སྲིད་དོན། 详情

ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས།

 ཟླ10པའི་ཚེས22ཉིན། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་གནས་ཚུལ་ཁྱབ་བསྒྲགས་དང་རྗེས་ཕྱོགས་ཀྱི་བྱ་བར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད་གནང་།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་གྱིས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་བརྒྱུད་རིམ་ལྡན་པའི་ངང་ལན་བཏབ་པ་ལས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད་པས། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་བྱ་དགོས་པ་བཅུ་གཉིས་ཀྱི་ལྟེ་བའི་དོན་སྙིང་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་གོ་བ་ཟབ་མོ་ལེན་པ་དང་། འབྲེལ་བ་གལ་ཆེན་བཞི་རྩོད་སྒྲུབ་ཀྱི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། རང་རྟོགས་ངང་འཐབ་ཕྱོགས་གཅིག་གྱུར་སློབ་སྦྱོང་དང་འཐབ་ཕྱོགས་གཅིག་གྱུར་ཤེས་རྟོགས། འཐབ་ཕྱོགས་གཅིག་གྱུར་བེད་སྤྱོད། འཐབ་ཕྱོགས་གཅིག་གྱུར་དམ་འཛིན་བཅས་བྱས་ཏེ་བསམ་བློའི་ངོས་འཛིན་དེ་རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དངོས་སུ་བསྒྱུར་དགོས་ཞེས་བསྟན།

ཚོགས་འདུ་ལས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཆབ་སྲིད་ལས་འགན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། འཐབ་ཕྱོགས་གཅིག་གྱུར་བྱ་བ་དེ་གོ་གནས་གལ་ཆེན་དུ་བཞག་ནས། རང་འགུལ་ངང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་ཁག་དང་ཞིང་ཆེན་ཏང་ཨུའི་བླང་བྱར་དམ་པོར་དམིགས་ཏེ། འཐབ་ཕྱོགས་གཅིག་གྱུར་གྱི་བསམ་ཕྱོགས་དེ་ཁུལ་ཡོངས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་མཉམ་འདྲེས་ཐུབ་པར་བྱས་ནས་དུས་རབས་གསར་པའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་གཏོང་དགོས། སེམས་ཤུགས་གཅིག་སྒྲིལ་བྱེད་པ་མཐའ་འཁྱོངས་བྱས་ཏེ། མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་རྨང་གཞི་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་དགོས། རིམ་དབྱེ་རིགས་དགར་གྱི་སྣེ་ཁྲིད་ལ་དམ་འཛིན་ཏན་ཏིག་བྱས་ཏེ། བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་རྒྱུན་རྣམ་ཅན་གྱིས་མཛའ་འབྲེལ་བྱ་བ་སྤེལ་བ་དང་། ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བ་གཙོ་གནད་དུ་བཟུང་སྟེ། རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་དང་ཁུལ་ཨུའི་ཐབས་ཇུས་དང་བཀོད་སྒྲིག་སོ་སོའི་སྟེང་གཅིག་གྱུར་ཡོང་བར་ཁྲིད་སྟོན་བྱས་ཏེ། ཐུན་མོང་གི་གཅིག་མཐུན་ངོས་འཛིན་དང་ཐུན་མོང་གི་མཉམ་ཤུགས་ཆགས་པར་བྱ་དགོས། གཙོ་གནད་ལས་རིགས་ལ་དམིགས་ནས་ཁྱབ་ཁོངས་སོ་སོའི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་བཟུང་ནས། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། ཁུལ་ཡོངས་ཀྱི་མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་སྤྱི་ཡོངས་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས། ཕྱོགས་གཅིག་ཏུ་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་བྱ་བའི་རྣམ་པ་ཞིག་གཏོད་པར་ནུས་ཤུགས་འདོན་དགོས། ཏང་ཨུའི་གཅིག་གྱུར་མགོ་ཁྲིད་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་སྣེ་ཁྲིད་མཐུན་སྦྱོར། ཕྱོགས་སོ་སོའི་མཉམ་སྒྲུབ་མཉམ་འགུལ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་འཁོར་སྐྱོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་འགན་འཁྲི་ནན་མོར་བཏང་སྟེ། འཐབ་ཕྱོགས་གཅིག་གྱུར་བྱ་བ་དང་ལས་སྒོའི་བྱ་བ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། ཆེས་གཞི་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་ལྷོའི་ལག་ལེན་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བར་འཐབ་ཕྱོགས་གཅིག་གྱུར་གྱི་སྟོབས་ཤུགས་འབུལ་དགོས་ཞེས་བླང་བྱ་བཏོན།

 ཁུལ་གྱི་མགོ་ཁྲིད་ཀའོ་ཡུང་ཧུང་དང་ཀྲང་ཅུན་ལུའུ། ཏེང་ཧྲེང་ཕེང་། ཀང་ཧྥུའུ། བསོད་ནམས་བདེ་སྐྱིད། ཞུའེ་ཧྲུན་ཡུན། ཀྲའོ་ཧུང་ཚའེ་བཅས་ཚོགས་འདུར་ཞུགས།


热门新闻

热门图库

热门排行