སྲིད་དོན། 详情

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་ཚོགས་འདུ་ཐེངས3པ་བསྡུས།

2026-10-21 15:21:24 来源: 作者:པདྨ་མ་ཚེ་རིང་། 编辑:བུ་མོ་མཆོག

ཟླ10པའི་ཚེས19ཉིན་ཏང་ཙུའུ་ཧྲུའུ་ཅི་ཚེ་བརྟན་སྒྲོལ་མའི་མངག་བཅོལ་ལྟར་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཀྲང་ཏི་ཞན་གྱིས་ཁུལ་སྐབས་བཅུ་དྲུག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཚོགས་འདུ་ཐེངས3པར་མགོ་འཛིན་བྱས་ནས་བསྡུས།

ཚོགས་འདུ་ལས་ཞི་ཅིན་ཕིང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གླེང་བ་ཞེས་པའི་ལེའུ་ཁག་ཅིག་གི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར77ལོན་པར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་དང་། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། འཛམ་གླིང་ནུས་རྩལ་འགྲན་བསྡུར་ཆེན་མོ་སྐབས48པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་གལ་ཆེན་དང་སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན། ཟླ9པའི་ཚེས21ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་ཚོགས་འདུའི་དགོངས་དོན། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས་ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་བྱེད་ཐབས་ལ་བཟོ་བཅོས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ། ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་ཚོགས་འདུའི་དགོངས་དོན་བཅས་ལ་སློབ་སྦྱོང་བརྒྱུད་བསྒྲགས་བྱས།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡིག་ཆ་གལ་ཆེན་གྱི་དགོངས་དོན་བཅས་ནི་ཁྲིམས་འཛུགས་བྱ་བའི་ཁ་ཕྱོགས་ཀྱི་རྩ་དོན་དང་འབྲེལ་བ་ཡོད་པར་མ་ཟད། ཁྱོན་ཡོངས་ལ་ཞབས་ཞུ་བསྒྲུབ་པའི་འོས་འགན་གཙོ་བོ་དང་འཐུས་མིའི་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བར་ཡང་འབྲེལ་བ་ཡོད་པས། དུས་རབས་གསར་པའི་དམངས་ཆེན་བྱ་བ་ལེགས་པོར་བསྒྲུབ་པའི་རྩ་དོན་གལ་ཆེན་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་ཡིན་ཞིང་། བྱ་བའི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། སློབ་སྦྱོང་ལག་ལེན་བྱེད་ས་དང་མགོ་རྩོམ་ས། གཞི་འཛིན་ས་བཅས་འཚོལ་ཞིབ་གང་ལེགས་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་འགན་ནུས་སྒྲུབ་པ་དང་ལག་བསྟར་སྐུལ་འདེད་བྱེད་པའི་ལག་ལེན་དངོས་སུ་བསྒྱུར་དགོས་ཞེས་བསྟན།

ཚོགས་འདུ་ལས་ལོ་མཇུག་གི་བྱ་བའི་སྤྱི་བསྡོམས་དང2027ལོའི་བྱ་བའི་འཆར་འགོད་དམ་འཛིན་བྱ་དགོས་ཏེ། ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོས་ལོ་རེའི་བྱ་བའི་འཆར་གཞི་ལྟར་ལེགས་པོར་བསྒྲུབ་སྟེ།  ནན་ཏན་གྱིས་སྤྱི་བསྡོམས་དང་ཆད་ལྷག་གསབ་སྣོན། དུས་ཚོད་དམ་འཛིན། འཕེལ་རིམ་ཇེ་མགྱོགས་བཅས་བྱས་ཏེ།  ལོ་རེའི་འོས་འགན་བདེ་བླག་ངང་ལེགས་འགྲུབ་འབྱུང་བར་འགན་ལེན་བྱ་དགོས།  དུས་མཚུངས་སུ། ཞིང་ཆེན་དམངས་ཆེན་གྱི་ཁ་གཏད་ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གི་འབྲེལ་མཐུད་ལ་ཤུགས་བསྣན་ནས། ཁུལ་གྱི་ཐེངས་བཅོ་ལྔ་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གཞིར་བཟུང་སྟེ།  མཚོ་ལྷོ་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་ཆེན་གྱི་ལྟ་སྐུལ་འགན་འཁྲི་དང་ཟུང་འབྲེལ་སྒོས། 2027ལོའི་ལྟ་སྐུལ་འཆར་གཞི་ཞིབ་འཇུག་ཇུས་འགོད་བྱས་ཏེ།  གྲོས་གཞི་སྔ་མོ་ནས་བསྡུ་རུབ་དང་འཆར་གཞི་སྔ་མོ་ནས་གྲུབ་པ། ཇུས་གཞི་སྔ་མོ་ནས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། 2027ལོའི་བྱ་བ་བདེ་བླག་ངང་སྤེལ་བར་རྨང་གཞི་བརྟན་པོ་འཇོག་དགོས། ཕྱི་རོལ་དུ་སློབ་སྦྱོང་རྟོག་ཞིབ་ལ་བསྐྱོད་པར་ཚད་མཐོའི་དམ་འཛིན་བྱ་དགོས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོས་ཁུལ་ཨུའི་ཕྱི་རོལ་དུ་རྟོག་ཞིབ་ལ་བསྐྱོད་པའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་ནན་མོ་བྱས་ནས། རྟོག་ཞིབ་ཀྱི་དུས་ཚོད་དང་མི་སྣའི་ཁྱབ་ཁོངས། རྟོག་ཞིབ་ལམ་ཐིག་བཅས་ལ་ཚོད་འཛིན་གང་ལེགས་བྱས་ཏེ། སྟབས་བདེའི་རླངས་འཁོར་སྤྱོད་པ་དང་དངོས་གཉེར་སྒྲུབ་པ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ལ་གཞིགས་ནས་སློབ་སྦྱོང་དང་ཉམས་མྱོང་མིག་དཔེར་བཟུང་སྟེ། རྟོག་ཞིབ་བྱ་བ་ནན་ཏན་གྱིས་སྤེལ་དགོས་པ་དང་། རྟོག་ཞིབ་མཇུག་སྒྲིལ་རྗེས་རྟོག་ཞིབ་སྙན་ཞུ་ལེགས་པོ་ཞིག་འབྲི་དགོས།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པར་གྲ་སྒྲིག་གང་ལེགས་བྱ་དགོས་ཏེ། གཞུང་ལས་ཁང་དང་ཆེད་དོན་བྱ་བའི་ཨུ་ཡོན་ལྷན་ཁང་སོ་སོས་ཕན་ཚུན་གཞོགས་འདེགས་དམ་ཟབ་སྒོས་དུས་ཚོད་བཀོད་སྒྲིག་གང་ལེགས་དང་བྱ་བའི་འགན་འཁྲི་ནན་དུ་བཏང་ནས་དཔྱད་ཡིག་ཞིབ་བཤེར་དང་གྲོས་ཞིབ་རྩ་འཛུགས། ཞབས་ཞུ་འགན་སྲུང་སོགས་ཀྱི་བྱ་བ་ཁག་ལེགས་པོར་བསྒྲུབ་སྟེ། ཚོགས་འདུའི་གོ་རིམ་ཚད་ལྡན་ཡིན་པ་དང་འབྲེལ་མཐུད་བཟང་པོ་ཡིན་པ། ལས་ཕྱོད་ཆེ་བ་བཅས་ཡོང་བར་འགན་ལེན་བྱ་དགོས། ཅན་བཅུའི་ཏང་འཛུགས་སྐྱོང་དང་གཉིས་འབྲེལ་མཉམ་སྐྲུན་ལ་མུ་མཐུད་དུ་དམ་འཛིན་བྱ་དགོས་ཏེ། ཁུལ་ཨུའི་བཀོད་འདོམས་ལྟར་ཤང་སྦྲེལ་ལྟ་སྐུལ་མཛུབ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ། རྟོག་ཞིབ་མཛུབ་ཁྲིད་དང་སྐབས་བསྟུན་ལྟ་སྐུལ་མཛུབ་ཁྲིད། རྗེས་འདེད་འདྲི་རྩད་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་ནས་ཅན་བཅུའི་ཏང་འཛུགས་སྐྱོང་གི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། གཉིས་འབྲེལ་མཉམ་སྐྲུན་གྱི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་དང་། སྡེ་སྦྲེལ་ཁ་གཏད་རོགས་སྐྱོར་གྱི་བྱ་བ་ལེགས་པོར་བསྒྲུབ་སྟེ། གཞི་རིམ་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་ངེས་པ་དོན་གྱིས་ཐག་གཅོད་བྱས་ནས་དམངས་ཆེན་ལས་ཁུངས་ཀྱི་འགན་འཁྲིའི་འཁུར་སེམས་མངོན་པར་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ད་དུང་ཁུལ་དམངས་ཆེན་སྐབས་བཅུ་དྲུག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུ་ཐེངས་གཉིས་པའི་ཞིབ་འཇུག་དོན་ཚན་ལ་ཞིབ་བཤེར་གཏན་འབེབས་བྱས།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཡི་ཁོངས་མི་མཱ་ཧྲའོ་ཧྥུའུ། ཀྲུའུ་ལིན། ཝང་ཀུའོ་ཞུན་བཅས་ཚོགས་འདུར་ཞུགས་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀུན་བཟང་པདྨ་རྣམ་རྒྱལ་དང་ཁུལ་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རེན་ཨུ་ཡོན། རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཚོགས་འདུར་ཟུར་ཞུགས་བྱས་པ་རེད།།


热门新闻

热门图库

热门排行