སྒྲོན་བརྙན། 详情

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་ཚོགས་འདུ་སྐབས24པ་ལྷ་སར་འཚོགས།

  

图片


 ཟླ10ཚེས20ཉིན་གྱི་སྔ་དྲོར། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་གཉེར་འགན་འཁུར་བའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་མགོ་ཚུགས་ཤིང་། ད་རེས་ཀྱི་ཚོགས་འདུའི་དུས་ཡུན་ཉིན5ཡིན་པ་རེད།

图片

པེ་ཅིང་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ནས་ཕེབས་པའི་བོད་ཡིག་ཚགས་པར་དང་དུས་དེབ་ཁང་དང་། རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས། གསར་འགྱུར་དྲ་ཚུགས། སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སོགས་སྨྱན་སྦྱོར29ཡི་འཐུས་མི60ཚོགས་འདུར་ཞུགས་ཡོད་པ་རེད།

图片

ཐེངས་འདིའི་ཚོགས་འདུར་ཚགས་པར་དང་། དུས་དེབ། རླུང་འཕྲིན། བརྙན་འཕྲིན། སྨྱན་སྦྱོར་གསར་པ། དཔྱད་རྩོམ་དང་ཐ་སྙད་གསར་པ། བརྙན་འཕྲིན་འཁྲབ་ཚན་བསྒྱུར་བཟོ་བཅས་ཀྱི་དཔྱད་ཞིབ་ཚོགས་ཆུང་བརྒྱད་ལ་དབྱེ་ནས་ད་ཐེངས་ཀྱི་གསར་འགྱུར་བརྩམས་ཆོས་ཁག་ལ་དཔྱད་འདེམས་དང་ཐ་སྙད་གསར་པར་བཀས་བཅད་གཏན་འབེབས་བྱ་རྒྱུ་རེད། དེ་མིན་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ལྟ་སྐོར་དང་བཅར་འདྲིའི་བྱེད་སྒོ་སྤེལ་ནས་ལྷ་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཐོབ་པའི་གྲུབ་འབྲས་དང་ཡང་སྒོས་སུ་ལྷ་སའི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྒྱང་ལྟ་བྱ་རྒྱུ་རེད།

图片

图片

图片

图片

图片

图片

图片


热门新闻

热门图库

热门排行