སྲིད་དོན། 详情

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།

ཟླ10པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ནས་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་། རྟེན་འབྲེལ་འཕྲིན་ཡིག་གལ་ཆེན། འཕྲིན་ལན་གལ་ཆེན། མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་དང་འབྲེལ་ཡོད་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན། 

ཚོགས་འདུ་ལས་ཟླ9པའི་ཚེས21ཉིན་བསྡུས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་དང་། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་ནང་བཏོན་པའི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་སྒྲིག་གཞི་འཐུས་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་རླབས་ཆེན་བཟོ་སྐྲུན་གསར་པ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་པའི་རྣམ་བཤད་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འགན་འཁྲི་དང་ལས་འགན་ཁོང་དུ་ཡང་དག་པར་ཆུད་པར་བྱེད་པ་དང་། ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། རིམ་པ་སོ་སོའི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། རུལ་སུངས་བྱ་མི་ཕོད་པ་དང་། རུལ་སུངས་བྱ་མི་ཐུབ་པ། རུལ་སུངས་བྱ་མི་འདོད་པ་བཅས་ལ་གཅིག་གྱུར་ངང་སྐུལ་འདེད་གཏོང་དགོས། ཅན་བཅུའི་ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས། སྤྱོད་གཙང་དྲང་གཞག་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཆགས་པར་བྱེད་པ་དང་། ཁུལ་ཡོངས་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཆབ་སྲིད་དང་རྩ་འཛུགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ77འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་དོན་མཐའ་འཁྱོངས་སྒོས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱས་ཏེ། ལས་གཞི་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་། དམངས་ཚིས་དོན་དངོས། མང་ཚོགས་ཀྱི་འབབ་འཕར་སོགས་གཙོ་གནད་བྱ་བར་དམ་པོར་དམིགས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བར་ཧུར་ཐག་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱ་རྒྱུའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཁབ་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་ནས། ཆུ་ཚད་དེ་བས་མཐོ་བའི་བདེ་འཇགས་མཚོ་ལྷོའི་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་ཞེས་པ་མཐའ་འཁྱོངས་དང་འཕེལ་རྒྱས་སུ་བཏང་སྟེ། ཆུ་ཚད་མཐོ་བའི་བདེ་འཇགས་བརྟན་བརླིང་ལ་བརྟེན་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོང་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས48པའི་འཛམ་གླིང་རྩལ་ནུས་འགྲན་བསྡུར་ཆེན་མོར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་དང་། སི་ཁྲོན་སློབ་ཆེན་གྱི་དགེ་སློབ་ཡོངས་ལ་སྤྲིངས་པའི་འཕྲིན་ཡིག་གལ་ཆེན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་མཐའ་འཁྱོངས་བྱས་ཏེ། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་ངལ་རྩོལ་གྱི་སྙིང་སྟོབས།་ལག་ཤེས་པའི་སྙིང་སྟོབས་བཅས་དར་སྤེལ་དུ་གཏོང་བ་དང་། ཐོན་ལས་དང་སློབ་གསོ་མཉམ་འདྲེས་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་གསོ་སྐྱོང་བྱེད་སྟངས་འཐུས་ཚང་དུ་བཏང་ནས། མཚོ་ལྷོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩལ་ནུས་ཆེ་ཞིང་སྤྱོད་སྒོ་ཆེ་བའི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་དང་སྐབས་བཅུ་བཞི་པའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རེས་སྐོར་བཅུ་གཅིག་པའི་སྐོར་ཞིབ་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཡིག་ཆ་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། སྐོར་ཞིབ་ཀྱི་ཆབ་སྲིད་ངེས་གནས་དང་འགན་འཁྲིའི་ལས་འགན་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། གཅིག་གྱུར་འཆར་འགོད་གནད་ལ་འཁེལ་བར་བྱས་ནས། འབྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དག་ཐེར་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ཏེ། དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་སྐོར་ཞིབ་བྱ་བ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ཁུལ་ཡོངས་ཀྱི2026ལོའི་ཟླ1པོ་ནས་ཟླ9པའི་བར་གྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་བྱ་བ་སྤེལ་ཚུལ་གྱི་སྙན་ཞུར་ཉན་པ་དང་། ཕྱོགས་ཡོངས་ནས་མཐའ་གཅིག་ཏུ་རྡུང་རྡེག་དང་ངོ་རྒོལ་བྱེད་པའི་འགན་འཁྲི་ནན་དུ་གཏོང་བ་དང་། གྱོད་གཞི་ཞིབ་གཅོད་ལ་དམ་འཛིན་ནན་མོ་བྱས་ཏེ་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ། རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས་ཕྱི་ཚུལ་རིང་ལུགས་དང་འགན་འཁྲིའི་འཁུར་སེམས་མེད་པ། བྱ་བ་ལེགས་པར་མི་སྒྲུབ་པ་སོགས་རུལ་སུངས་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱས་ཏེ། གཅིག་སྡུད་བཅོས་སྐྱོང་གི་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱིས་ཚོར་ཐུབ་པ་དང་ཕན་འབྲས་ཐོབ་པར་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་སྤྱི་ཚོགས་བྱ་བའི་སྒྲུབ་ཚུལ་སྐོར་གྱི་སྙན་ཞུར་ཉན་ཏེ། བློ་བརྟན་འགྱུར་མེད་ཀྱིས་ཏང་གིས་སྤྱི་ཚོགས་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་སྣོན་བྱས་ནས། ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་གཏོང་བ། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་དོན་འཁྱོལ་དང་། འགལ་བ་རྩོད་གཞི། ཡིག་བསྐུར་ངོ་བཅར་བཅས་ཀྱི་གྱོད་གཞི་གྲལ་བཤེར་མཐར་ཕྱིན་བྱེད་པ་དང་ཐག་གཅོད་བྱེད་པ། གཙང་བཤེར་གཏིང་ཟབ་བཅས་བྱེད་པའི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཆེད་ལས་སྤྱི་ཚོགས་ཞབས་ཞུའི་ལས་སྒྲུབ་པ་དང་དང་བླངས་ཞབས་ཞུའི་སྟོབས་ཤུགས་རྒྱ་སྐྱེད་དུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་ལྷོ་གསར་པ་འཛུགས་སྐྲུན་བྱེད་པར་མཉམ་ཤུགས་གཅིག་ཏུ་ཆགས་པར་བྱ་དགོས་ཞེས་ནན་གྱིས་བསྟན། 

ཚོགས་འདུ་ལས་ད་དུང་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།


热门新闻

热门图库

热门排行