སྲིད་དོན། 详情

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱ་བསྐྱེད་ཚོགས་འདུ་བསྡུས་པ།

 ཟླ10པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་མགོ་འཛིན་བྱས་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་ཚོགས་འདུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། དུས་ཚིགས་བཞི་པའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས་ནས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཡིད་ཆེས་བརྟན་པོ་དང་དཀའ་སྤྱད་འབད་བརྩོན་གྱིས་དུས་ཚིགས་བཞི་པར་ནུས་ཤུགས་ཡོད་རྒུ་བཏོན་ཏེ། ལོ་འཁོར་གྱི་ལས་འགན་རྣམས་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་འབྱུང་བ་དང་། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་མགོ་ལེགས་པོ་ཞིག་རྩོམ་པར་འགན་ལེན་བྱ་དགོས།

ཚོགས་འདུ་ལས་ད་ལོའི་ཚུན་ལ། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ལོ་སྟོད་ཀྱི་གཏན་འཁེལ་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ། འཕར་སྣོན་བརྟན་པོ་དང་སྒྲིག་གཞི་ལེགས་སྒྲིག བཅོས་བསྒྱུར་སྐུལ་འདེད། དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག་བཅས་ཀྱི་བྱ་བ་སོ་སོར་གཅིག་གྱུར་སྐུལ་འདེད་བཏང་བས། སྤྱིའི་ཆ་ནས་སྐུལ་འདེད་ནུས་ལྡན་དང་འཕེལ་རིམ་ལ་གོ་རིམ་ལྡན་པ་ཞིག་ཡིན། དུས་ཚིགས་བཞི་པ་ནི་ལོ་ཧྲིལ་པོའི་བྱ་བ་མཇུག་བསྡུ་བའི་འགག་རྩའི་དུས་སྐབས་དང་སང་ལོའི་བྱ་བར་ཇུས་འགོད་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཡིན་པས། དམིགས་ཚད་མི་འགྱུར་བ་དང་ལས་འགན་ཇེ་ཉུང་དུ་མི་གཏོང་བ། ཚད་གཞི་ཇེ་དམའ་རུ་མི་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། འབད་བརྩོན་དང་ཐོད་བརྒལ་གྱི་རྣམ་པར་བརྟེན་ནས་ལས་གཞིར་སྐུལ་འདེད་གཏོང་བའི་ཁྲོད་མྱུར་ཚད་ལ་དོ་དམ་ཚོད་འཛིན་བྱས་ནས་ལས་འགན་དུས་ལྟར་སྤུས་ཚད་ལྡན་པའི་སྒོ་ནས་ལེགས་གྲུབ་ཡོང་བར་འགན་ལེན་བྱས་ཏེ། མཐར་མཇུག་གི་དུས་རིམ་དུ་རང་འགུལ་གྱིས་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ་ལས་འགན་ཁག་དོན་འཁྱོལ་ཏན་ཏིག་ཡོང་བར་འགན་ལེན་བྱས་ནས་ལོ་འཁོར་གྱི་དམིགས་འབེན་ལེགས་འགྲུབ་ཡོང་བར་བྱ་དགོས་ཞེས་བསྟན།

      གྲོས་ཚོགས་ལས་ཆབ་སྲིད་ཀྱི་གོ་རྟོགས་མཐོ་རུ་བཏང་ནས། རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱ་དགོས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུས་བཀོད་སྒྲིག་བྱས་པའི་བྱ་བ་གལ་ཆེན་ལ་དམིགས་ནས། རེ་རེ་བཞིན་རྩིས་བཤེར་དང་ཆད་ལུས་ཁ་གསབ་བྱས་ཏེ། རང་འགུལ་ངང་བྱས་རྗེས་འཇོག་པ་དང་འགན་འཁྲི་གཙང་སྒྲུབ་བྱས་ནས། བདེ་འཇགས་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་དང་དངོས་འཛིན་དངོས་སྒྲུབ་ཀྱི་བྱ་བའི་ཕན་འབྲས་ལ་བརྟེན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་མ་ཞུ་དགོས། གཙོ་གནད་ལས་འགན་ལ་དམིགས་ནས་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་དང་རྩིས་བཤེར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་བཅས་ཀྱི་ཚུར་ལན་གནད་དོན་དག་ཐེར་ཡོ་བསྲང་བྱ་བར་དམིགས་ནས། གཅིག་ཤེས་ཀུན་གྲོལ་དང་རྩ་ལག་མཉམ་བཅོས་ཀྱིས་རེ་རེ་བཞིན་ཐག་གཅོད་བྱ་དགོས། དག་གཙང་མཚོ་ལྷོ་ཞེས་པའི་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་བྱ་བ་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འཆར་ཅན་ལྟ་ཞིབ་བྱ་བ་ཡག་པོ་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། ཚོང་འགུག་དངུལ་འདྲེན་གྱི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་བ། ནོར་སྲིད་མ་དངུལ་བེད་སྤྱོད་བྱེད་པའི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། དམངས་འཚོའི་དོན་དངོས་ཁག20དོན་འཁྱོལ་བྱེད་པར་ལྟ་སྐུལ་བཏང་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་མ་དངུལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། གླ་ཕོགས་ཆད་པའི་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་བྱ་འགུལ་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དྲོད་རླངས་མཁོ་འདོན་འགན་ལེན་དང་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་མཐའ་ཚད་ཇེ་བརྟན་དུ་བཏང་ནས་སེམས་རྣལ་དུ་ཕབ་སྟེ་དམངས་ཚིས་འགན་སྲུང་དང་ལེགས་སྒྱུར་བྱ་བ་ལེགས་པར་བསྒྲུབ་དགོས། དགུན་དུས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་དང་གནོད་འཚེ་སྔོན་འགོག བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ། ཡིག་བསྐུར་ངོ་བཅར་བྱ་བ་ཁྲིམས་སྐྱོང་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་འཇོམས་ངན་སེལ་གྱི་བྱ་འགུལ་སྤེལ་ཏེ་བདེ་འཇགས་བརྟན་ལྷིང་གི་འགོག་སྲུང་མཐའ་གཅིག་ཏུ་བརྟན་དུ་གཏོང་དགོས། དུས་ཚིགས་བཞི་པ་དང་ལོ་འཁོར་གྱི་དཔྱད་ཞིབ་དང་ཞིབ་བཤེར་བྱ་བ་སོ་སོ་ཏན་ཏིག་གིས་བསྒྲུབ་སྟེ། སུས་གཙོ་གཉེར་བྱས་ན་དེས་འགན་འཁུར་བ་དང་རང་འགུལ་ངང་དམིགས་ཚད་དང་རེའུ་མིག་ལ་མཐུན་པར་བྱས་ནས་གྲུབ་འབྲས་བཟང་བོ་བརྩོན་ལེན་བྱ་དགོས། ལོ་ལྔའི་འཆར་གཞི་བཅོ་ལྔ་པའི་འཆར་འགོད་ལ་དམིགས་ནས་ལས་གཞིའི་དུས་མགོའི་བྱ་བ་ཇེ་བརྟན་དུ་གཏོང་བ་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་ཁ་གཏད་རོགས་སྐྱོར་སོགས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས། ཡུན་རིང་གི་འཕེལ་རྒྱས་ལ་རྨང་གཞི་བཟང་བོ་འདིང་དགོས། ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། ཆེད་དོན་བྱ་བའི་ཚན་ཆུང་གི་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་སྔར་ལས་མང་པོ་ཞིག་ཟབ་ཞུགས་བྱེད་པ་དང་འཛུགས་སྐྲུན་བྱེད་མཁན་དུ་འགྱུར་བར་ཁྲིད་སྟོན་བྱས་ཏེ། ཏང་ཡོན་གྱིས་སྣེ་ཁྲིད་པ་དང་མང་ཚོགས་ཟབ་ཞུགས་བྱེད་པ། མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་ནུས་པ་ལྡན་པའི་གཞི་རྟེན་ཞིག་ཏུ་འགྱུར་བར་བྱས་ཏེ། ཏང་གི་རྩ་འཛུགས་ཀྱི་ལེགས་ཆ་དེ་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་དང་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱོད་ཚུལ་བསྒྱུར་བ་དང་བྱེད་པོའི་འགན་འཁྲི་བརྟན་པོ་འཁུར་ནས། གོང་གིས་འོག་ལ་སྣེ་ཁྲིད་དང་གཞོགས་འདེགས་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྗེས་འདེད་སྒྲུབ་སྐུལ་དང་གདུབ་ཟུམ་དོན་འཁྱོལ་བྱ་རྒྱུར་ཤུགས་བསྣན་ཏེ། བྱ་ཐབས་ནུས་ལྡན་དང་བློ་སྤོབས་ཆེན་པོའི་ཐོག་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སོ་སོ་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།


热门新闻

热门图库

热门排行