུང་གཏུག་མཁན། དག་འབུད་མཁན། ཁྲིམས་བཀོད་ཀྱི་ལས་ཚབ་མཁན། ཁྲིམས་ཁང་ཉེན་རྟོག་པ། དཔང་མི་སོགས་ལད་ཟློས་བྱས་ཏེ། ཁྲིམས་རའི་བརྟག་དཔྱད་དང་དཔང་རྟགས་འདོན་པ། ངོ་འཕྲད་ར་སྤྲོད། ཁྲིམས་བཅད་ཁྱབ་བསྒྲགས་སོགས་ཀྱི་གོ་རིམ་ཆ་ཚང་སྤེལ་ཞིང་། འགྲན་ཞུགས་པ་ཚོས་གྱོད་གཞིའི་མདོ་གནད་ལ་དམ་པོར་དམིགས་ནས་བཅའ་ཁྲིམས་ཀྱི་ཤེས་བྱང་བྱང་ཆུབ་པའི་ངང་སྤྱད་དེ། ལྟ་བ་གསལ་འགྲེལ་བྱས་པ་དང་གནས་སྐབས་ཀྱི་ཚུར་སྣང་བརྟན་པོ་ཡོད་པས་རྟོག་དཔྱོད་ཀྱི་ནུས་པ་དང་ཁྲིམས་སྐྱོང་གི་བྱང་ཚད་བཟང་པོ་མངོན་ཡོད། འགྲན་བསྡུར་གྱི་བར་གསེང་དུ་ཁྲིམས་སྐྱོང་གི་སྤྲོ་སྣང་ལྡན་པའི་དྲི་བ་དྲིས་ལན་ལ་ལན་བཏབ་ནས་ཡུལ་དངོས་སུ་སྤྲོ་སྣང་འཕེལ་བར་བྱས་པ་དང་རང་ཁུལ་གྱི་གཞོན་ནུ་ལོ་ཆུང་གིས་ཁྲིམས་ཤེས་པ་དང་ཁྲིམས་སྲུང་བའི་བསམ་པའི་རྣམ་པ་ལེགས་པོ་མངོན་པར་བྱས་ཡོད།

དཔྱད་བསྡུར་ཨུ་ཡོན་ལྷན་ཁང་གིས་འདྲ་མཉམ་དང་དྲང་གཞག ཡོངས་བསྒྲགས་བཅས་ཀྱི་རྩ་དོན་ལྟར་ཁྲིམས་རའི་འདྲི་གཅོད་ཀྱི་གོ་རིམ་དང་ཁྲིམས་སྲོལ་བཀོལ་སྤྱོད། ཚོགས་པའི་མཉམ་ལས། འགྲན་རའི་རྣམ་པ་སོགས་ཀྱི་ཚད་གཞིར་དམིགས་ནས་ཕྱོགས་བསྡུས་དཔྱད་བསྡུར་བྱས་ཤིང་། འགྲན་རྩོད་དྲག་པོ་བྱས་པ་བརྒྱུད་ཐུན་ཏེ་རྫོང་མི་རིགས་སློབ་འབྲིང་དང་པོར་དམའ་འབྲིང་ཚན་ཁག་གི་བྱ་དགའ་ཨང་དང་པོ་ཐོབ་པ་དང་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་མཐོ་རིམ་སློབ་འབྲིང་ལ་མཐོ་འབྲིང་ཚན་ཁག་གི་བྱ་དགའ་ཨང་དང་པོ་ཐོབ། ཞིན་ཧེ་རྫོང་མི་རིགས་ཆ་ཚང་སློབ་འབྲིང་དང་མཚོ་ལྷོ་ཁུལ་མཐོ་རིམ་སློབ་འབྲིང་ལ་དམའ་འབྲིང་དང་མཐོ་འབྲིང་ཚན་ཁག་གི་བྱ་དགའ་ཨང་གཉིས་པ་ཐོབ། གུང་ཧོ་རྫོང་སློབ་འབྲིང་དང་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་ལྔ་པར་དམའ་འབྲིང་དང་མཐོ་འབྲིང་ཚན་ཁག་གི་བྱ་དགའ་ཨང་གསུམ་པ་ཐོབ། བྱེད་སྒོའི་སྟེང་ད་དུང་ཕུལ་བྱུང་རྩ་འཛུགས་ལས་ཁུངས་དང་ཕུལ་བྱུང་མཛུབ་སྟོན་དགེ་རྒན་ལ་གཟེངས་བསྟོད་བྱ་དགའ་གནང་།

ལོ་ཆུང་གཞོན་ནུའི་ལད་ཟློས་ཁྲིམས་ར་ནི་རང་ཁུལ་གྱི་གུང་གཞོན་ཚོགས་པས་བསྒྲུབ་པའི་རྒྱུན་རྣམ་ཅན་གྱི་ཁྲིམས་བརྟེན་མི་སྐྱོང་གི་ཁྱད་ཆོས་ལྡན་པའི་སྤུས་རྟགས་ཤིག་ཡིན་ཞིང་། ད་བར་དུ་བསྟུད་མར་སྐབས་དྲུག་ལ་སྤེལ་བ་དང་། བྱ་འགུལ་གྱིས་སྲོལ་རྒྱུན་གྱི་ཁྲིམས་ལུགས་སྒྲོག་འགྲེལ་བྱེད་སྟངས་བསྒྱུར་ཏེ། ཡུལ་སྣང་ལད་ཟློས་དང་རང་ཉིད་དངོས་སུ་ཞུགས་པའི་ཁྲིམས་ལུགས་ཁྱབ་གདལ་བྱེད་སྟངས་ལ་བརྟེན་ནས། ཁྲིམས་སྐྱོང་སློབ་ཐུན་དེ་ཁྲིམས་རར་གནས་སྤར་ནས། ལོ་ཆུང་གཞོན་ནུ་རྣམས་ལ་ཡུལ་དངོས་སུ་ཁྲིམས་འཛིན་གྱི་ཟིལ་ཤུགས་ཉམས་ལེན་བྱེད་དུ་བཅུག་སྟེ། ཁྲིམས་སྐྱོང་འདུ་ཤེས་སེམས་ལ་འཇགས་པར་བྱས་པ་རེད།


热门新闻

热门图库

热门排行