གནད་བསྡུས། 详情

མཚོ་ལྷོ་ཁུལ་དྲིལ་སྒྲོག་བསམ་བློ་རིག་གནས་སྡེ་ཁག་གིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་རི་འཛེག་བྱ་འགུལ་སྤེལ།

ཟླ10པའི་ཚེས10ཉིན། མཚོ་ལྷོ་ཁུལ་དྲིལ་སྒྲོག་བསམ་བློ་རིག་གནས་སྡེ་ཁག་གིས་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བའི་རི་འཛེག་བྱ་འགུལ་དེ་ཁུལ་མི་རིགས་ལུས་རྩལ་ར་བ་ནས་སྤེལ་མགོ་བརྩམས་ཤིང་། བྱ་འགུལ་ནང་གཅིག་བསྡུས་སློབ་སྦྱོང་ཞིབ་འཇུག་དང་རི་འཛེག་གི་རྣམ་པ་སྤྱད་དེ། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར90ལོན་པར་རྗེས་དྲན་བྱས་པ་དང་། གསར་བརྗེ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་དུ་བཏང་།

 བྱ་འགུལ་གྱི་ཐོག་མའི་དུས་རིམ་དུ། མི་སྣ་ཡོངས་ཀྱིས་གཅིག་བསྡུས་ཐོག་སློབ་སྦྱོང་ཞིབ་འཇུག་བྱ་འགུལ་སྤེལ་ཞིང་། དམར་དམག་རྒྱང་སྐྱོད་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་གློག་བརྙན《རི་ཀླུང་ཁྲི་ཕྲག》ཅེས་པར་མཉམ་དུ་བལྟས་ནས། གསར་བརྗེའི་རྒྱང་སྐྱོད་ཀྱི་དཀའ་ཚེགས་ཆེ་ཞིང་གཟི་ཉམས་ལྡན་པའི་ལོ་ཟླར་ཕྱིར་དྲན་བྱས། ཁུལ་ཨུའི་ཏང་གི་སློབ་གྲྭའི་མཐོ་རིམ་དགེ་རྒན་ཆེན་མོ་ལིས་ཝུན་དབྱིན་གྱིས《རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས》ཞེས་པའི་ཆེད་དོན་སློབ་ཁྲིད་གནང་ནས། དྲིལ་སྒྲོག་བསམ་བློ་རིག་གནས་འཐབ་ཕྱོགས་ཀྱི་ལས་བྱེད་པ་དང་ལས་བཟོ་པར་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་ཁྲིད་སྟོན་བྱས་ཏེ། སློབ་སྦྱོང་གི་གྲུབ་འབྲས་དེ་དྲིལ་སྒྲོག་བྱ་བའི་དངོས་ཡོད་ཕན་འབྲས་སུ་བསྒྱུར་ནས། ཐོས་བསམ་སྒོམ་གསུམ་དང་ཤེས་སྤྱོད་ཟུང་འབྲེལ་ཐུབ་པར་བྱས། སློབ་སྦྱོང་ཞིབ་འཇུག་མཇུག་སྒྲིལ་རྗེས། མི་སྣ་ཡོངས་ཁུལ་མི་རིགས་ལུས་རྩལ་ར་བར་འདུས་ཤིང་། བརྡ་བཏང་བ་དང་བསྟུན་ནས་རི་འཛེག་བྱ་འགུལ་དངོས་སུ་མགོ་བརྩམས།

ཚང་མ་བདེ་སྐྱིད་ཐང་གི་ཀྱག་ཀྱོག་གི་རི་ལམ་བརྒྱུད་དེ་མདུན་དུ་བསྐྱོད་ཅིང་། ལམ་བར་དུ་སྟོན་ཁའི་ཡུལ་ལྗོངས་ལ་རོལ་མྱོང་བྱེད་བཞིན་ལོ་ན་ཆུང་བའི་ལས་གྲོགས་རྣམས་དཔའ་ངར་ཆེན་པོས་མདུན་དུ་རྒྱུག་པ་དང་། ལོ་ན་ཅུང་ཆེ་བའི་བློ་མཐུན་རྣམས་ཀྱང་ཧུར་ཐག་གིས་མདུན་དུ་བསྐྱོད་དེ་ཕན་ཚུན་ལ་སྐུལ་ལྕག་དང་རམ་འདེགས་བྱས། ཐེངས་འདིའི་རྐང་ཐང་ལམ་ཐིག་ཏུ་མགོ་འཛུགས་ས་དང་ལམ་བར་གྱི་དཔང་རྟགས་འགོད་ས། རི་རྩེའི་མཇུག་སྡུད་ས་བཅས་གནས་གསུམ་བཀོད་སྒྲིག་བྱས་ཡོད་ཅིང་། བྱ་འགུལ་ནང་སྐྱེས་པ་དང་སྐྱེས་མའི་ཚན་ཆུང་གི་དབྱེ་བ་ཕྱེ་སྟེ། རི་རྩེར་སླེབས་པའི་སྔ་ཕྱིའི་གོ་རིམ་ལྟར་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་དང་ཕུལ་བྱུང་གི་བྱ་དགའ་བཅས་སྤྲད་པ་རེད།

ཐེངས་འདིའི་བྱ་འགུལ་བརྒྱུད་ནས་གསར་བརྗེའི་སློབ་གསོ་དང་དགུ་བའི་ཚེས་དགུའི་རི་འཛེག་གི་སྲོལ་རྒྱུན་གོམས་སྲོལ་ཟུང་འབྲེལ་བྱས་ཏེ།  རྐང་ཐང་དུ་བགྲོད་ནས་ཏང་གཤིས་སྐྱེད་སྲིང་དང་གཟུགས་པོར་སྦྱོང་བརྡར་བྱས་པ་དང་། ཁུལ་གཏོགས་དྲིལ་སྒྲོག་བསམ་བློ་རིག་གནས་དཔུང་ཁག་གི་མཉམ་ཤུགས་སྔར་བས་གཅིག་ཏུ་སྒྲིལ་བ་དང་རྒྱ་ཆེའི་ལས་བྱེད་ལས་བཟོ་པར་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བའི་འགན་འཁྲི་འཁུར་དགོས་པའི་སྐུལལྕག་གནང་།

 མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་བཟོ་བ་ཅི་ཝུན་ཧྭ་ཡིས་བཤད་རྒྱུར། དེ་རིང་རང་ཉིད་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་ཞེས་པའི་རི་འཛེག་བྱེད་སྒོར་ཞུགས་པ་ཡིན་ལ་དོན་སྙིང་ཆེན་པོ་ལྡན། ཕྱོགས་གཅིག་ནས་རི་མགོར་འཛེག་ནས་རྒྱང་ལྟ་བྱེད་ཆོག་པ་དང་ཕྱོགས་གཞན་ཞིག་ནས་རྒྱང་སྐྱོད་ཀྱི་སྙིང་སྟོབས་ལ་མྱོང་ཚོར་བྱེད་ཐུབ། གསར་འགྱུར་ལས་སྒྲུབ་པ་ཞིག་ཡིན་པའི་ཆ་ནས་རྗེས་ཕྱོགས་ངས་ཐེངས་འདིའི་དོན་སྙིང་ལྡན་པའི་བྱེད་སྒོ་དེ་སེམས་སུ་བརྟན་པོར་ངེས་ནས་ང་ཚོའི་གསར་བརྗེའི་གཏམ་རྒྱུད་ཡག་པོ་བརྗོད་པ་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་མུ་མཐུད་དུ་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ཡིན་ཟེར།


热门新闻

热门图库

热门排行