སྲིད་དོན། 详情

མཚོ་ལྷོ་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2026ལོའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་འགན་སྒྲུབ་དཔྱད་བསྡུར་སྐུལ་སློང་ཚོགས་ཆེན་བསྡུས་པ།

རང་ཚགས་པར་གྱི་འཕྲིན།ཟླ10པའི་ཚེས10ཉིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས2026ལོའི་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་འགན་སྒྲུབ་དཔྱད་བསྡུར་སྐུལ་སློང་ཚོགས་ཆེན་བསྡུས་པ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པའམ་ཀྲུའུ་རེན་གཞོན་པ་ཀྲང་ཏུ་ཞན་ཚོགས་འདུར་ཞུགས་ནས་གཏམ་བཤད་སྤེལ།

ཚོགས་འདུ་ལས་ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་འགན་སྒྲུབ་དཔྱད་བསྡུར་སྤེལ་བ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་གཏིང་ཟབ་ཏུ་བསྟར་བ་དང་། མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞིའི་ཁྲོད་དྲང་བདེན་ཡོང་བར་ཧུར་ཐག་བྱེད་པའི་བྱེད་ཐབས་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། དམངས་ཆེན་གྱིས་ཁྲིམས་ལྟར་ཁྲིམས་འཛིན་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཁྲིམས་འཛིན་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་བ། ཁྲིམས་འཛིན་དྲང་གཞག་ཡོང་བར་སྲུང་སྐྱོང་བྱེད་པ་བཅས་ཀྱི་ལག་ལེན་ནུས་ལྡན་ཞིག་ཡིན་ཞེས་བསྟན། 

ཚོགས་འདུ་ལས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་སྟེ་འགན་སྒྲུབ་དཔྱད་བསྡུར་གྱི་དོན་སྙིང་གལ་ཆེན་ཁོང་དུ་ཆུད་པར་བྱས་ཏེ། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན་གྱི་འགན་སྒྲུབ་དཔྱད་བསྡུར་སྤེལ་བ་ནི་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་མཐའ་འཁྱོངས་དང་སྲུང་སྐྱོང་གཉིས་བློ་བརྟན་འགྱུར་མེད་ངང་ལག་ལེན་དུ་བསྟར་བའི་ཞིབ་ཕྲའི་འགུལ་སྐྱོད་ཅིག་དང་། དམངས་ཆེན་གྱིས་ཁྲིམས་ལྟར་ལྟ་སྐུལ་འགན་དབང་སྒྲུབ་པ་དང་། ཁྲིམས་སྐྱོང་མཚོ་ལྷོ་དང་བདེ་འཇགས་མཚོ་ལྷོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གཙོ་བོ་ཤིག་ཡིན་ལ། མང་ཚོགས་ཀྱི་ཁྲིམས་འཛིན་དོ་ཁུར་ལ་ལན་སློག་པ་དང་ཁྲིམས་འཛིན་ལ་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བའི་དམངས་ཕན་བཟོ་སྐྲུན་ཞིག་དེ་བས་ཀྱང་ཡིན་པས། དུས་ནམ་ཡང་དམིགས་ཚད་དང་རེའུ་མིག་ལ་བསྟུན་པར་མཐའ་འཁྱོངས་སྒོས་ཆབ་སྲིད་ཀྱི་ཚད་གཞི་དེ་དཔྱད་བསྡུར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། རྩ་ཁྲིམས་དང་ལྟ་སྐུལ་བཅའ་ཁྲིམས། ཁྲིམས་དཔོན་བཅའ་ཁྲིམས། ཞིབ་དཔྱོད་དཔོན་བཅའ་ཁྲིམས་བཅས་ལ་གཞིགས་ནས་ཁྲིམས་ལྟར་ལྟ་སྐུལ་བྱས་ནས་ལྟ་སྐུལ་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་སྒེར་ཚུགས་དང་དྲང་གཞག་གིས་འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་སྤྱོད་རྒྱུར་ཁྲིམས་ལྟར་འགན་སྲུང་བྱ་དགོས། ཆབ་སྲིད་ཀྱི་སྒྲུབ་འགན་དང་གྱོད་དོན་སྒྲུབ་པའི་སྤུས་ཚད་དང་ཕན་འབྲས། ཁྲིམས་འཛིན་གྱི་སྤྱོད་ཚུལ། སྤྱོད་གཙང་རང་གཅུན། དམངས་ཆེན་གྱི་ལྟ་སྐུལ་དང་ལེན། དམངས་ཆེད་ཁྲིམས་འཛིན་བཅས་ཕྱོགས་དྲུག་ལ་དམིགས་ཏེ། ལས་འགན་སྒྲུབ་ཚུལ་གྱི་ཚད་ལེན་དཔྱད་བསྡུར་དང་ཚགས་ཡིག་འདེམས་བཤེར། ཁྲིམས་རའི་འདྲི་གཅོད་ཀྱི་ཟུར་ཉན། བཞུགས་མོལ་བཅར་འདྲི། དམངས་ཀྱི་བསམ་ཚུལ་རྒྱ་ཆེར་བསྡུ་རུབ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཕྱོགས་ཡོངས་ནས་དོན་དངོས་དང་མཐུན་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལས་འགན་སྒྲུབ་ཚུལ་ལ་དཔྱད་བསྡུར་བྱས་ནས། བྱ་བའི་འགན་འཁྲི་གཟབ་ནན་དུ་བཏང་ནས་མཉམ་འབྲེལ་བྱ་བའི་མཉམ་ཤུགས་གཅིག་ཏུ་སྒྲིལ་དགོས། དཔྱད་བསྡུར་ལས་དོན་ཚོགས་ཆུང་གིས་དུས་མཚམས་དང་བྱ་བའི་གོ་རིམ་གྱི་ལས་འགན་ཁག་ལ་སྐུལ་འདེད་བཏང་སྟེ། དཔྱད་བསྡུར་བྱ་བ་ཚད་ལྡན་དང་དྲང་གཞག་ཡོང་བར་འགན་ལེན་བྱ་དགོས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་རང་འགུལ་ངང་འབྲེལ་མཐུད་དང་མཉམ་འབྲེལ་གང་ལེགས་བྱས་ཏེ། འགན་སྒྲུབ་དཔྱད་བསྡུར་དེ་འདྲི་གཅོད་ཞིབ་དཔྱོད་ལས་རིགས་གཙོ་བོ་དང་དཔུང་སྡེ་འཛུགས་སྐྱོང་། ཁྲིམས་འཛིན་སྒྱུར་བཅོས་བཅས་དང་མཉམ་འདྲེས་གཏིང་ཟབ་སྒོས་ཕྱོགས་གཉིས་དམ་འཛིན་དང་ཕྱོགས་གཉིས་ལེགས་སྒྲུབ། ཕྱོགས་གཉིས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཁྲིམས་འཛིན་གྱི་སྤུས་ཚད་དང་ཕན་འབྲས། ཁྲིམས་འཛིན་གྱི་སྤྱིའི་ཡིད་རྟོན་ནུས་པ་མཐོ་རུ་བཏང་སྟེ། ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་གྱི་སྤུས་མཐོའི་འཕེལ་རྒྱས་ལ་སྔར་བས་ལེགས་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན། །

热门新闻

热门图库

热门排行