སྲིད་དོན། 详情

ཞུང་ཡོན་ལའེ་ཡིས་གུང་ཧོ་རྫོང་དུ་གཙོ་གནད་བྱ་བར་རྟོག་ཞིབ་གནང་།

ཟླ10པའི་ཚེས10ཉིན་ནས་ཚེས11ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་སྤྱད་དེ། གུང་ཧོ་རྫོང་གི་ཤང་གྲོང་ཁག་ཅིག་ཏུ་བསྐྱོད་དེ་ཡུལ་དངོས་སུ་ཅན་བཅུའི་ཏང་འཛུགས་སྐྱོང་དང་སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་། མཚོ་སྐོར་མཛེས་ལྗོངས་ཁུལ་འཆར་འགོད་འཛུགས་སྐྲུན། གཞི་རིམ་གྱི་དམངས་འཚོའི་འགན་ལེན། ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་གཙོ་གནད་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྟག་དཔྱད་ཞིབ་འཇུག་དང་གཞི་རིམ་བཅོས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་དུ་བསྟར་ནས་ཅན་བཅུའི་ཏང་འཛུགས་སྐྱོང་དམ་འཛིན་བྱས་ནས། གཞི་རིམ་གྱི་རྨང་གཞི་བརྟན་པོ་དང་སྡེ་བ་རིམ་པའི་ཐོན་ལས་སྟོབས་ཆེར་བཏང་སྟེ། མི་སྡོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་དམངས་འཚོའི་བདེ་སྐྱིད་ཆེ་རུ་བཏང་ནས། ཏན་ཏིག་སྒོས་ཏང་གི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་དངོས་སུ་བསྒྱུར་དགོས་ཞེས་ནན་གྱིས་བསྟན། 

QQ20261013-141840.jpg

ཆབ་ཆ་གྲོང་བརྡལ་སོར་རྒྱག་སྡེ་བ་དང་ཨེར་སྟི་ཤང་ཆུ་རྔ་སྡེ་བ། ཅང་སི་གྲོང་བརྡལ་གཡོན་རུ་སྡེ་བ། སྤྲེའུ་ནག་གྲོང་བརྡལ་ཐེབ་རྒྱ་སྡེ་བ་དང་སྦྲུལ་ལུང་སྡེ་བ་བཅས་སུ་ཞུང་ཡོན་ལའེ་ཡི་ཁྱིམ་ཚང་དུ་སོང་ནས་གཞི་རིམ་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་དང་མཉམ་དུ་གླེང་མོལ་བྱས་ཏེ་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་སྟེ།ཁོས་ཐོན་ལས་འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་འབབ་འཕར་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་བ། དྲིལ་སྒྲོག་སློབ་གསོའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་མི་སྡོད་ཁོར་ཡུག་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་དགོས་ཞེས་བསྟན། 

QQ20261013-141857.jpg

ལྷོ་རིའི་ལྗོངས་གཟིགས་སྟེགས་བུ་དང་རྨོག་རུ་སྡེ་བའི་དམངས་སྲོལ་ཚོང་གཉེར་ས་ཚིགས། རྟ་ནག་མ་གྲོང་བརྡལ། གུང་ཧོ་གཤོང་སའི་བུ་ཧ་ཆུ་འདྲེན་བཟོ་སྐྲུན་ས་ཚིགས་བཅས་སུ། ཞུང་ཡོན་ལའེ་ཡིས་ཡུལ་དངོས་སུ་ལས་གཞིའི་འཛུགས་སྐྲུན་དང་ཐོན་ལས་གཉེར་སྐྱོང་། འཆར་འགོད་བཀོད་སྒྲིག་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་སྟེ། ཁོས་ཕྱོགས་མང་མཉམ་འགུལ་དང་ཚན་རིག་གི་རིགས་སྒྲུབ་ལ་བརྟེན་ནས། ལྷོ་རིའི་ལྗོངས་གཟིགས་སྟེགས་བུའི་ལྟ་སྐོར་འགྲིམ་འགྲུལ་སྒྲིག་བཀོད་ཀྱི་ཇུས་གཞི་ཇེ་ལེགས་དང་འཐུས་ཚང་དུ་གཏོང་བ་དང་། ཉའི་གསོ་སྤེལ་ར་བའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་བྱེད་པར་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རོང་འབྲོག་སྤྲོ་སྐྱིད་གླིང་དང་དམངས་སྲོལ་འཕྲོད་བསྟེན་གྱི་ཚད་གཞི་དང་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་ནས། སྤྲོ་སེམས་འཁོལ་བས་མགྲོན་པོར་སྣེ་ལེན་བྱེད་པ་དང་དཔལ་ཡོན་ལྡན་པའི་ཞབས་ཞུས་ཡུལ་སྐོར་གྱི་སྣང་བརྙན་ལེགས་པོ་བསྐྲུན་དགོས། དམ་ཚགས་དང་ལེགས་བསྡུས་ཞིབ་གཉེར་མཐའ་འཁྱོངས་བྱས་ཏེ། ཚད་གཞི་མཐོན་པོས་རྟ་ནག་མ་གྲོང་བརྡལ་ལ་འཆར་འགོད་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། རྣམ་པར་གཅིག་གྱུར་འཆར་འགོད་བྱས་ནས་བྱེད་ནུས་འཐུས་ཚང་ཡིན་པའི་ཁྱད་ལྡན་ཡུལ་སྐོར་གྲོང་བརྡལ་ཞིག་གཏོད་དགོས། བུ་ཧ་ཆུ་འདྲེན་བཟོ་སྐྲུན་གྱི་དུས་མགོའི་བྱ་བ་དམ་འཛིན་བྱས་ཏེ། བཟོ་སྐྲུན་གྱི་ཇུས་གཞི་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་མཚོ་མཐའི་འགྲམ་རྒྱུད་ཀྱི་ཆུའི་དགོས་མཁོ་སྤྱི་ལ་ནས་དམིགས་ནས་ཆུའི་ཐོན་ཁུངས་ཀྱི་འགན་ལེན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

QQ20261013-141916.jpg

ཅང་སི་གྲོང་བརྡལ་འཕྲོད་བསྟེན་ཁང་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་རུ། ཞུང་ཡོན་ལའེ་ཡིས་སྨན་བཅོས་ཞབས་ཞུ་དང་སློབ་གྲྭའི་དོ་དམ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་བར་མ་ཟད། སྨན་བཅོས་སྡེ་ཁག་དང་སློབ་གྲྭའི་འགན་འཁུར་བའི་སྙན་ཞུར་ཉན་ཏེ། སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་སྲིད་ཇུས་རྟོགས་ཚད་མཐོ་རུ་གཏོང་དགོས། ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུའི་བརྒྱུད་རིམ་ཇེ་ལེགས་དང་སྨན་བཅོས་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། མང་ཚོགས་ཀྱིས་ས་ཆ་གཞན་དུ་སྨན་བཅོས་བྱེད་པར་སྟབས་བདེ་བསྐྲུན་དགོས་པ་དང་། སློབ་གྲྭའི་ཟས་རིགས་ཉོ་སྒྲུབ་ཚད་ལྡན་དུ་བཏང་ནས་ཟས་རིགས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས། སློབ་གྲྭའི་ཁོར་ཡུག་མཛེས་བཟོའི་བྱ་བར་དམ་འཛིན་དང་སློབ་མའི་མལ་ཁང་དོ་དམ་ལ་ཤུགས་སྣོན་བྱས་ཏེ་འཚོ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱ་དགོས་ཞེས་བླང་བྱ་བཏོན།       ཅང་སི་གྲོང་བརྡལ་སྲིད་གཞུང་དང་སྤྲེའུ་ནག་གྲོང་བརྡལ་གྱི་དཀར་ལ་དགོན་དུ། ཞུང་ཡོན་ལའེ་ཡིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་མི་སྣ་གཙོ་བོའི་དོ་དམ་དང་ཅན་བཅུའི་ཏང་འཛུགས་སྐྱོང་སྤེལ་ཚུལ། དེ་མིན་དགོན་སྡེའི་དོ་དམ་གནས་ཚུལ་བཅས་ལ་ལྟ་ཞིབ་གནང་སྟེ། དམིགས་བསལ་ཚོགས་སྤྱིའི་གཞི་རྩའི་ཆ་འཕྲིན་ལ་ཞིབ་མཆན་འགོད་པདང་། རྒྱུན་རྣམ་ཅན་གྱིས་རྒྱུས་ལོན་དང་རོགས་རམ་སློབ་གསོའི་བྱེད་ཐབས་དོན་འཁྱོལ་བྱེད་པ། ཕྱོགས་སོ་སོའི་འགན་འཁྲི་དམ་འཛིན་བཅས་བྱས་ཏེ། གཞི་གྲངས་གསལ་བ་དང་ཆ་འཕྲིན་ཡང་དག་ཡིན་པ། འགུལ་རྣམ་དང་དོ་དམ་གནད་ལ་འཁེལ་བ་བཅས་བྱ་དགོས་ཤིང་། སྡེ་བ་རིམ་པའི་ཅན་བཅུའི་ཏང་འཛུགས་སྐྱོང་བྱ་བ་བསྒྲུབ་པའི་ལམ་སྲོལ་ཚད་ལྡན་དུ་བཏང་སྟེ། འགན་འཁྲི་གསལ་བོ་དང་ལམ་ལུགས་འཐུས་ཚང་དུ་བཏང་ནས་མང་ཚོགས་ལ་གང་མཁོ་དེ་བསྒྲུབ་དང་ཞབས་ཞུ་གནད་ལ་འཁེལ་བར་བྱ་དགོས། སྐར་བསགས་སྒོ་རྩིས་ཚོང་ཁང་གི་རྒྱུན་གཏན་འཚོ་བའི་མཁོ་ཆས་སོགས་ཀྱི་རིགས་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་སྐར་བསགས་སྐུལ་ལྕག་གི་ནུས་པ་འདོན་སྤེལ་བྱ་དགོས། ལས་བྱེད་པ་གཞི་རིམ་དུ་བསྐྱོད་པར་སྐུལ་འདེད་བཏང་ནས་མང་ཚོགས་དང་འབྲེལ་འདྲིས་བྱེད་སྐབས་དམངས་ཀྱི་གནས་ཚུལ་འདྲི་རྟོགས་དང་དོན་དངོས་སྒྲུབ་པ། ནུས་པ་འདོན་པ་བཅས་བྱ་དགོས། ཤང་གྲོང་ཏང་ཨུའི་དགོན་སྡེ་དོ་དམ་ཁོངས་གཏོགས་ས་ཆའི་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་དགོན་སྡེའི་གནས་བབ་ལ་བསྟུན་ནས་ཆེད་དོན་ལས་དོན་ཚོགས་ཆུང་ལེགས་སྒྲིག་བྱས་ཏེ། བཙུན་པར་ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་སེམས་ཞིབ་མོས་དཀའ་ངལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱས་ནས་དགོན་སྡེའི་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་མགོ་ཁྲིད་ཀའོ་ཡུང་ཧུང་དང་ཅང་ཏུང་མེ་རྟོག་ཞིབ་ཁྲོད་ཞུགས།

QQ20261013-141931.jpg

热门新闻

热门图库

热门排行