ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཝུའུ་ལན་ཁྲ་པུའུ་རུ་རྟོག་ཞིབ་མཛད་པ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས16ཉིན་ནང་སོག་རང་སྐྱོང་ལྗོངས་ཨུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། ལྗང་མདོག་འཕེལ་རྒྱས་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནང་དོན་གལ་ཆེན་ཡིན་པས། སྤུས་ཚད་མཐོ་བ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་། རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་མ་ལག་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོངས་བྱས་ཏེ། ཐཱན་ཉུང་གཏོང་དང་སྦགས་བཙོག་འགོག་བཅོས། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་བཅས་མཉམ་དུ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་སྔོན་ལ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས།
ཚེས16ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཝེ་ཀྲུང་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་པའོ་ཀང་གཉིས་ཀྱིས་ཕེབས་རོགས་འོག ཨུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་།

ཟླ10པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཆ་ཧར་གཡས་རུའི་མདུན་ཤོག་གི་ཧུང་པའོ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་དུ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།

ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་གྱི་ཆ་ཧར་གཡས་རུའི་མདུན་ཤོག་གི་ཧུང་པའོ་མཚོ་ནི་སྐམ་སའི་ནང་ལོགས་ཀྱི་མཚེའུ་ཞིག་ཡིན་ཞིང་། གནམ་གཤིས་སོགས་ཀྱི་དབང་གིས་སྐབས་ཤིག་ལ་ཆུ་རྒྱུན་ཆད་གྲབས་བྱུང་ཡོད། ལོ་མང་པོའི་རིང་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད་ཆུའི་རྒྱ་ཁྱོན་རིམ་བཞིན་སླར་གསོ་དང་རྒྱ་སྐྱེད་པ་རེད། ཞི་ཅིན་ཕིང་ཧུང་པའོ་མཚོ་རང་བྱུང་སྲུང་སྐྱོབ་ཁུལ་དུ་ཕེབས་ནས་ནང་སོག་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ས་གནས་དེ་གར་ཧུང་པའོ་མཚོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ་དང་སྐྱེ་ཁམས་མ་ལག་ཉམས་གསོ་བྱེད་པ་སོགས་གནས་ཚུལ་གྱི་སྙན་ཞུར་གསན་པ་མ་ཟད། ས་ངོས་སུ་གྲམ་ཐང་དང་འདམ་རའི་སྐྱེ་ཁམས། གནས་སྡོད་བྱ་རིགས་བཅས་ལ་གཟིགས་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། བརླན་ས་སྲུང་སྐྱོང་ཐད་གདོད་མའི་རྣམ་པ་རྒྱུན་འཁྱོངས་བྱ་རྒྱུ་ཤིན་ཏུ་གལ་ཆེན་ཡིན། རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་བ་བཅས་རྒྱུན་འཁྱོངས་བྱས་ཏེ། བརླན་སའི་སྲུང་སྐྱོང་བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་ནན་མོ་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་གི་ཚད་མཐའ་བརྟན་སྲུང་བྱེད་པ། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་མཐོར་འདེགས་གཏོང་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བཅས་བྱེད་དགོས། ཉམས་རྒུད་དུ་སོང་བའི་བརླན་སའི་སྐྱེ་ཁམས་མ་ལག་ལ་མཚོན་ན། རང་བྱུང་སླར་གསོར་གཙོ་བོར་འཛིན་པ་དང་མིས་ཐེ་ཇུས་རོགས་འདེགས་སུ་བརྟེན་པའི་སྒོ་ནས་ཚན་རིག་དང་མཐུན་པར་ཉམས་གསོ་བྱེད་དགོས།

ཟླ10པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཆ་ཧར་གཡས་རུའི་མདུན་ཤོག་གི་ཧུང་པའོ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་དུ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།

ཟླ10པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཆ་ཧར་གཡས་རུའི་མདུན་ཤོག་གི་ཧུང་པའོ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་དུ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།

ཟླ10པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཆ་ཧར་གཡས་རུའི་མདུན་ཤོག་གི་ཧུང་པའོ་མཚོ་རང་བྱུང་སྲུང་སྐྱོང་ཁུལ་དུ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།
ཝུའུ་ལན་ཁྲ་པུའུ་ས་ཁུལ་གྱི་འོད་ནུས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡིན། ཉེ་བའི་ལོ་འགའི་རིང་ལྗང་མདོག་དང་གནམ་གཤིས། ས་བབ་སོགས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས། ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་ཕན་འབྲས་བཟང་པོ་ཐོབ་ཡོད། ཞི་ཅིན་ཕིང་ཆ་ཧར་མཐོ་གསར་ལག་རྩལ་ཁུལ་དུ་ཕེབས་ནས། འགྲེམ་སྟོན་ཁང་དུ་ནང་སོག་རང་སྐྱོང་ལྗོངས་ཀྱིས"ཤར་གྲངས་ནུབ་རྩིས"ལས་གཞི་ལྟེ་གནས་འཛུགས་སྐྲུན་དང་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བའི་སྐོར་ལ་རྒྱུས་ལོན་གནང་། ཁོང་གིས་བསྟན་དོན།"ཤར་གྲངས་ནུབ་རྩིས"ལས་གཞི་ལག་བསྟར་བྱེད་པ་དང་རྒྱལ་ཡོངས་གཅིག་གྱུར་ཅན་གྱི་རྩིས་འཁོར་དྲ་བ་བསྐྲུན་པ་ནི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ཡིན། ཚན་རིག་དང་མཐུན་པའི་འཆར་འགོད་དང་རྒྱུ་རྐྱེན་གཙོ་བོའི་རྒྱབ་སྐྱོར། བདེ་འཇགས་འགན་ལེན་བཅས་བྱེད་ཤུགས་ཆེ་རུ་བཏང་སྟེ། བསྐྲུན་ཟིན་པའི་རྣམ་གྲངས་རྣམས་ཕན་ནུས་ཆེན་པོས་འཁོར་སྐྱོད་བྱེད་ཐུབ་པ་མ་ཟད། དུས་བཀག་ལྟར་རྗེས་མཐུད་ལས་གཞི་སོ་སོ་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱེད་དགོས། ཐོན་ལས་ཕྲེང་འབྲེལ་ཧུར་ཐག་གིས་རྒྱ་སྐྱེད་པ་དང་། དཔལ་འབྱོར་གྲངས་འཛིན་ཅན་གྱི་དངོས་གཟུགས་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས། རྒྱུན་ཆད་མེད་པར་རྩིས་ནུས་ལེགས་ཆ་དེ་འཕེལ་རྒྱས་ཀྱི་དགེ་མཚན་དུ་བསྒྱུར་དགོས།

ཟླ10པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཆ་ཧར་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དུ་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པའི་ཚུལ་རེད།
དེ་རྗེས། ཞི་ཅིན་ཕིང་གིས་ཡུལ་དངོས་སུ་རྩིས་ནུས་ལྟེ་གནས་རྣམ་གྲངས་ཀྱི་འགན་འཁུར་བ་དང་། ལག་རྩལ་མི་སྣ། ཆ་ཧར་མཐོ་གསར་ཁུལ་གྱི་ལས་དོན་མི་སྣ་སོགས་ལ་བྱམས་བརྩེའི་ངང་གླེང་མོལ་གནང་། ཁོང་གིས་ནན་གྱིས་བསྟན་དོན། རྩིས་ནུས་དྲ་བ་ནི་རྒྱལ་ཁབ་ཀྱིས་འཆར་འགོད་འཛུགས་སྐྲུན་བྱེད་བཞིན་པའི་དྲ་དྲུག་གི་གྲས་ཤིག་ཡིན་པ་དང་། རྩིས་ནུས་ཐོན་ལས་ད་ལྟ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་དུས་མཚམས་སུ་གནས་པས་མདུན་ལམ་རྒྱ་ཆེན་པོ་ལྡན། ཚང་མས་ཕན་ནུས་ཆེ་བ་དང་། ཁོར་ཡུག་སྲུང་སྐྱོང་། བདེ་འཇགས་བཅས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། "གློག་ཤུགས་མཉམ་འབྲེལ"དང"ཆུ་བེད་མཉམ་འབྲེལ"བྱེད་པར་དོ་སྣང་བྱེད་པ་དང་། རྩིས་ནུས་ལྟེ་གནས་རྣམ་གྲངས་འཛུགས་སྐྲུན་དང་གཉེར་སྐྱོང་ཡག་པོ་བྱེད་པ། ལྗང་མདོག་རྩིས་ནུས་ཐོན་ལས་གོང་འཕེལ་གཏོང་བར་ཧུར་ཐག་གིས་སྐུལ་འདེད་བཏང་ནས། གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་མང་པོ་འཇོག་དགོས། ཞི་ཅིན་ཕིང་གིས་མཐོ་གསར་ཁུལ་གྱིས་ཏང་གི་མགོ་ཁྲིད་དང་ཏང་གི་འཛུགས་ལ་ཤུགས་སྣོན་པ་དང་། སྤྱི་པའི་ཞབས་ཞུ་སོ་སོ་དང་རྒྱུ་རྐྱེན་འགན་ལེན་སྣ་ཚོགས་འཐུས་ཚང་དུ་བཏང་སྟེ། ཁེ་ལས་དང་ཤེས་ལྡན་མི་སྣ་ཡོངས་ལ་བྱ་གཞག་གསར་གཏོད་བྱེད་པར་ཁོར་ཡུག་བཟང་པོ་བསྐྲུན་དགོས་པའི་བླང་བྱ་བཏོན།

ཟླ10པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཆ་ཧར་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དུ་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པའི་ཚུལ་རེད།

ཟླ10པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཆ་ཧར་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དུ་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པའི་ཚུལ་རེད།
ཞི་ཅིན་ཕིང་གིས་ད་དུང་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ་དང་། སྣ་ཁ་གཙོ་བོ་དང་སྤུས་ཚད་ཁྱད་ཆོས་ལ་རྒྱུས་ལོན་ཞིབ་མོ་གནང་སྟེ། ས་གནས་དེས་ཐོན་ཚོང་འབྲེལ་མཐུད་ལ་ཤུགས་སྣོན་པ་དང་། རོང་འབྲོག་པའི་འབབ་འཕར་ཕྱུག་སྒྱུར་ལ་སྐུལ་འདེད་གཏོང་དགོས་པར་སྐུལ་མ་གནང་།

ཟླ10པའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་རྟོག་ཞིབ་མཛད། འདི་ནི་ཞི་ཅིན་ཕིང་གིས་ཆ་ཧར་མཐོ་གསར་ལག་རྩལ་གསར་སྤེལ་ཁུལ་དུ་རྟོག་ཞིབ་མཛད་སྐབས་ས་གནས་དེའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བཞིན་པའི་ཚུལ་རེད།
རྟོག་ཞིབ་མཛད་པའི་ལམ་བར་དུ། ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། རང་རྒྱལ་གྱི་ས་རྒྱ་ཆེ་ཞིང་ཤར་ནུབ་ལྷོ་བྱང་དབུས་བཅས་ཀྱི་ཐོན་ཁུངས་ཆ་རྐྱེན་ལ་ཁྱད་པར་ཆེན་པོ་ཡོད། སྐྱོད་ལམ་གསར་པའི་སྟེང་། ས་ཁུལ་སོ་སོས་ཏང་ཀྲུང་དབྱང་གི་འཐབ་ཇུས་ཐག་གཅོད་དང་འཆར་འགོད་བཀོད་སྒྲིག་ལྟར། སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། འཕེལ་རྒྱས་འདུ་ཤེས་གསར་པ་ཆ་ཚང་ཞིང་གནད་འཁེལ་ངང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དུས་རབས་ཀྱི་རླབས་རྒྱུན་རྗེས་སུ་འབྲངས་ཤིང་གོ་སྐབས་དམ་འཛིན་བྱས་ཏེ། རང་ཉིད་ཀྱི་ཆ་རྐྱེན་ལྟར་དགེ་མཚན་འདོན་སྤེལ་བྱས་ནས། ཡུལ་བབ་དང་བསྟུན་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཧོ་ལི་ཧྥེང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་རྣམས་ཀྱིས་མཉམ་དུ་རྟོག་ཞིབ་གནང་། །