གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱིས་རྒན་བཀུར་བདེ་ཐང་གི་རྐང་བགྲོད་བྱེད་སྒོ་སྐབས་བཞི་པ་སྤེལ།

འབྲས་ལྡན་སྟོན་ཀའི་དུས་འདིར། རྒན་པར་བརྩེ་སེམས་ཟབ་མོ་སྦྱིན། རྒྱལ་ཡོངས་ཀྱི་རྒན་བཀུར་ཟླ་བ་ཐེངས་བཅུ་བདུན་པའི་རིང་མཚོ་ལྷོ་ཁུལ་གྱིས་རྒན་བཀུར་བདེ་ཐང་གི་རྐང་བགྲོད་བྱེད་སྒོ་སྐབས་བཞི་པ་སྤེལ་ཏེ་ལུས་རྩལ་དང་ལུས་སྦྱོང་གི་རྣམ་པར་བརྟེན་ནས་རྒན་བཀུར་སྲོལ་རྒྱུན་དར་སྤེལ་དུ་བཏང་སྟེ་རྒན་པའི་རྣམ་པ་ལེགས་པོ་མངོན་པར་བྱས།

ཟླ10པའི་ཚེས19ཉིན། མཚོ་ལྷོ་ཁུལ་གྱིས་ཁེ་དབང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་རྒན་པའི་བདེ་ཐང་སྲུང་སྐྱོང་བྱེད་ཅེས་པའི་རྒན་བཀུར་ཟླ་བའི་མུ་འབྲེལ་བྱེད་སྒོ་དང་རྒན་བཀུར་བདེ་ཐང་གི་རྐང་བགྲོད་བྱེད་སྒོ་སྐབས་བཞི་པ་མཚོ་ལྷོ་ཁུལ་མི་རིགས་ལུས་རྩལ་ར་བར་སྤེལ་མགོ་བརྩམས་ཤིང་། ཐེངས་འདིའི་བྱེད་སྒོ་ནི་ཁུལ་དམངས་སྲིད་ཅུའུ་དང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་མཉམ་འབྲེལ་སྒོས་གཙོ་གཉེར་བྱས་ཤིང་། གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་གྱི་སྡེ་ཁུལ་ཁག་གི་རྒན་པ150ཡིས་གཏན་འཁེལ་ལམ་ཐིག་བརྒྱུད་དེ་རྐང་བགྲོད་བྱས་ཏེ། ལུས་རྩལ་ལ་བརྟེན་ནས་རྒན་པའི་བདེ་ཐང་སྲུང་སྐྱོང་བྱས་ནས་རྒན་བཀུར་རྒན་གཅེས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་པ་རེད།

མང་ཚོགས་ཁྲེན་ཆིང་གིས་བཤད་རྒྱུར། དེ་རིང་ཧ་ཅང་དགའ་པོ་བྱུང་། ཁ་སང་ནི་དགུ་པའི་ཚེས་དགུའི་རྒན་བཀུར་དུས་ཆེན་ཡིན་པ་དང་། དེ་རིང་གྲོགས་པོ་ཚོ་དང་མཉམ་དུ་རྐང་བགྲོད་བྱེད་སྒོར་ཞུགས་པ་ཡིན་པས་ལུས་པོ་ཡོངས་བདེ་པོ་འདུག

ད་ཆ་སྡེ་ཁུལ་གྱི་རྒན་བཀུར་ཞབས་ཞུ་སྔར་བས་བཟང་བ་དང་། མགོ་སྐོར་ལ་རྒོལ་བ་དང་བདེ་ཐང་གི་ཤེས་བྱ་ཡང་འགྲེལ་བཤད་གསལ་པོ་བྱས་ཡོད་པས་ང་ཚོ་རྒན་པ་རྣམས་ཀྱི་ཁེ་དབང་ལ་དོ་དམ་བྱེད་མཁན་ཡོད་པ་དང་བདེ་ཐང་ལ་འགན་སྲུང་ཡོད་པས་སེམས་རྩ་བརྟན་ཞིང་འཚོ་བ་སྔར་བས་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཟེར། 

   བྱེད་སྒོ་སྤེལ་སར་གྲོགས་པོ་རྒན་པ་ཚོའི་བསམ་པའི་རྣམ་པ་ལེགས་ཤིང་མཉམ་དུ་རྐང་བགྲོད་ལམ་ཐིག་ཏུ་བསྐྱོད་དེ་རྐང་བགྲོད་ཀྱི་གོ་རིམ་ཁྲོད་དུ་རང་བྱུང་ཁམས་དང་ཉེ་བར་བཅར་བ་དང་ལུས་སེམས་ལྷོད་གཡེང་བྱས་ཤིང་། རྒྱུས་ལོན་བྱུང་བ་ལྟར་ན་རྒན་བཀུར་བདེ་ཐང་གི་རྐང་བགྲོད་བྱེད་སྒོ་ནི་རང་ཁུལ་གྱི་རྒན་བཀུར་ཟླ་བའི་གཙོ་གནད་སྤུས་རྟགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་ཞིག་ཡིན་པ་དང་། དེ་ནི་རྒན་བཀུར་རིག་གནས་དར་སྤེལ་དུ་གཏོང་བ་དང་རྒན་པའི་ཚོགས་སྤྱིར་གུས་བཀུར་ཞུ་བའི་བྱེད་ཐབས་ཡག་པོ་ཞིག་ཡིན་ལ། བདེ་ཐང་ཡར་ཐོན་གྱི་ཚེ་མཇུག་གི་འཚོ་བ་རོལ་སྟངས་ཀྱང་ཇེ་ལེགས་སུ་བཏང་ནས་རྒན་པ་རྣམས་ཀྱིས་ཕྱི་རོལ་དུ་གཟུགས་པོ་བདེ་ཐང་ཡོང་བར་བྱས་ཏེ། རྒས་དུས་སྤྲོ་སྐྱིད་ལྡན་པ་དང་རྒུས་དུས་ལུས་སྦྱོང་ཡོད་པ། ཧུར་བརྩོན་ཡར་ཐོན་བཅས་ཀྱི་དུས་རབས་གསར་པའི་རྒན་པའི་རྣམ་པ་གང་ལེགས་སྒོས་མཚོན་པར་བྱས།

མཚོ་ལྷོ་ཁུལ་དམངས་སྲིད་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་གཞོན་པ་ཚེ་རིང་བཀྲ་ཤིས་ཀྱིས་བཤད་རྒྱུར། མཚོ་ལྷོ་ཁུལ་གྱི2026ལོའི་ཁེ་དབང་འགན་སྲུང་ལ་ཤུགས་བསྣན་ཏེ། རྒན་པའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པ་ཞེས་པའི་རྒན་བཀུར་མུ་འབྲེལ་བྱ་འགུལ་སྤེལ་བ་ལས། སྔར་ལས་ལྷག་པའི་སྒོ་ནས་རྒན་བཀུར་དང་རྒན་གཅེས་ཀྱི་སྲོལ་རྒྱུན་ལེགས་པོ་དར་སྤེལ་བྱས་པས། རྒྱ་ཆེའི་རྒན་པ་ཚོགས་ཁག་གི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་མཐོར་འདེགས་སུ་བཏང་ནས། རང་ཁུལ་གྱི་རྒན་པའི་ལས་དོན་སྤུས་མཐོའི་འཕེལ་རྒྱས་ཡོང་བར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཡོད་ཟེར།


热门新闻

热门图库

热门排行