རྒྱལ་སྤྱི། 详情

ཞི་ཅིན་ཕིང་གིས་པོ་ཚི་ཝ་ནཱའི་སྲིད་འཛིན་དང་གྲོས་མོལ་གནང་བ།

ཟླ10པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པོ་ཚི་ན་ཝའི་སྲིད་འཛིན་པོ་ཁོ་དང་གྲོས་མོལ་གནང་། འདི་ནི་གྲོས་མོལ་སྔོན་ལ་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མ་རུ་པོ་ཁོ་དང་ལྕམ་མོ་ཁཱ་ཨོ་ནེ་གཉིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་བསྡུས་པའི་རྣམ་པ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པོ་ཚི་ན་ཝའི་སྲིད་འཛིན་པོ་ཁོ་དང་གྲོས་མོལ་གནང་། རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་གྱིས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བར་རིམ་སྤོར་བྱ་རྒྱུ་ཁྱབ་བསྒྲགས་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། དུས་རབས་གོང་མའི་ལོ་རབས70པར་པོ་ཚི་ཝ་ནཱ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་མ་བཙུགས་སྔོན་དུ་འདེམས་ཤོག་འཕངས་ནས། ཀྲུང་གོ་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁྲིམས་མཐུན་གདན་ཐོབ་སླར་གསོ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཡོད། ད་སྐབས་ཕྱོགས་གཉིས་ཀྱིས་དེང་རབས་ཅན་གྱི་ཕུགས་འདུན་སྙེག་པའི་ལམ་བུའི་ཐོག་ལག་གདང་མཉམ་སྦྲེལ་གྱིས་མདུན་སྐྱོད་བྱས་ཏེ། ཀྲུང་གོ་དང་པོ་ཚི་ཝ་ནཱ་རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་འབྲེལ་བའི་ལེའུ་གསར་པ་མུ་མཐུད་དུ་རྩོམ་བཞིན་ཡོད། ཀྲུང་གོ་དང་པོ་ཚི་ཝ་ནཱའི་མཛའ་མཐུན་ནི་རྡོ་རྗེ་ཕ་ལམ་དང་འདྲ་བར་དུས་གཏན་དུ་འོད་སྟོང་འཕྲོ་བར་བྱ་དགོས། ཕྱོགས་གཉིས་ཀྱིས་ཕན་ཚུན་བརྟེན་རེས་རོགས་འདེགས་ཀྱི"མཛའ་མཐུན་ལམ་བུ"བློ་ལ་བརྟན་པོར་ངེས་དགོས་ཤིང་། དུས་རབས་གསར་པའི་ཀྲུང་གོ་དང་པོ་ཚི་ཝ་ནཱའི་འབྲེལ་བའི་འཕེལ་རྒྱས་ཀྱི"འོད་ཟེར་ལམ་ཆེན"དུ་ཡག་པོར་བསྐྱོད་དེ། འཛམ་གླིང་འཕེལ་རྒྱས་དང་ཡར་ཐོན་ཡོང་བར་སྟོབས་ཤུགས་འབུལ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། "ཕུགས་འདུན་གཅིག་མཐུན"བྱུང་ན་གཞི་ནས"བགྲོད་ལམ་གཅིག་མཐུན"ཡོང་ཐུབ། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར105ལོན་པའི་ལོ་ཡིན་ལ། པོ་ཚི་ཝ་ནཱར་རང་བཙན་ཐོབ་ནས་ལོ་འཁོར60ལོན་པའི་ལོ་ཡང་རེད། རྒྱལ་ཁབ་གཉིས་ཀྱི་སྲིད་སྐྱོང་ཏང་གིས་མཉམ་ལས་ལ་ཤུགས་སྣོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ནས་འདུ་ཤེས་མཉམ་འདྲེས་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་པོ་ཚི་ཝ་ནཱ་ཕྱོགས་ཀྱིས་རང་ངོས་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་སྒྲོམ་གཞི་སྔར་བས་འཐུས་ཚང་དུ་བཏང་ནས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་ཕྱི་ཕྱོགས་འབྲེལ་བ་བྱུང་བའི་རྒྱལ་ཁབ་ཁག་ལ་ཕྱོགས་ཡོངས་ནས་སྒོ་ཁྲལ་མེད་པར་བཟོས་པའི་གོ་སྐབས་གསར་པ་བེད་སྤྱོད་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་པོ་ཚི་ཝ་ནཱ་ཕྱོགས་དང་མཉམ་དུ་གྲངས་ཀའི་དཔལ་འབྱོར་དང་ཞིང་ལས། ཕྱུགས་ལས་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། "ཤེས་རབ་སློབ་གསོའི"ལས་གཞི་ལག་ལེན་དུ་བསྟར་ནས་པོ་ཚི་ཝ་ནཱ་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ཀྲུང་པོ་དང་ཀྲུང་ཧྥེའི་གཏེར་ལས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་དགོངས་གཞི་ཁག་བཞི་བཏོན། གཅིག་ནི་ཨ་ཧྥེ་རི་ཁའི་ཐོན་ཁུངས་ཨ་ཧྥེ་རི་ཁར་གཏོགས་པའི་མཉམ་ལས་ཀྱི་སྔོན་འགྲོའི་ཆ་རྐྱེན་རྒྱུན་འཁྱོངས་བྱ་རྒྱུ་དང་། ཀྲུང་གོས་རང་ངོས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་གཏེར་ལས་འཕེལ་རྒྱས་ཀྱི་འཆར་འགོད་བཟོ་རྒྱུར་རོགས་རམ་བྱེད་འདོད་ཡོད། གཉིས་ནི་དྲང་བདེན་དང་ཁེ་ཕན་གཉིས་ལྡན་གྱི་མཉམ་ལས་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་གཉེར་སྐྱོང་བྱེད་ནུས་ཆེ་རུ་གཏོང་བར་མུ་མཐུད་དུ་སྐུལ་མ་གཏོང་རྒྱུ་ཡིན་ལ། ཨ་ཧྥེ་རི་ཁའི་དོན་དངོས་གནས་ཚུལ་དང་མཐུན་པའི་ལྗང་མདོག་ལག་རྩལ་སྤོ་སྒྱུར་བྱས་ནས། གཏེར་ལས་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན། གསུམ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མཉམ་ལས་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་གཏེར་ལས་མཉམ་ལས་དེ་ཐོན་ལས་ཀྱི་རིན་ཐང་འཕར་མའི་ཕྱོགས་སུ་བསྒྱུར་བར་མུ་མཐུད་དུ་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། འགན་ཁུར་ཐེག་ཐུབ་པ་དང་རྒྱུན་མཐུད་ཐུབ་པའི་གསར་གཏོད་ཀྱི་དངུལ་སྒྲིལ་རྣམ་པ་འཚོལ་ཞིབ་བྱས་ཏེ། ཆུ་ཚད་མཐོ་བའི་མཉམ་ལས་ལ་བརྟེན་ནས་ཨ་ཧྥེ་རི་ཁའི་དེང་རབས་ཅན་གྱི་འཕེལ་རིམ་ལ་རམ་འདེགས་བྱ་རྒྱུ་ཡིན། བཞི་ནི་འདྲ་མཉམ་སྒོ་འབྱེད་ཀྱི་མཉམ་ལས་ཁོར་ཡུག་རྒྱུན་འཁྱོངས་བྱེད་དགོས། ཨ་ཧྥེ་རི་ཁའི་ཐོན་ཁུངས་ས་བབ་ཆབ་སྲིད་འཐབ་རྩོད་ཀྱི་ལག་ཆར་འགྱུར་མི་རུང་ཞིང་། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་སོ་སོས་ལྷག་བསམ་རྣམ་དག་གིས་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ། ཨ་ཧྥེ་རི་ཁ་ཕྱོགས་དང་མཉམ་དུ་ཁེ་ལས་ཀྱི་དངུལ་གཏོང་གཉེར་སྐྱོང་ལ་སྔར་བས་འཚམས་པའི་ཆ་རྐྱེན་བསྐྲུན་འདོད་ཡོད།

ཟླ10པའི་ཚེས13ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཡོང་བའི་པོ་ཚི་ན་ཝའི་སྲིད་འཛིན་པོ་ཁོ་དང་གྲོས་མོལ་གནང་།

པོ་ཁའོ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག ཀྲུང་གོས་འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་དབང་འཕྲོག་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་ཡོད་ཅིང་། ཀྲུང་གོས་དབུལ་ཕོངས་མི་འབོར་དུང་ཕྱུར8ཡོད་པ་ཚང་མ་དབུལ་ཐར་མངོན་འགྱུར་བྱུང་སྟེ། ཀྲུང་གོའི་ཁྱད་ཆོས་ཀྱི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་པར། པོ་ཚི་ཝ་ནཱ་ཕྱོགས་ཀྱིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་དགོས། པོ་ཚི་ཝ་ནའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱ་རྒྱུ་དང་། "ཐའེ་ཝན་རང་བཙན"གྱི་ཁ་བྲལ་ངན་ཇུས་ལ་ངོ་རྒོལ་དང་། སྟོབས་ཤུགས་གང་རུང་ཞིག་གིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན།  པོ་ཚི་ཝ་ནའི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་པོ་ཚི་ཝ་ནའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་། ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་པོ་ཚི་ཝ་ནར་མ་དངུལ་གཏོང་བར་དགའ་བསུ་དང་། "རྒྱུད་གཅིག་ལམ་གཅིག"དང་། བཟོ་ལས། ཞིང་ལས། གཏེར་ལས། གསར་གཏོད། གྲངས་འཛིན་གཞན་སྒྱུར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ངེས་པ་དོན་གྱིས་གྲུབ་འབྲས་སྔར་ལས་མང་པོ་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གིས་འགྲན་སློང་གལ་ཆེན་ལ་གདོང་གཏོད་པའི་སྐབས་སུ་འཛམ་གླིང་ཡོངས་ཀྱི་གྲོས་འགོ་ཆེན་པོ་བཞི་བཏོན་པས། དེས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མཚོན་ལ།  མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྒྲིག་སྲོལ་སྲུང་སྐྱོང་བྱེད་པར་ཕན།  པོ་ཚི་ཝ་ནའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་དང་།  འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་ཤུགས་སྣོན། ཀྲུང་ཧྥེའི་མཐུན་སྒྲིལ་མཉམ་ལས་ལ་ཡར་སྐུལ་བྱས་ཏེ། འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་མ་ལག་དེ་བས་བསྟུན་མཁས་དང་དེ་བས་མཚོན་བྱེད་རང་བཞིན་ལྡན་པར་བྱེད་དགོས།

གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་འཛམ་གླིང་ཧྲིལ་པོའི་བདེ་འཇགས་གྲོས་འགོ་དོན་འཁྱོལ་དང་། "རྒྱུད་གཅིག་ལམ་གཅིག"མཉམ་སྐྲུན། ལྗང་མདོག་གཏེར་ཁ། འཕྲོད་བསྟེན་བདེ་ཐང་། མི་ཤུགས་ཐོན་ཁུངས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མིང་རྟགས་བཀོད་པར་མཉམ་དུ་བདེན་དཔང་གནང་།

འཚམས་འདྲིའི་སྐབས་སུ།  ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པོ་ཚི་ཝ་ན་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།

དགོང་མོར་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་པོ་ཁོའོ་བཟའ་ཟླ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བསྡུས།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས། །

热门新闻

热门图库

热门排行