རང་ཁུལ་གྱིས་དགུ་པའི་ཚེས་དགུའི་རྒན་བཀུར་དུས་ཆེན་གྱི་བྱེད་སྒོ་སྤེལ།
ཟླ9པའི་ཚེས9ཉིན་གྱི་རྒན་བཀུར་དུས་ཆེན་ལ་བརྩེ་བས་ཁེངས་ཤིང་། ཟླ10པའི་ཚེས16ཉིན་གུང་ཧོ་རྫོང་ཆབ་ཆ་གྲོང་བརྡལ་གྱི་བཟོ་ལས་གླིང་སྡེ་ཁུལ་གྱི་ར་སྐོར་ནང་དུ་འདུ་འཛིས་ཁེངས་ཤིང་། རྒན་བཀུར་དུས་ཆེན་ལ་བརྩེ་སེམས་སྦྱིན། རྒན་པ་ལྷན་འཛོམས་ཀྱིས་སྤྲོ་སྐྱིད་ལ་རོལ་ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་རྒན་བཀུར་བྱེད་སྒོ་ཞིག་སྤྲོ་སྐྱིད་ལྡན་པའི་ངང་སྤེལ་བ་དང་། ཁོངས་གཏོགས་ཁུལ་གྱི་རྒན་པ་རྣམས་ལྷན་དུ་འཛོམས་ཏེ་དགའ་སྤྲོའི་དགོད་སྒྲའི་ཁྲོད་ནས་རང་ཉིད་ལ་དབང་བའི་དུས་ཆེན་ལ་རོལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་སྡེ་ཁུལ་གྱི་ལས་བྱེད་མི་སྣས་གོ་བདེ་ཤེས་སླའི་ལམ་ནས་རྒན་རྒོན་ཚོར་གཡོ་ཐབས་ལ་རྒོལ་བ་དང་མགོ་སྐོར་སྔོན་འགོག་གི་རྒྱུན་ཤེས། ལོ་ན་མཐོ་བའི་ཁ་གསབ་སྲིད་ཇུས་སོགས་ཀྱི་ནང་དོན་འགྲེལ་བཤད་བརྒྱབ།
རིག་རྩལ་བྱེད་སྒོ་ཡང་དེ་བཞིན་ངོ་མཚར་ཆེ་ལ། རྒན་རྒོན་རྣམས་གར་སྟེགས་སུ་བསྐྱོད་དེ་གསར་བརྗེའི་གླུ་དབྱངས་ལེན་པ་དང་པི་ཝང་རྒྱུད་གཉིས་མ་དཀྲོལ་ནས་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་བློའི་རྣམ་པ་མངོན་པར་བྱས་ཡོད། མེ་ཏོག་གསོ་བར་མཁས་པ་དང་བསླེས་འཐག་བྱེད་པར་མཁས་པའི་རྒན་རྒོན་ལྷན་དུ་འཛོམས་ནས་སྤེལ་རེས་དང་འཚོ་བའི་སྤྲོ་སྣང་ལོངས་སུ་སྤྱད་ཅིང་། དང་བླངས་པས་རྒན་རྒོན་ལ་དྲན་རྟེན་པར་རྒྱག་པ་དང་། ཁྱིམ་མཚེས་ཀྱིས་ཐབ་ཚང་དུ་མཉམ་དུ་ཟས་རིགས་གཡོས་སྦྱོར་བྱེད་པ་བཅས་ཀྱི་གོ་རིམ་ཁྲོད་སྡེ་ཁུལ་གྱི་ལས་བྱེད་པ་དང་དང་བླངས་པས་རྒན་རྒོན་རྣམས་དང་མཉམ་དུ་སྔོ་ཚལ་བཀྲུ་བ་དང་སྔོ་ཚལ་གྲ་སྒྲིག རྒྱུན་ལྡན་འཚོ་བའི་ཐད་ནས་ལབ་གླེང་བྱེད་པ་བཅས་ཀྱིས་དགུ་པའི་ཚེས་དགུའི་རྒན་བཀུར་དུས་ཆེན་གྱི་བཟའ་བཏུང་ལ་མཉམ་དུ་རོལ་ནས་ཁྱིམ་མཚེས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་བཏང་ཞིང་། འཕང་མདའ་དང་སྐོར་བ་སོགས་རོལ་རྩེད་ཆུང་ངུས་རྒན་པ་རྣམས་ཀྱིས་ལག་རྩལ་ངོམ་པ་དང་ཁོ་ཚོར་སྤྲོ་སྣང་སྦྱིན།
ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་ལྷ་མོ་མཚོ་ཡིས་བཤད་རྒྱུར། དེ་རིང་སྡེ་ཁུལ་གྱིས་ཟླ་དགུ་པའི་ཚེས་དགུ་ཉིན་མོའི་བྱ་འགུལ་སྤེལ་བས། ཚང་མས་རང་ཁྱིམ་ནས་སྔོ་ཚལ་དང་གོ་རེ་སོགས་ཁྱེར་ནས་འདི་རུ་འཛོམས་ཏེ་ཟ་མ་ཟ་ཞོར་དུ་རོལ་རྩེད་ལ་རོལ་བས།སེམས་པ་ཧ་ཅང་སྐྱིད་ཟེར།
བཅར་འདྲི། བཟོ་ལས་གླིང་སྡེ་ཁུལ་གྱི་དམངས་ཆེན་ལས་སྒྲུབ་པ་རིན་མཚོ་སྐྱིད་ཀྱིས་བཤད་རྒྱུར། ཟླ་དགུ་བའི་ཚེས་དགུ་ཉིན་གྱི་རྒན་པའི་དུས་ཆེན་ཐོན་ལ་ཉེ་བའི་དུས་འདིར། ང་ཚོའི་སྡེ་ཁུལ་གྱི་བསམ་པའི་རིག་གནས་ཚན་ཆུང་གིས་མངའ་ཁུལ་གྱི་རྒན་པ་རྣམས་རྩ་འཛུགས་བྱས་ཏེ།འཇོན་ཐང་དང་ལག་བཟོའི་སྒྱུ་རྩལ་མངོན་པ་དང་རོལ་རྩེད་བྱ་འགུལ་སྤེལ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྡེ་ཁུལ་རྒན་པའི་འཚོ་བ་ཕུན་སུམ་ཚོགས་པོར་བཏང་བ་ཡིན།རྗེས་ཕྱོགས་ང་ཚོས་མུ་མཐུད་དུ་རྒན་བཀུར་ཞབས་ཞུ་ལེགས་པོར་བསྒྲུབ་སྟེ།རྒན་པ་ཚོར་རྒས་རུང་བདེ་སྐྱིད་ཡོད་པར་བྱས་ནས་སྡེ་ཁུལ་གྱི་དྲོད་ཁོལ་མྱངས་སུ་འཇུག་རྒྱུ་ཡིན་ཟེར།