སྲིད་དོན། 详情

ཁུལ་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས།

 ཟླ10པའི་ཚེས12ཉིན། ཁུལ་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་བའི་སྐུལ་འདེད་ཚོགས་འདུ་བསྡུས་ཤིང་། ཚོགས་འདུ་ལས་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་གསུམ་བྱ་བའི་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། གོང་རིམ་གྱི་འབྲེལ་ཡོད་ཚོགས་འདུ། མགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཁུལ་ཡོངས་ཀྱི་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་བའི་སྐུལ་འདེད་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀའོ་ཡུང་ཧུང་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཚོགས་འདུར་མགོ་འཛིན་གནང་བར་མ་ཟད་རྗེས་མའི་གཙོ་གནད་བྱ་བར་བཀོད་སྒྲིག་ཀྱང་གནང་།

ཚོགས་འདུ་ལས་རྫོང་དང་ཤང་། སྡེ་བ་བཅས་ཀྱི་འགན་འཁྲི་གཙོ་བོ་དང་ལས་རིགས་སྡེ་ཁག་གི་མཉམ་སྒྲུབ་འགན་འཁྲི།སྡེ་བར་བཅའ་སྡོད་རོགས་སྐྱོར་འགན་འཁྲི་ནན་དུ་བཏང་ནས་རྫོང་རིམ་པས་འཐབ་ས་དང་པོའི་བཀོད་འདོམས་པུའུ་ཡག་པོ་བྱེད་པ་དང་། ཤང་གྲོང་དང་སྡེ་བ་རིམ་པ་གཉིས་ཀྱིས་དུད་ཚང་དུ་བསྐྱོད་དེ་མཐིལ་རྟོགས་གྲལ་བཤེར་དང་སྲིད་ཇུས་དུད་ཚང་དུ་དོན་འཁྱོལ་ནན་ཏན་བྱས་ནས་སྡེ་བར་བཅའ་སྡོད་ལས་བྱེད་པའི་དོ་དམ་དཔྱད་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་། ཁུལ་ཨུའི་ཞིང་ལས་གཞུང་སྒྲུབ་ཁང་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་བྱ་བའི་ཆེད་དོན་འཛིན་གྲྭས་གཅིག་གྱུར་ལྟ་སྐུལ་མཛུབ་སྟོན་ཡག་པོ་བྱེད་པ། རེའུ་མིག་གཅིག་ཡག་པོ་བཟོ་བ་དང་། སྲོག་ཤིང་གཅིག་ལ་དམ་འཛིན་ནན་མོ་བྱེད་པ།དུས་རིམ་གྱི་འཕེལ་རིམ་ཁོང་དུ་ཆུད་པར་བྱེད་པ་བཅས་ཀྱི་བླང་བྱ་གསུམ་དོན་འཁྱོལ་བྱས་ནས་བྱ་བའི་འཕེལ་རིམ་གྱི་རྩིས་ཁྲ་བཟོས་ཏེ་ཉིན་བཅུ་ལྟར་བརྡ་ཁྱབ་གཏོང་བ་དང་རེ་རེ་བཞིན་ཐོ་ཁོངས་ནས་སུབ་པ་ལག་བསྟར་བྱ་དགོས། རོང་འབྲོག་པའི་འབབ་འཕར་གྱི་སྲོག་ཤིང་ལ་དམ་པོར་དམིགས་ནས་གཞི་རྒྱ་ཆེ་བའི་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་བརྟན་པོ་སྲུང་བ་དང་འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་འཁུར་ནས་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་བར་བརྩོན་ལེན་བྱ་དགོས། ལས་གཞི་ལག་བསྟར་བྱེད་ཚད་མགྱོགས་སུ་གཏོང་བ་དང་གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་དང་ཚན་རྩལ་ཆེད་མངགས་ཚོགས་པའི་རིག་སྟོབས་ནུས་པ་འདོན་སྤེལ་བྱ་དགོས། སྲིད་ཇུས་དང་མི་སྣ་མང་བའི་དམིགས་བསལ་དུས་མཚམས་ལ་གཞིགས་ནས་རོགས་སྐྱོར་སྲིད་ཇུས་ཁག་ཁོང་དུ་ཆུད་པ་དང་བེད་སྤྱོད་ཡག་པོ་བྱས་ཏེ། སྡེ་བའི་བཅའ་སྡོད་ལས་བྱེད་པར་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་ཚུལ་མིན་སྤྱོད་ཚུལ་བཅོས་སྐྱོང་གཏིང་ཟབ་ཏུ་བཏང་ནས་ལས་གཞིའི་མ་དངུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་བསྟན།

ཚོགས་འདུ་ལས་རྒྱུན་རྣམ་ཅན་གྱི་བཅར་འདྲིའི་གྲལ་བཤེར་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་དབྱེ་འབྱེད་ངོས་འཛིན་དང་རོགས་སྐྱོར་ལག་བསྟར། ཉེན་ཁ་ཕྱིར་འཐེན་བཅས་ཀྱི་གོ་རིམ་ཧྲིལ་པོའི་དོ་དམ་ཚད་ལྡན་དུ་བཏང་ནས་རྨང་གཞིའི་གཞི་གྲངས་ཀྱི་ཆ་འཕྲིན་སྤུས་ཚད་མཐོ་རུ་གཏོང་དགོས་ཤིང་། སློབ་གསོ་དང་སྨན་བཅོས། སྡོད་ཁང་། འཐུང་ཆུ་བཅས་ཀྱི་བདེ་འཇགས་འགན་སྲུང་ཕན་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་། ས་ཡོམ་གནོད་འཚེ་བྱུང་རྗེས་ཀྱི་སྡོད་ཁང་ཉམས་གསོ་བསྐྱར་སྐྲུན་གྱི་འབྲེལ་ཡོད་བྱ་བར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། ཉེན་ཁ་དང་བྱུར་རྐྱེན་སྣ་ཚོགས་ཀྱི་གྲལ་བཤེར་དང་བཅོས་སྐྱོང་རྒྱུན་ལྡན་ཅན་དུ་འགྱུར་བ་བཅས་བྱ་དགོས་ཞེས་བླང་བྱ་བཏོན།


热门新闻

热门图库

热门排行