སྲིད་དོན། 详情

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་རྒྱ་བསྐྱེད་སློབ་སྦྱོང་ཚོགས་འདུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ10པའི་ཚེས19ཉིན། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་རྒྱ་བསྐྱེད་སློབ་སྦྱོང་ཚོགས་འདུ་བསྡུས་ཏེ། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་གི་སྤྱི་ཚོགས་སློབ་ཆེན་དང་མི་རིགས་རིག་པའི་དགེ་རྒན་ཆེན་མོའམ་གླིང་གཙོ་གཞོན་པ་ཝང་ཡན་ཀྲུང་གདན་ཞུ་བྱས་ནས་ཆེད་དོན་ཟུར་ཁྲིད་སྙན་ཞུ་གནང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཞེས་པར་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུར་དམིགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་མཚོ་ལྷོའི་མ་དཔེ་གཏོད་རྒྱུའི་སྐོར་ནས་སྤེལ་རེས་དང་ཞིབ་བསྡུར་བྱས་ཤིང་། ཀང་ཧྥུའུ་དང་ཞུའེ་ཧྲུན་ཡུན། དཀོན་མཆོག་སྐྱབས། ཀྲའོ་ཧུང་ཚའེ། ཧོ་མིང་ཧའེ་བཅས་ཀྱིས་གཏམ་བཤད་སྤེལ་བ་དང་། ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་གཞན་དག་གིས་ཡིག་ཐོག་ནས་སྤེལ་རེས་བྱས། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཚོགས་འདུར་མགོ་འཛིན་གནང་བར་མ་ཟད་གཏམ་བཤད་གནང་།

ཆེད་དོན་ཟུར་ཁྲིད་ཚོགས་འདུའི་སྟེང་དགེ་རྒན་ཆེན་མོ་ཝང་ཡན་ཀྲུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཞེས་པའི་ཁྲིམས་འཛུགས་རྒྱབ་ལྗོངས་དང་དོན་སྙིང་གལ་ཆེན། ནང་དོན་གཙོ་བོ། དེ་མིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་གཙོ་གནད་དུ་བཟུང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་དང་འཕེལ་རྒྱས་སུ་གཏོང་རྒྱུ་ནི་ལོ་རྒྱུས་ཀྱི་ལྡོག་མེད་ཡིན་པར་ངོས་འཛིན་ཟབ་མོ་ལེན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་ནང་གནས་གཅིག་གྱུར་ཡིན་པར་ཤེས་རྟོགས་ཟབ་མོ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱེད་པའི་ལས་འགན་གཙོ་བོ་ལག་བསྟར་དོན་འཁྱོལ་བྱེད་པར་ཁྲིམས་ལྟར་འགན་སྲུང་བྱེད་པ་བཅས་ཕྱོགས་གསུམ་གྱི་ཐད་ནས་བརྒྱུད་རིམ་ལྡན་པའི་འཆད་ཁྲིད་གནང་སྟེ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མི་རིགས་བྱ་གཞག་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤུས་མཐོའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་བསམ་བློའི་བློ་སྒོ་འབྱེད་པ་དང་། དབང་གྲགས་ཆེད་ལས་ཀྱི་མཛུབ་སྟོན་དང་འགུལ་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་འདོན་སྤྲོད་བྱས།

ཞུང་ཡོན་ལའེ་ཡིས་མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཡིན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཞེས་པ་ཁྱབ་སྒྲོག་དང་ལག་བསྟར་བྱེད་པ་ནི། ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པར་མ་ཟད། དུས་རབས་གསར་པའི་མི་རིགས་བྱ་བ་དེ་སྲིད་ཇུས་ཀྱི་སྣེ་ཁྲིད་ནས་ཁྲིམས་སྐྱོང་གི་སྣེ་ཁྲིད་ལ་བསྐྱོད་པའི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་ཤིག་ཀྱང་ཡིན། རིམ་པ་སོ་སོའི་ཏང་ཨུ (ཏང་ཙུའུ)ཡིས་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མུ་མཐུད་ཆེ་རུ་བཏང་སྟེ། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་ཁ་ཕྱོགས་གནད་ལ་འཁེལ་བ་དང་བློ་སེམས་གཅིག་ཏུ་སྒྲིལ་དགོས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཞེས་པར་སློབ་སྦྱོང་བྱ་རྒྱུ་དེ་མིག་སྔར་དང་ཕྱིན་ཆད་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་སློབ་སྦྱོང་དང་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་། ལོ་ལྔའི་འཆར་གཞི་ཐེངས་དགུ་པའི་ཁྲིམས་ལུགས་ཁྱབ་གདལ་བཅས་ཀྱི་ནང་དོན་གཙོ་བོའི་ཁྲོད་བཞག་སྟེ་ངེས་པ་དོན་གྱིས་སློབ་པ་ཁོང་དུ་ཆུད་པ་དང་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། ལས་འགན་གཙོ་བོར་དམིགས་དགོས་ཏེ། སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་གྱི་ཁྲོད་ཕན་འབྲས་ཐོན་པ་དང་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་མཚོ་ལྷོའི་མ་དཔེ་དང་ཅན་བཅུའི་ཏང་འཛུགས་སྐྱོང་ལས་དོན་ཟུང་འབྲེལ་བྱས་ཏེ། ཐུན་མོང་ལ་དབང་བའི་བསམ་བློའི་ཁྱིམ་གཞིས་བསྐྲུན་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་ནན་གྱིས་སྤེལ་དགོས། མི་རིགས་སོ་སོའི་འབྲེལ་འདྲིས་ལ་སྐུལ་འདེད་བཏང་ནས་མཉམ་སྡོད་མཉམ་སྦྱོང་དང་མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་མཉམ་སྐྱིད་བཅས་ཀྱི་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་དགོས། མི་རིགས་ཀྱི་བྱ་བར་ཁྲིམས་ལྟར་བཅོས་སྐྱོང་བྱེད་པ་དང་ཉེན་ཁའི་བྱུར་རྐྱེན་ཐག་གཅོད་བྱས་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། བྱ་བའི་འགན་འཁྲི་ནན་དུ་བཏང་ནས་ཤེས་སྤྱོད་ཟུང་འབྲེལ་ཁྲོད་ལག་ལེན་དོན་འཁྱོལ་ལ་དམ་འཛིན་དང་མཉམ་ཤུགས་གཅིག་སྒྲིལ་བྱས་ཏེ། ཏང་ཨུའི་གཅིག་གྱུར་མགོ་ཁྲིད་དང་སྲིད་གཞུང་གི་ཁྲིམས་ལྟར་དོ་དམ། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་སྣེ་ཁྲིད་མཐུན་སྦྱོར། སྡེ་ཁག་སོ་སོའི་སྟོབས་ཤུགས་གཅིག་སྒྲིལ། སྤྱི་ཚོགས་ཡོངས་མཉམ་དུ་ཞུགས་པ་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་བྱ་བའི་རྣམ་པ་འཐུས་ཚང་དུ་གཏོང་དགོས། ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པས་ཤང་དང་གྲོང་བརྡལ་གྱི་འགན་གཙང་ལེན་བྱེད་པའི་ལམ་སྲོལ་རྒྱུན་འཁྱོངས་བྱས་ཏེ། ཐོན་ཁུངས་དང་ཞབས་ཞུ་གཞི་རིམ་དུ་ཁ་ཕྱོགས་པར་སྐུལ་འདེད་གཏོང་དགོས་པ་དང་། རིམ་པ་ཁག་གི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོས་དངོས་སུ་དམ་འཛིན་དང་སྤྱི་འགན་འཁུར་དགོས་པ་དང་། འབྲེལ་ཡོད་སྡེ་ཁག་གིས་རང་འགན་རང་འཁུར་དང་གཞོགས་འདེགས་དམ་ཟབ་བྱ་དགོས་ཞེས་ནན་གྱིས་བསྟན།

སློབ་སྦྱོང་ཚོགས་འདུ་དེ་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་ཁུལ་ཨུའི་པུའུ་ཨུ་སོ་སོ། ཁུལ་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་སོ་སོ། ཁུལ་དུ་སྡོད་པའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ། དེ་མིན་ཁྲུའུ་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ་བཅས་ཁུལ་གྱི་ཚོགས་ར་གཙོ་བོར་ཞུགས་པ་དང་། རྫོང་སོ་སོར་ཡན་ལག་ཚོགས་ར་བཀོད་སྒྲིག་བྱས་ཡོད།། 

热门新闻

热门图库

热门排行