གནད་བསྡུས། 详情

མཚོ་སྔོན་ཞིང་ཆེན་གྱིས་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཤེས་བྱའི་འགྲན་སློང་འགྲན་བསྡུར་གཉེར་བར་མཚོ་ལྷོ་ཁུལ་གྱི་འཐུས་ཚབ་རུ་ཁག་ལ་ཚོགས་པའི་ཨང་དང་པོ་ཐོབ།

ཟླ10པའི་ཚེས16ཉིན་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་མཛུབ་སྟོན་བྱས་པ་དང་ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིང་ཆེན་གྱི་ས་གནས་ལོ་རྒྱུས་ལས་དོན་གཞུང་སྒྲུབ་ཁང་གིས་བློ་འདྲིའི་སྡེ་ཁག་གི་འགན་འཁུར་བ། ཟི་ལིང་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ།ཞིང་ཆེན་དྲ་སྦྲེལ་གསར་འགྱུར་ལྟེ་གནས།སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་ཞེས་པའི་མཚོ་སྔོན་གྱི་སློབ་སྦྱོང་སྟེགས་བུ་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱས་ཤིང་།

ཟི་ལིང་གྲོང་ཁྱེར་གྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་ཞེས་པའི་ཟི་ལིང་གི་སློབ་སྦྱོང་ལས་སྟེགས་ཀྱིས་སྒྲུབ་འགན་འཁུར་བའི་སྟོབས་ལྡན་རྒྱལ་ཁབ་བསྐྱར་དར་ཡོང་བར་ང་རང་ཡོད།དར་རྒྱས་ཆེ་བའི་དུས་སྐབས་བཟང་བོར་བསྟོད་བསྔགས་བྱེད་ཅེས་པའི2026་ལོའི་མཚོ་སྔོན་ཞིང་ཆེན་གྱི་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བ་ཞེས་པའི་ཤེས་བྱའི་འགྲན་སློང་འགྲན་བསྡུར་དེ་ཟི་ལིང་གྲོང་ཁྱེར་གྱི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི4Kའཁྲབ་གཏོང་ཁང་དུ་སྤེལ་བ་དང་ཞིང་ཆེན་ཡོངས་ཀྱི་འཐུས་ཚབ་རུ་ཁག11གིས་མཉམ་དུ་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་བཏང་ཞིང་།ཐེངས་འདིའི་འགྲན་བསྡུར་ཆེན་མོ་ལས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ105འཁོར་བ་དང་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བའི་དུས་སྐབས་གལ་ཆེན་ལ་གཞི་ཚུགས་ཏེ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཁ་ཕྱོགས་གཙོ་བོར་བཟུང་ནས་མཚོ་སྔོན་གྱི་ལོ་རྒྱུས་རིག་གནས་དང་།མི་རིགས་མཐུན་སྒྲིལ།སྐྱེ་ཁམས་དཔལ་ཡོན།སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་རང་ས་གནས་ཀྱི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ།རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་དང་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་ནས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ་ཁྱིམ་སྐྱོང་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་མོ་འཆང་བ་དང་།ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་པའི་ཁྲིད་སྟོན་བྱས་ཤིང་།འགྲན་བསྡུར་ལས་གསར་གཏོད་ཀྱི་ཐབས་ལམ་སྤྱད་དེ་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སྟེགས་བུ་སྤྱོད་མཁན་གྱི་འཐུས་མི་རུ་ཁག་འགྲན་བསྡུར་ལ་ཞུགས་རྒྱུར་སྐུལ་སློང་བྱས་ཏེ།རྒྱ་ཆེའི་ལས་སྟེགས་སློབ་སྦྱོང་བྱེད་མཁན་རྣམས་བརྙན་ཤེལ་མདུན་ནས་སྟེགས་བུའི་མདུན་དུ་བསྐྱོད་དེ་ལན་འདེབས་འགྲན་བསྡུར་བྱས་ནས་དམངས་ཡོངས་ཀྱིས་སློབ་སྦྱོང་བྱེད་པ་དང་རང་འགུལ་ངང་ཤེས་བྱ་སྦྱོང་བའི་རྣམ་པ་ཟབ་མོ་ཞིག་བཏོད། ལན་འདེབས་འགྲན་བསྡུར་ཐེངས་མང་བྱས་པ་བརྒྱུད་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་འཐུས་མི་རུ་ཁག་ལ་ཚོགས་པའི་ཨང་དང་པོ་ཐོབ་པ་དང་ལོ་མང་རིང་མཚོ་སྔོན་ཞིང་ཆེན་གྱིས་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སློབ་སྦྱོང་སྟེགས་བུར་བརྟེན་ནས་སློབ་སྦྱོང་རྩ་འཛུགས་ཁྲི2་ཙམ་བཏོད་པ་དང་ལོ་རེའི་སློབ་སྦྱོང་བྱེད་ཚད་མི་ཐེངས་དུང་ཕྱུར1ལས་བརྒལ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་རེད།


热门新闻

热门图库

热门排行