གནད་བསྡུས། 详情

ཀོས་ནན་གྱིས་རྒྱུད་བཟང་མ་མོར་བརྟེན་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱས།

འབྲོག་ལུག་རྒྱུད་སྤེལ་གྱི་སྤུས་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ་དང་ལུག་རྒྱུད་བཟང་པོའི་གྲངས་འབོར་ཇེ་མང་དུ་གཏོང་ཆེད། ཟླ10པའི་ཚེས12ཉིན། ཀོས་ནན་རྫོང་ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱིས་མང་ར་ཤང་ཁུ་བྱུག་སྡེ་བའི་རྩྭ་རར་རྒྱུད་སྤེལ་ཐུབ་པའི་མ་མོའི་སྤུས་ཚད་གསལ་འབྱེད་དང་གཅིག་སྡུད་ལེགས་འདེམས་བྱས་པ་དང་། སྤུས་ལེགས་རྒྱུད་སྤེལ་ཐུབ་པའི་མ་མོ་ལེགས་འདེམས་དང་རིམ་དབྱེ་བགོ་བཤའ་བརྒྱབ་སྟེ། འབྱུང་རྩ་ནས་འབྲོག་ལུག་གི་ཐོན་སྐྱེད་ནུས་པ་ཆེ་རུ་བཏང་སྟེ་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་བརྟན་པོ་ཡོང་བར་རོགས་རམ་བྱས་པ་རེད།

གསལ་འབྱེད་ཡུལ་དངོས་སུ། ལག་རྩལ་མི་སྣས་ཚད་གཞིར་ནན་མོས་མ་མོའི་བོངས་ཚད་དང་བདེ་ཐང་གི་གནས་ཚུལ། ཁའི་ཆེ་ཆུང་། རྒྱུད་སྤེལ་ཆ་རྐྱེན་སོགས་ཀྱི་དམིགས་ཚད་རེ་རེ་བཞིན་ལེགས་འདེམས་དང་དཔྱད་བསྡུར་ཞིབ་ཚགས་བྱས་ཏེ། བོངས་ཚད་ཆེ་ལ་རྒྱུད་སྤེལ་ནུས་པ་བཟང་བའི་སྤུས་ལེགས་མ་མོ་གནད་འཁེལ་གྱིས་གདམ་གསེས་བྱས་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གསལ་འབྱེད་ལས་རྒྱུད་བཟང་དང་རྒྱུད་སྤེལ་ཐུབ་པའི་མ་མོ་ལེགས་འདེམས་བྱས་ཏེ། དེ་དག་ཀོས་ནན་རྫོང་ཐར་ཤུལ་ཤང་ཙག་པ་སྡེ་བར་བགོ་བཤའ་བརྒྱབ་ནས་ལུག་རྒྱུད་ཇེ་ལེགས་དང་རྒྱུད་སྤེལ་རྒྱ་ཆེར་གཏོང་བའི་ཐད་སྤྱོད་རྒྱུ་རེད། སྤུས་ལེགས་རྒྱུད་སྤེལ་ཐུབ་པའི་མ་མོའི་ལུག་རྒྱུད་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་བརྒྱུད་དེ། ལུ་གུའི་འཕེལ་ཚད་དང་འབྲོག་ལུག་གི་སྤྱིའི་སྤུས་ཚད་མཐོ་རུ་བཏང་ནས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་བར་ཕན་ཐོགས་ཡོད་པ་རེད།

ཀོས་ནན་རྫོང་ཕྱུགས་རིགས་སྨན་བཅོས་ས་ཚིགས་ཀྱི་ལག་རྩལ་མི་སྣ་ཧན་ཡན་ཏུང་གིས་བཤད་རྒྱུར། ང་ཚོས་ཡུལ་དངོས་ནས་རྒྱུད་བཟང་མ་མོ་ལེགས་འདེམས་བྱས་ཏེ། གསལ་འབྱེད་ཚད་ལྡན་ཡིན་པའི་རྒྱུད་བཟང་མ་མོ་སྡེ་བ་སོ་སར་བགོས་ཏེ། ས་གནས་ཀྱི་འབྲོག་ལུག་གི་སྤུས་ཚད་ཇེ་ལེགས་སུ་བཏང་ནས།  མང་ཚོགས་ཀྱིས་ལུག་རྒྱུད་བཟང་བོ་གསོ་སྤེལ་བྱེད་པ་དང་ཡོང་སྒོ་འཕར་བར་རོགས་རམ་བྱས་ཡོད་ཟེར།


热门新闻

热门图库

热门排行