རྒྱལ་ནང་། 详情

ཞི་ཅིན་ཕིང་གིས་ཧུའུ་ནན་སློབ་ཆེན་བཙུགས་ནས་ལོ་འཁོར100ལོན་པར་ཤིས་འཕྲིན་སྤྲིངས་ནས་རྟེན་འབྲེལ་ཞུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས16ཉིན་ཧུའུ་ནན་སློབ་ཆེན་བཙུགས་ནས་ལོ་འཁོར100ལོན་པར་ཤིས་འཕྲིན་སྤྲིངས་ནས་རྟེན་འབྲེལ་ཞུས་པ་དང་། དགེ་སློབ་ཡོངས་དང་རྒྱ་ཆེའི་སློབ་གྲོགས་རྣམས་ལ་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ཁྲོད་ནན་གྱིས་བསྟན་དོན། མགོ་འཛུགས་ས་གསར་པའི་སྟེང་། ཧུའུ་ནན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ། གཟི་བརྗིད་ཆེ་བའི་གསར་བརྗེ་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་དང་། ལོ་ངོ་སྟོང་ཕྲག་རིང་གི་སློབ་གླིང་སློབ་རྒྱུན་རྒྱུན་མཐུད་བྱེད་པ།"དངོས་ཐོག་བདེན་འཚོལ་དང་གསར་གཏོད་སྲོལ་འབྱེད"ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། སློབ་གཉེར་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། ཕུལ་བྱུང་མི་སྣ་སྔར་ལས་མང་པོ་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ། སློབ་གསོ་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པ་དང་ཀྲུང་གོའི་ལུགས་དེང་རབས་ཅན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས།

ཧུའུ་ནན་སློབ་ཆེན་ནི1926ལོར་བཙུགས་ཤིང་། ལོ་རྒྱུས་ཡུན་རིང་ལྡན་པའི་ཡུའེ་ལུའུ་སློབ་གྲྭ་ཆེན་མོ་དེའི་ཁོངས་གཏོགས་སུ་གནས་ཡོད། ལོ་ངོ100ཡི་རིང་ལ། སློབ་གྲྭ་འདིས་རྒྱུན་འཛིན་དང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ལ་ཕུལ་དུ་བྱུང་བའི་འཇོན་མི་མང་པོ་གསོ་སྐྱོང་བྱས་པ་རེད། །

热门新闻

热门图库

热门排行