སྲིད་དོན། 详情

མཚོ་ལྷོ་ཁུལ་གྱིས་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་བྱ་བའི་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་བསྡུས།

 ཟླ10པའི་ཚེས12ཉིན། མཚོ་ལྷོ་ཁུལ་གྱིས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་དུས་ཚིགས་བཞི་པའི་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་བྱ་བའི་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་ལམ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཚོགས་འདུ་དང་དེ་མིན་མགོ་ཁྲིད་ཀྱི་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། དུས་ཚིགས་སྔོན་མ་གསུམ་གྱི་རིམ་པ་ཁག་གི་ལྟ་ཞིབ་སྐོར་ཞིབ་གནད་དོན་བཅོས་སྐྱོང་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་བཏང་བ་དང་ལོ་མཇུག་གི་བདེ་འཇགས་ཉེན་ཁར་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་བཅད་དེ་དུས་ཚིགས་བཞི་པའི་གཙོ་གནད་བྱ་བར་བཀོད་སྒྲིག་བྱས་ཤིང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། ཁུལ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་སུན་ཅུན་ཞཱ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་།

ཚོགས་འདུ་ལས་དུས་ཚིགས་སྔོན་མ་གསུམ་པར་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཆེན་པོ་བྱུང་མེད་ལ། དུས་ཚིགས་བཞི་པ་ནི་ལས་གཞིར་སྐུལ་འདེད་གཏོང་བ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་མང་བའི་འགག་རྩའི་དུས་ཤིག་ཡིན་པར་མ་ཟད། བད་རྒྱག་པ་དང་ཁ་བ་འབབ་པ། སྨུག་པ་འཐིབ་པ་སོགས་དུས་ཚིགས་རང་བཞིན་གྱི་འགྱུར་ལྡོག་ཆེ་བའི་གནམ་གཤིས་དང་། གཞུང་ལམ་འགྲིམ་འགྲུལ། ཨར་ལས་བཟོ་སྐྲུན་དང་སོལ་རླངས་མེ་ཟོན། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན། དགུན་དུས་ཀྱི་དྲོད་འདོན་སོགས་ཁྱབ་ཁོངས་ཀྱི་ཉེན་ཁར་མཉམ་དུ་འཕྲད་ཡོད་པ་དང་། བདེ་འཇགས་སྔོན་འགོག་གི་གནས་བབ་ཛ་དྲག་དང་རྙོག་འཛིང་ཆེ་བས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ངེས་པར་དུ་ཚད་མཐོའི་དོགས་ཟོན་བྱས་ནས་ལོ་མཇུག་གི་བདེ་འཇགས་དོ་དམ་ཚོད་འཛིན་གྱི་བྱ་བ་ཁག་ལ་དམ་འཛིན་ནན་མོ་བྱ་དགོས་ཞེས་བསྟན།

ཚོགས་འདུ་ལས་བདེ་འཇགས་ཐོན་སྐྱེད་ཀྱི་ལོ་གསུམ་གྱི་རྩ་བཅོས་འགག་སྒྲོལ་འགུལ་སྐྱོད་ཀྱི་མཇུག་བསྡུ་དང་ལོ་མཇུག་གི་དཔྱད་ཞིབ་སྐོར་ཞིབ་སོགས་ལ་དམིགས་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་དང་ཚད་གཞི་དམའ་རུ་མི་གཏོང་རྒྱུ་རྒྱུན་འཁྱོངས་ཀྱིས་དུས་ཚིགས་བཞི་པའི་བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒྲོལ་བྱ་བར་དམ་འཛིན་བྱ་དགོས། རྩ་བཅོས་འགག་སྒྲོལ་ལོ་གསུམ་གྱི་བྱ་སྤྱོད་མཇུག་བསྒྲིལ་བར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཏེ། ཆེད་དོན་བྱ་སྤྱོད་ཆེན་པོ་དགུ་དོན་འཁྱོལ་བྱས་པའི་ཕན་འབྲས་ཕྱོགས་ཡོངས་ནས་སླར་གསོ་བྱས་ནས་རྒྱུན་རྣམ་ཅན་གྱི་སྒོ་ནས་བྱུར་རྐྱེན་བཅོས་སྒྲིག་སྤྱི་སྡོམ་དང་བྱུར་རྐྱེན་བསྐྱར་ལོག་དང་དོ་དམ་ཆད་ལུས་ལ་དོགས་ཟོན་ནན་མོ་བྱས་ནས། ལོ་གསུམ་གྱི་བྱ་སྤྱོད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྒྲིལ་བར་འགན་ལེན་བྱ་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བྱུར་རྐྱེན་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ་བྱས་ཏེ། གཞུང་ལམ་འགྲིམ་འགྲུལ་དང་། ཨར་ལས་འཛུགས་སྐྲུན། གཏེར་རི་ཉེན་ཁ་ཅན། གྲོང་ཁྱེར་དང་གྲོང་བརྡལ་གྱི་སོལ་རླངས། གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་ཁང་པ། མི་སྣ་འདུ་འཛོམས་ཆེ་ས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གྲལ་བཤེར་ལེགས་པོ་བྱས་ནས། གནད་དོན་བྱུར་རྐྱེན་བཅོས་སྐྱོང་དང་བྱུར་རྐྱེན་ཚབས་ཆེན་ལ་གསལ་འདེབས་སྒྲུབ་སྐུལ་བྱེད་པའི་དོ་དམ་དོན་འཁྱོལ་ནན་མོ་བྱ་དགོས། ཁྲིམས་བསྟར་ལྟ་སྐུལ་དོ་དམ་དང་འཕྲལ་བསྟུན་གྲ་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་ལ་དམིགས་ནས་བདེ་འཇགས་མིན་པའི་ཉེན་བརྡ་དུས་ཐོག་ཏུ་གཏོང་བ། འཕྲལ་སྒྲུབ་ཞིབ་བཤེར་དང་འཕྲལ་བསྟུན་གྲལ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་བ་བཅས་བྱ་དགོས།འཕྲལ་བསྟུན་སྔོན་ཇུས་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་འཕྲལ་བསྟུན་སྟོབས་ཤུགས་དང་དངོས་ཟོག་གྲབས་གསོག་བྱས་ཏེ། ཉེན་ཁ་ཆེ་བའི་འགྲོ་ལམ་དང་ཉེན་ཡོད་དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་ལ་ཆག་སྒོ་འབྱུང་བ་དང་མི་སྣ་འདུ་འཛོམས་ཆེ་སར་མེ་སྐྱོན་ཤོར་བ་སོགས་ཀྱི་དངོས་འཐབ་འཁྲབ་སྦྱོང་རྒྱུན་རྣམ་ཅན་དུ་འགྱུར་བ་བྱས་ནས། ཆུ་ཚོད24ཡི་ལས་རེས་དང་ཆ་འཕྲིན་གོང་ཞུ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་དགོས་ཞེས་བླང་བྱ་བཏོན།

ཁུལ་སྲིད་གཞུང་གི་ལས་བགོས་དྲུང་ཡིག་ཆེན་མོ་གཞོན་པ་དང་རྫོང་སྲིད་གཞུང་ཁག་གི་ལས་བགོས་འགན་འཁུར་བློ་མཐུན། ཁུལ་དང་རྫོང་གི་བདེ་འཇགས་ཨུ་ལྷན་གྱི་ཁོངས་གཏོགས་སྡེ་ཁག་དང་དེ་བཞིན་གཙོ་གནད་ཁེ་ལས་ཀྱི་འགན་འཁུར་པ་བཅས་ཚོགས་འདུར་ཞུགས་ཡོད།


热门新闻

热门图库

热门排行