མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་གཅིག་བསྡུས་ངང་དྲིལ་སྒྲོག་བྱེད་པའི་ལས་དོན་སྤེལ་བ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཡོངས་ལ་ཁེབས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་བཅའ་ཁྲིམས》ཆེད་དོན་སྒྲོག་འགྲེལ་རེ་རེ་མཚོ་སྔོན་གྱིས་ཕྱོགས་ཡོངས་ནས་སྤེལ། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཆེད་དོན་སྒྲོག་འགྲེལ་ཚོགས་པ་བཙུགས་ཏེ། ཟླ9པའི་ཟླ་མགོར་སྒྲོག་འགྲེལ་མགོ་བརྩམས་པ་དང་། བསྡོམས་པས་གཅིག་བསྡུས་སྒྲོག་འགྲེལ་ཐེངས130ལྷག་བྱས་ཤིང་། སྒྲོག་འགྲེལ་ནི་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར8དང་། རྫོང་དང་གྲོང་ཁྱེར། ས་ཁུལ་ཁ་ཤས། ཤང་དང་གྲོང་རྡལ། ཆོས་ལུགས་བྱེད་སྒོ་སྤེལ་ས་གཙོ་བོ་བཅས་ལ་ཁེབས་པར་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་པུའུ་ཨུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས། ཞིང་ཆེན་ལ་གཏོགས་པའི་མཐོ་སློབ། རྒྱལ་གཉེར་ཁེ་ལས་བཅས་ལའང་ཁེབས་ཏེ། ཡུལ་ཁོངས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱུང་།
ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁུངས་མིས་ཁུལ་གཅིག་དང་རྫོང་གཅིག ཤང་དང་གྲོང་རྡལ་གཅིག ཆོས་ལུགས་བྱེད་སྒོ་སྤེལ་ས་གཅིག་བཅས་རེ་རེ་བཞིན་ཕྲེང་འབྲེལ་ཡོངས་ནས་སྒྲོག་འགྲེལ་བྱས་པ་དང་། ཁུལ་དང་གྲོང་ཁྱེར་སོ་སོའི་འགན་འཁུར་པས་མངའ་ཁོངས་ཀྱི་རྫོང་དང་ས་ཁུལ་སོ་སོ་དང་། ཤང་དང་གྲོང་རྡལ་སོ་སོ། ཆོས་ལུགས་བྱེད་སྒོ་སྤེལ་ས་སོ་སོ་བཅས་ནས་སྒྲོག་འགྲེལ་ལས་དོན་དངོས་འབེབས་བྱས་པ། འཕྲེད་ཕྱོགས་ནས་མཐའ་ལ་སླེབ་པ་དང་གཞུང་ཕྱོགས་ནས་མཐིལ་ལ་སླེབ་པ་མངོན་འགྱུར་བྱས་ཏེ། ཡུལ་ཁོངས་ཡོངས་ནས་གཅིག་ཀྱང་མ་ལུས་པར་སྒྲོག་འགྲེལ་བྱས། མང་ཚོགས་དབྱེ་བགོ་ཅན་དང་དམིགས་འབེན་རྣམ་པའི་སྒྲོག་འགྲེལ་རྣམ་པ་གསར་གཏོད་བྱས་པ་དང་། ལས་ཁུངས་དང་ཁེ་ལས། སྡེ་བ། སྡེ་ཁུལ། ཆོས་ལུགས་བྱེད་སྒོ་སྤེལ་ས་སོགས་སུ་ཟབ་འཇུག་བྱས་པ། ལས་ཁུངས་ཀྱི་ལས་བྱེད་པ་དང་ཆོས་ལུགས་མི་སྣ། ན་གཞོན་ལོ་ཆུང་སོགས་མི་ཚོགས་མི་འདྲ་བར་ཁ་གཏད་པ། སྐད་གཉིས་དང་མང་ཚོགས་ཀྱི་གོ་ཐུབ་པའི་ཡུལ་སྐད། ཡུལ་བབ་ལ་ཁྱབ་པའི་དཔེ་གཞི་གསོན་པོ་བཅས་བེད་སྤྱད་པ། དཔེ་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བ་དང་ཡུལ་དངོས་ནས་དོགས་གཞི་ལ་ལན་འདེབས་པ། ཁྲིམས་ཁྱབ་རྒྱུ་ཆ་འགྲེམ་པ་སོགས་ཀྱི་རྣམ་པས་ཟུར་བརྒྱན་པ། བཅའ་ཁྲིམས་ཀྱི་ཚན་ཡིག་རགས་ཞིབ་གང་འཚམ་གྱིས་ཀློག་འགྲེལ་བྱས་པ། གོ་སླ་འཛིན་བདེ་དང་གཞི་རིམ་དངོས་ཡོད་ལ་ཉེ་བར་བཅར་བ་སྒྲུབ་ཐུབ་པར་བྱས་ཏེ། ཁྲིམས་སྐྱོང་སྙིང་སྟོབས་མི་སེམས་ལ་འཇགས་པར་བྱས།
སྒྲོག་འགྲེལ་ལ་ཞིབ་ཏུ་མཉན་རྗེས། ཚང་མས་མགྲིན་གཅིག་ཏུ། ཐེངས་འདིའི་ཆེད་དོན་སྒྲོག་འགྲེལ་བརྒྱུད་ནས། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ཀྱི་སྲིང་ཤིང་དོན་གནད་ལ་གོ་བ་སྔར་ལས་ཟབ་མོ་ལོན་པ་དང་། མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་ཡིན་པའི་ངེས་ཤེས་ཟབ་མོ་སྐྱེས། རྗེས་ཕྱོགས་རང་རྟོགས་ཀྱིས་བཅའ་ཁྲིམས་སློབ་སྦྱོང་པ་དང་དྲིལ་སྒྲོག་པ། ལག་ལེན་པ་བཅས་ཡག་པོ་བྱས་ནས། བཅའ་ཁྲིམས་བསླབས་པའི་གྲུབ་འབྲས་དེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་དངོས་ཡོད་འགུལ་སྐྱོད་དུ་བསྒྱུར་རྒྱུ་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་དང་། མི་རིགས་མཐུན་སྒྲིལ་གྱི་ཚེ་སྲོག་བློ་སེམས་གཅིག་མཐུན་སྒོས་ལེགས་པར་བསྲུངས་ནས། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མི་རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་འདུས་ཤུགས་ཆེན་མོ་གཅིག་སྡུད་བྱ་རྒྱུ་ཡིན་པའི་བསམ་ཚུལ་བསྟན། །