སྒྲོན་བརྙན། 详情

པར་རིས་གསར་འགྱུར།

2026-10-21 09:02:08 来源: 作者: 编辑:བུ་མོ་མཆོག

      

གསེར་མདོག་གི་སྟོན་ཟླ་བཅུ་པར།རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིན་ཧེ་རྫོང་ཆུ་སྔོན་གྲོང་རྡལ་འབྲས་ཐང་སྡེ་བར་སྟོན་གྱི་ཉམས་སྣང་རབ་ཏུ་རྒྱས་ཤིང་།ས་མུའུ400ལྷག་གི་མཐོ་སྒང་གི་ཞོག་ཁོག་དམར་པོ་བསྡུ་ལེན་གྱི་དུས་ལ་བབས་ཤིང་།ཞིང་ཁ་དང་སྡེ་བའི་ར་སྐོར་ནང་དུ་ཞོག་ཁོག་གང་སར་སྤུངས་ཡོད་པ་དང་།སྡེ་མི་ཚོས་ཞོག་ཁོག་རྐོ་བ་དང་དབྱེ་བ་བགར་བ།ཁུག་མར་འཇུག་པ།སྐྱེལ་འདྲེན་བཅས་ལ་བྲེལ་བཞིན་གདོང་ལ་འཛུམ་གྱིས་ཁེངས་ཏེ།ག་ས་གང་སར་ལོ་ལེགས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།ད་ལོར།སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་པིང་ཡུན་གྱིས་ས་མུའུ་རེར་སྒོར350ཡི་རིན་གོང་གིས་སྡེ་བ་ཡོངས་ཀྱི་ས་ཞིང་མུའུ480འཁོར་རྒྱུག་བྱས་ཏེ།སྤུས་ལེགས་མཚོ་སྔོན་ཞོག་ཁོག་ཨང9པའི་ཞོག་ཁོག་དམར་པོ་བཏབ་པ་རེད།རྨ་ཆུའི་ལུང་ཁུག་གི་ས་ཞིང་དང་མཐོ་སྒང་གི་གནམ་གཤིས་ལ་བརྟེན་ནས་ཐོན་པའི་ཞོག་ཁོག་ལ་མངར་བཅུད་ཆེ་ཞིང་སྤུས་ཀ་ལེགས་པ་མ་ཟད།མུའུ་རེའི་ཐོན་ཚད་སྤྱི་རྒྱ2500ལ་སླེབས་པས།ཐོན་ཚད་སྔོན་དཔག་ལས་ཆེས་ཆེར་བརྒལ་ཡོད།ཞོག་ཁོག་བསྡུ་ལེན་གྱི་སྐབས་སུ།ཉིན་རེར་ས་གནས་ཀྱི་མང་ཚོགས50ལྷག་ཞོག་ཁོག་བསྡུ་བའི་ལས་ལ་ཞུགས་ཏེ།ཉིན་རེར་གླ་ཆའི་འགྲོ་གྲོན་སྒོར་ཁྲི་ལ་ཉེ་བས།སྡེ་མི་རྣམས་ཀྱིས་རང་ཁྱིམ་གྱི་སྒོ་ཁར་ལས་ཀར་ཞུགས་ནས་ཡོང་སྒོ་འཚོལ་ཐུབ་པ་མངོན་འགྱུར་བྱས་ཡོད། གསར་འགོད་པ།ཞའོ་ཡུའུ་ཀྲེན་གྱིས་པར་བླངས།

热门新闻

热门图库

热门排行