གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱིས་སྨན་བཅོས་སྤུས་ལེགས་ཐོན་ཁུངས་གཞི་རིམ་དུ་བསྐྱལ་ནས་བདེ་ཐང་ལ་སྲུང་སྐྱོང་བྱས།

2026-10-12 14:35:13 来源: 作者:དཔའ་མོ་མཚོ། 编辑:བུ་མོ་མཆོག

རང་ཚགས་པར་གྱི་འཕྲིན།ཉིན་ཤས་རིང་། རང་ཁུལ་གྱིས་ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་སྒྱུར་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་བདེ་ཐང་དམངས་ཕན་གྱི་བྱ་ཐབས་མང་པོར་སྐུལ་འདེད་ཏན་ཏིག་བཏང་བ་དང་།  སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་འདྲེན་རྒྱུར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་ནད་གཞིར་ལྟ་བ་དང་སྨན་བཅོས་བྱེད་པའི་དཀའ་གནད་ཐག་གཅོད་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་ཐད་ཀྱི་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

རང་ཁུལ་གྱིས་བདེ་ཐང་དམངས་ཕན་ཤར་གཏོང་རླངས་འཁོར་ཞབས་ཞུའི་ཟླ་བ་ཞེས་པའི་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་ཧུར་ཐག་སྒོས་སྤེལ་ནས་ཁུལ་དང་རྫོང་གི་སྨན་བཅོས་སྟོབས་ཤུགས་རྩ་འཛུགས་བྱས་ཏེ།  ཤང་དང་གྲོང་བརྡལ36ཏུ་བསྐྱོད་ནས་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་མང་ཚོགས་ཀྱི་སྒོ་འགྲམ་དུ་བསྐྱལ་ཞིང་། བྱེད་སྒོས་རིམ་རྩིས་བྱས་ན་མང་ཚོགས་མི་ཐེངས་ཁྲི1.28ལ་ཞབས་འདེགས་ཞུས་པ་དང་རིན་ཐང་ལ་སྒོར་ཁྲི25.13ཡོད་པའི་སྨན་རྫས་སྤྲད་དེ་གཞི་རིམ་མང་ཚོགས་ཀྱིས་སྒོ་འགྲམ་དུ་སྟབས་བདེའི་ནད་བརྟག་སྨན་བཅོས་ཀྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་པ་རེད།

བདེ་ཐང་མཚོ་སྔོན། བདེ་སྐྱིད་མཚོ་ལྷོ་ཞེས་པའི་བྱ་འགུལ་ལ་བརྟེན་ནས། ས་གནས་སུ་དམངས་ཡོངས་ལ་རིན་མི་ལེན་པར་བདེ་ཐང་བརྟག་དཔྱད་དང་གཅོང་ནད་སྔོན་འགོག་ཚོད་འཛིན་བྱ་བ་རྒྱུན་རྣམ་ཅན་གྱིས་སྤེལ་ཏེ། ཁྲག་ཤེད་མཐོ་བ་དང་གཅིན་པ་མངར་འགྱུར་གྱི་ནད་པར་རིན་མི་ལེན་པར་སྒོར་ཁྲི63.2ཡི་སྨན་རྫས་བྱིན།དུས་མཚུངས་སུ། མཚོ་ལྷོ་ཁུལ་གྱིས་ཚན་ཁག་གཙོ་བོ་སྟོབས་ལྡན་དུ་བཏང་ནས། ཞིང་ཆེན་རིམ་པའི་ཆེད་མཁས་ཚོགས་པ19དང་སྨན་བཅོས་ཆེད་མཁས་པ76ནང་འདྲེན་བྱས་ཏེ། ཁུལ་མི་དམངས་སྨན་ཁང་དེ་ཀ་རིམ་སྨན་ཁང་དུ་གསར་སྐྲུན་བྱེད་པར་རམ་འདེགས་བྱས་པ་དང་། རིམ་པ་གསུམ་པ་དང་རིམ་པ་བཞི་ཅན་གྱི་བཤགས་བཅོས་བྱེད་ཚད61.59%མཐོར་འདེགས་སུ་བཏང་ནས། ནད་གཞི་ཚབས་ཆེན་དང་ནད་རྟགས་ངོས་འཛིན་དཀའ་བའི་ནད་ཀྱི་སྨན་བཅོས་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་རེད།

རིམ་དགར་སྨན་བཅོས་དང་གཞི་རིམ་ཞབས་ཞུའི་ཕྱོགས་ནས་མཚོ་ལྷོ་ཁུལ་གྱིས་སྨན་བཅོས་མཉམ་འབྲེལ་ཚོགས་པ2དང་རྫོང་ཁོངས་ཀྱི་དམ་ཚགས་རང་བཞིན་གྱི་སྨན་བཅོས་ཚོགས་པ6བཙུགས་ཏེ།སྨན་བཅོས་རྐང་འཛིན་མི་སྣ90གཞི་རིམ་དུ་མངགས་ནས།1+6+41གི་གོང་རིམ་སྨན་ཁང་དུ་སྨན་བཅོས་བྱེད་པ་དང་དྲ་ལམ་སྨན་བཅོས་བྱ་ཐབས་ལ་བརྟེན་ཏེ་མང་ཚོགས8867ལ་ཞབས་ཞུ་བསྒྲུབས། ས་གནས་ཀྱིས་སྤྱི་བའི་འཕྲོད་བསྟེན་ཞབས་ཞུར་མུ་མཐུད་དུ་ཤུགས་བསྣན་ནས། གཟའ་མཇུག་ཏུ་འགོག་སྨན་རྒྱག་ཐུབ་པའི་ཞབས་ཞུ་ཁྱབ་གདལ་དུ་བཏང་བ་མ་ཟད། རེག་དུག་དང་ལིང་ཏོག་ནད་པར་རིན་མི་ལེན་པར་སྨན་བཅོས་བྱས། མིག་སྔར། ཁུལ་ཡོངས་ཀྱི་ཤང་དང་གྲོང་བརྡལ་གྱི་འཕྲོད་བསྟེན་ཁང་དུ་ཀྲུང་བོད་ལུགས་ཀྱི་སྨན་བཅོས་ཁང་ཡོངས་སུ་ཁེབས་པར་བྱས་པས། གཞི་རིམ་ཀྲུང་བོད་ལུགས་ཀྱི་སྨན་བཅོས་བྱེད་ཚད37.5%ཟིན་ནས། ཁྱད་ལྡན་སྨན་བཅོས་ཞབས་ཞུས་རྒྱ་ཆེའི་མང་ཚོགས་ལ་ཕན་ཁེ་བསྐྲུན་ཡོད། །

热门新闻

热门图库

热门排行