གནད་བསྡུས། 详情

སྐབས་བཅོ་ལྔ་པའི་ཁུལ་ཨུའི་སྐོར་ཐེངས་དང་པོའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།

 ཟླ10པའི་ཚེས20ཉིན། སྐབས་བཅོ་ལྔ་པའི་ཁུལ་ཨུའི་སྐོར་ཐེངས་དང་པོའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་དང་། སྐབས་གསར་པའི་ཁུལ་ཨུའི་སྐོར་ཞིབ་བྱ་བ་སྤེལ་མགོ་བརྩམས་ཏེ།སྤུས་མཐོའི་ཆབ་སྲིད་སྐོར་ཞིབ་ལ་བརྟེན་ནས་ཁུལ་ཡོངས་སྤུས་མཐོའི་འཕེལ་རྒྱས་ཡོང་བར་འགན་ལེན་བྱ་རྒྱུ་རེད། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཁག་གི་ཚན་གཙོ་ཞུང་ཡོན་ལའེ་ཚོགས་འདུར་ཞུགས་ནས་གཏམ་བཤད་སྤེལ།

ཚོགས་འདུ་ལས་ཐེངས་འདིའི་སྐོར་ཞིབ་ནི་སྐབས་བཅོ་ལྔ་པའི་ཁུལ་ཨུའི་ལས་འགན་སྒྲུབ་མགོ་ཚུགས་པའི་དུས་རིམ་དུ་སྤེལ་བའི་ཆབ་སྲིད་ཀྱི་སྐོར་ཞིབ་ཐོག་མ་དང་། སྐབས་གསར་པའི་ཁུལ་ཨུས་ཕྱོགས་ཡོངས་གཟབ་ནན་གྱིས་ཏང་སྐྱོང་བ་དང་། ཆབ་སྲིད་ཀྱི་ཁོར་ཡུག་གཙང་སེལ་བཟོ་བ། སྲིད་སྐྱོང་རྨང་གཞི་བརྟན་པོར་གཏོང་བ་བཅས་ལ་སྐུལ་འདེད་བྱེད་པའི་བྱ་བཞག་ཞིག་ཀྱང་ཡིན་པས། ཐེངས་འདིའི་སྐོར་ཞིབ་བྱ་བ་ལེགས་པོར་བསྒྲུབ་པར་ཚད་གཞི་མཐོ་ལ་དོན་སྙིང་གལ་ཆེན་ལྡན་པ་དང་། སྐོར་ཞིབ་ཚན་ཁག་སོ་སོས་ཁུལ་ཨུའི་ལས་བགོས་བཀོད་སྒྲིག་དང་སྐོར་ཞིབ་བྱ་བའི་འབྲེལ་ཡོད་བླང་བྱ་ལྟར། ནན་ཏན་གྱིས་འགན་འཁྲི་སྒྲུབ་པ་དང་བྱ་བ་སྤེལ་ནས། སྤུས་ཚད་མཐོ་ལ་ཚད་གཞི་མཐོ་བའི་ངང་ནས་སྐོར་ཐེངས་འདིའི་སྐོར་ཞིབ་འོས་འགན་ལེགས་འགྲུབ་བྱ་དགོས་ཞེས་བསྟན།

 ཚོགས་འདུ་ལས་ཆབ་སྲིད་སྐོར་ཞིབ་གྱི་གཞི་རྩའི་ངེས་གནས་ཁོང་དུ་ཆུད་པར་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཆབ་སྲིད་ཀྱི་ཁོར་ཡུག་གཙང་སེལ་དང་འཕེལ་རྒྱས་ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པ། དམངས་ཚིས་བདེ་སྐྱིད་འགན་སྲུང་བྱེད་པ། གཞི་རིམ་བཅོས་སྐྱོང་སྲ་བརྟན་དུ་གཏོང་བ་བཅས་དམིགས་འབེན་དུ་བཟུང་སྟེ། སྐོར་ཞིབ་ལྟ་སྐུལ་ཆེན་མོར་བརྟེན་ནས་འགན་འཁྲི་ལག་བསྟར་བྱས་ཏེ། སྐོར་ཐེངས་དང་པོའི་སྐོར་ཞིབ་ལ་ཟིལ་ཤུགས་ཡོད་པ་དང་ཕན་འབྲས་ཡོད་པ། སྲོལ་གསར་ཡོད་པ་བཅས་འགན་ལེན་བྱ་དགོས། ཆབ་སྲིད་ལ་བློ་དཀར་བ་དང་ཏང་ལ་དོ་དམ་དང་ཏང་སྐྱོང་བ། གཞི་རིམ་བཅོས་སྐྱོང་། བཅོས་སྐྱོང་ལག་བསྟར། དེ་མིན་ཁུལ་ཨུའི་ལྟེ་གནས་བྱ་བ་བཅས་ལ་དམིགས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཅན་བཅུའི་ཏང་འཛུགས་སྐྱོང་། གཉིས་འབྲེལ་མཉམ་བསྐྲུན། དམངས་ཕན་དམངས་བདེ་དམངས་ཕྱུག་སྲིད་ཇུས་བཅས་ལག་བསྟར་བྱེད་པའི་གནས་ཚུལ་གྱི་ལྟ་སྐུལ་ལ་ཤུགས་བསྣན་ཏེ། ལག་བསྟར་ནན་མོ་བྱེད་ཀྱི་མེད་པ་དང་ཕྱི་ཚུལ་རིང་ལུགས་ཀྱི་སྒོ་ནས་བྱ་བ་སྒྲུབ་པ། ཆབ་སྲིད་ཀྱི་སྲིད་འབྲས་ལྟ་བ་མི་ལེགས་པ། རྫུན་བཟོ་བྱེད་པ། བར་ཆད་བཟོ་བ། འགན་མི་འཁུར་བ་སོགས་འབུར་དུ་ཐོན་པའི་གནད་དོན་ལ་རྩད་ཞིབ་ནན་མོ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་དག་ཆད་ལུས་མེད་པར་ལག་བསྟར་བྱེད་པར་འགན་ལེན་བྱ་དགོས། མིག་སྔའི་སྐོར་ཞིབ་བྱ་བའི་ཐད་གནས་པའི་མི་འདང་ས་དང་ཞན་ཆར་ངོས་འཛིན་གསལ་བོ་བྱེད་པ་དང་།སྐོར་ཐེངས་དང་པོའི་སྐོར་ཞིབ་ཀྱི་གཙོ་གནད་ལས་འགན་ལ་དམིགས་ནས་སློབ་སྦྱོང་གསོ་སྦྱོང་དང་། དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། མཉམ་སྒྲུབ་མཉམ་འགུལ། སྤྱོད་ཚུལ་དང་སྒྲིག་ཁྲིམས་འཛུགས་སྐྱོང་བཅས་ཀྱི་བྱེད་ཤུགས་ཆེ་རུ་བཏང་ནས་སྐོར་ཞིབ་བྱ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་སྐབས་བཅོ་ལྔ་པའི་ཁུལ་ཨུའི་སྐོར་ཐེངས་དང་པོའི་སྐོར་ཞིབ་ཚན་ཁག་གི་ཚན་གཙོའི་དབང་སྤྲད་དང་ལས་འགན་ཁག་བགོས་ཀྱི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དང་། ཚོགས་འདུའི་སྔོན་ལ་གཅིག་སྡུད་སྒོས་ལས་སྒོའི་གསོ་སྦྱོང་སྤེལ།

ཐེངས་འདིའི་སྐོར་ཞིབ་ནི་ཟླ10པའི་ཚེས20ཉིན་ནས་མགོ་བརྩམས་ཏེ་དུས་ཡུན་ཟླ་གསུམ་གྱི་རིང་ལ་སྤེལ་རྒྱུ་རེད། ཁུལ་ཨུས་སྐོར་ཞིབ་ཚན་ཁག4མངགས་ཏེ། སྡེ་བ་རིམ་པའི་ཏང་རྩ་འཛུགས5ལ་རིམ་སྤོར་སྐོར་ཞིབ་དང་། ཁུལ་གཏོགས་ལས་ཁུངས3དང་མང་ཚོགས་ཚོགས་པའི་རྩ་འཛུགས3ལ་རྒྱུན་ལྡན་གྱི་སྐོར་ཞིབ་བྱ་རྒྱུ་རེད།

ཁུལ་གྱི་མགོ་ཁྲིད་ལི་ཝེ་དང་བསོད་ནམས་བདེ་སྐྱིད་ཚོགས་འདུར་ཞུགས།


热门新闻

热门图库

热门排行