གནད་བསྡུས། 详情

མཚོ་ལྷོ་ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་གཉིས་པ་བསྡུས།

 ཟླ10པའི་ཚེས21ཉིན་ནས་ཚེས22ཉིན་བར། མཚོ་ལྷོ་ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་ཁུལ་གྲོས་ཚོགས་ལྟེ་གནས་སུ་བསྡུས་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མ་ཧྲའོ་ཧྥུའུ་ཡིས་ཚོགས་འདུར་མགོ་འཛིན་གནང་བ་དང་ཀྲུའུ་རེན་གཞོན་པ་ཀུན་བཟང་པདྨ་རྣམ་རྒྱལ། ཀྲུའུ་ལིན། དཀོན་མཆོག་སྐྱབས། དྲུང་ཡིག་ཆེན་མོ་ཝང་ཀུའོ་ཞུན་དང་ཨུ་ཡོན་བཅས་ཁྱོན་བསྡོམས་མི35ཚོགས་འདུར་ཞུགས་ཡོད།

ཚོགས་འདུ་ལས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་ཞིབ་བྱ་རྒྱུར་འབུལ་རྒྱུའི་སྐོར་གྱི་ཁུལ་མི་དམངས་སྲིད་གཞུང་གི་གྲོས་གཞི་དང་དེའི་གསལ་བཤད་ལ་གསན་པ་དང་གྲོས་ཞིབ་བྱས་པ་མ་ཟད། ཁུལ་མི་དམངས་སྲིད་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལས་རིགས་སློབ་གསོའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱས་ཚུལ། 2026ལོའི་དམངས་ཆེན་འཐུས་མིས་འདེམས་ཤོག་འཕངས་ནས་ཐག་བཅད་པའི་སྲིད་གཞུང་གི་དམངས་འཚོའི་དོན་དངོས་ལས་གཞི་སྒྲུབ་ཚུལ། ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་ཚོགས་འདུ་ཐེངས་བདུན་པའི་འཐུས་མིའི་གྲོས་འགོ་དང་སྐྱོན་བརྗོད། བསམ་འཆར་སྒྲུབ་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གསན་ནས་གྲོས་ཞིབ་བྱས་ཤིང་། ཚོགས་འདུ་ལས་ཁུལ་དམངས་ཆེན་གྱི་ཞིང་ཕྱུགས་དང་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རི་སྐྱེས་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་སྲུང་སྐྱོང་དོ་དམ་སྲོལ་ཡིག་གི་འཆར་ཟིན་སྐོར་གྱི་གྲོས་ཞིབ་བསམ་འཆར་དང་། ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བའི་གནས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བརྟག་དཔྱད་ཞིབ་འཇུག་ཚོ་ཆུང་གིས་ཁུལ་ཡོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་མཉམ་ངང་འཕེལ་རྒྱས་འགྲོ་བའི་གནས་ཚུལ་སྐོར་གྱི་བརྟག་དཔྱད་ཞིབ་འཇུག་སྙན་ཞུའི་སྐོར་གྱི་གྲོས་ཞིབ་བསམ་འཆར། ཁུལ་ཡོངས་ཀྱི2024ལོའི་ཁུལ་ཐད་གཏོགས་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཞན་པའི་གཏོང་ཡོང་ལ་རྩིས་བཤེར་བྱས་ཏེ་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྐྱོང་བྱས་ཚུལ་གྱི་སྙན་ཞུའི་གྲོས་ཞིབ་བསམ་འཆར་དང་། ཁུལ་ཡོངས་ཀྱི2024ལོའི་ཁུལ་ཐད་གཏོགས་རིམ་པའི་སྔོན་རྩིས་ལག་བསྟར་དང་ནོར་སྲིད་གཞན་པའི་གཏོང་ཡོང་གི་གནས་ཚུལ་ལ་རྩིས་བཤེར་བྱས་པའི་བྱ་བའི་སྙན་ཞུའི་གྲོས་ཞིབ་བསམ་འཆར་སྒྲུབ་པའི་གནས་ཚུལ་གྱི་སྙན་ཞུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བཅའ་ཁྲིམས་དང་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་སྲོལ་ཡིག  དེ་མིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་ལས་རིགས་སློབ་གསོའི་བཅའ་ཁྲིམས་བཅས་ལག་བསྟར་བྱས་པའི་གནས་ཚུལ་སྐོར་གྱི་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཁུལ་སྐབས་བཅོ་ལྔ་པའི་དམངས་ཆེན་གྲོས་ཚོགས་ཐེངས་བདུན་པའི་འཐུས་མིའི་གྲོས་གཞི་དང་སྐྱོན་བརྗོད། བསམ་འཆར་བཅས་སྒྲུབ་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས།

   ཚོགས་འདུ་ལས་ཡོའུ་ཝེ་ལི་ཡི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་འཐུས་མིའི་ལས་འགན་དགོངས་ཞུ་དང་ལེན་བྱས་པའི་གྲོས་ཆོད་ལ་བརྡས་ཐག་བཅད་དེ་འཐད་པ་བྱུང་བ་དང་། ལི་རུའུ་དབྱི་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་འཐུས་མིར་ཁ་གསབ་བདམས་ཐོན་བྱུང་། མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་བརྡས་ཐག་བཅད་ནས་འཐད་པ་བྱུང་བར་མ་ཟད། གསར་དུ་བསྐོ་བཞག་བྱས་པའི་བློ་མཐུན་ལ་བསྐོ་བཞག་དཔང་ཡིག་གནང་སྟེ་རྩ་ཁྲིམས་ཀྱི་དམ་བཅའ་འཇོག་པར་རྩ་འཛུགས་བྱས། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀྲའོ་ཧུང་ཚའེ་དང་ཁུལ་མི་དམངས་ཁྲིམས་ཁང་གི་མགོ་གཙོ་ཀྲང་ཅིང་། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་མགོ་གཙོ་ལིའུ་ཅན་ཀྲི  ཁུལ་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་ཁུར་བ། ཁུལ་སྲིད་གཞུང་ཁོངས་གཏོགས་སྡེ་ཁག་གི་འགན་ཁུར་བ་གཙོ་བོ་ཁག་ཅིག་དང་། ཀོས་ནན་རྫོང་དང་ཐུན་ཏེ་རྫོང་གི་ཁུལ་རིམ་པའི་དམངས་ཆེན་གྱི་འཐུས་མི4བཅས་ཚོགས་འདུར་ཟུར་ཞུགས་བྱས།


热门新闻

热门图库

热门排行