སྒྲོན་བརྙན། 详情

པར་རིས་གསར་འགྱུར།

2026-10-21 09:03:20 来源: 作者: 编辑:བུ་མོ་མཆོག

三版图片.jpg

ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས་སྔོ་གསོག་གཟན་རྩྭའི་ཐོན་ལས་གཙོར་བཟུང་སྟེ། སྔོ་རྩྭ་གསོག་འཇོག་བྱེད་པར་ཤུགས་བསྣན་ཏེ། འཕྲུལ་ཆས་ལ་བརྟེན་ནས་གཟན་རྩྭ་ལས་སྣོན་བྱེད་པའི་ཕན་འབྲས་ཆེ་རུ་བཏང་ཡོད། གཟན་རྩྭ་གྲ་སྒྲིག་གང་ལེགས་བྱས་ཡོད་པ་དེས་ཕྱུགས་ཟོག་བདེ་བླག་ངང་དགུན་ལས་སྒྲོལ་བར་འགན་སྲུང་གང་ལེགས་བྱས་པ་མ་ཟད། མཐོ་སྒང་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོར་བཏིང་ནས། འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་བརྟན་པོ་དང་ཡོང་འབབ་འཕར་བར་སྐུལ་འདེད་ཆེན་པོ་བཏང་ཡོད།པར་འདི་ནི་ཟླ10པའི་ཚེས10ཉིན།ཐུན་ཏེ་རྫོང་འབའ་ལུང་ཤང་གི་འབྲོག་པ་རྣམས་ཀྱིས་དོ་རྒྱག་འཕྲུལ་འཁོར་ལ་བརྟེན་ནས་རྩྭ་བསྡུ་ཐུམ་རྒྱག་གི་ལས་ལ་བྲེལ་བའི་རྣམ་པ་རེད། གསར་འགོད་པ། ཞའོ་ཡུའུ་ཀྲེན་གྱིས་པར་བླངས།


热门新闻

热门图库

热门排行