གནད་བསྡུས། 详情

ཝང་ཧུའུ་ཉིང་གིས་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིན་མིན་ལ་ཐུག་འཕྲད་གནང་བ།

ཟླ10པའི་ཚེས11ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིན་མིན་ལ་ཐུག་འཕྲད་གནང་།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས11ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཡོ་ནན་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཁྲེན་ཆིན་མིན་ལ་ཐུག་འཕྲད་གནང་།

ཝང་ཧུའུ་ཉིང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་གཉིས་དབར་འཐབ་ཇུས་ཀྱི་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཁྲོད་རླབས་གཏོར་མདུན་སྐྱོད་བྱ་རྒྱུར་སྐུལ་ཁྲིད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཡོ་ནན་ཕྱོགས་དང་མཉམ་དུ་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་འཐབ་ཇུས་མཛུབ་ཁྲིད་ལ་བརྩི་སྲུང་ཞུས་ནས། “སྔར་ལས་ལྷག་པ་དྲུག”གི་སྤྱིའི་དམིགས་ཚད་གཞིར་བཟུང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་ཡོ་ནན་ཕྱོགས་དང་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རང་སོ་སོའི་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད།

  ཁྲེན་ཆིན་མིན་གྱིས་བསྟན་དོན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་པའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཡོ་ནན་དང་ཀྲུང་གོའི་འབྲེལ་བ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་ཕྱིན་པ་དང་། ཆབ་སྲིད་ཀྱི་རྨང་གཞི་དང་། དངོས་པོའི་རྨང་གཞི། དམངས་སེམས་ཀྱི་རྨང་གཞི་བཅས་སྲ་བརྟན་དུ་སོང་ཡོད། ཀྲུང་གོར་རྒྱལ་ཁའི་གྲུབ་འབྲས་གལ་ཆེན་ཐོབ་པར་རྟེན་འབྲེལ་ཞུ། ཡོ་ནན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་ཀྱིན་ཡོད། ཡོ་ནན་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་སྟེ། སྤྱི་ཚོགས་ལས་རིགས་ཁག་གི་མཛའ་གྲོགས་འགྲོ་འོང་ཟབ་ཏུ་བཏང་ནས། ཡོ་ནན་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།

ཝང་ཏུང་མིང་དང་ཝང་ཏུང་ཧྥེང་སོགས་ཐུག་འཕྲད་ལ་ཞུགས་པ་རེད། །


热门新闻

热门图库

热门排行