རྒྱལ་ནང་། 详情

《རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་སྔོན་འགོག་འགུལ་སྐྱོད་འཆར་གཞི(2026ལོ་ནས2030ལོ)》དཔར་འགྲེམ་བྱས་པ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས10ཉིན་གསར་འགོད་པས་རྒྱུས་ལོན་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་དབང་པོ་སྐྱོན་ཅན་ལས་དོན་ཨུ་ཡོན་ལྷན་ཁང་གིས《རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་སྔོན་འགོག་འགུལ་སྐྱོད་འཆར་གཞི(2026ལོ་ནས2030ལོ)》ཁྱབ་བསྒྲགས་བྱས་པ་དང་། དེའི་ནང"ལོ་ལྔའི་འཆར་འགོད་བཅོ་ལྔ་པའི"རིང་རང་རྒྱལ་གྱི་དབང་པོ་སྐྱོན་ཅན་སྔོན་འགོག་བྱ་བའི་མཛུབ་ཁྲིད་བསམ་བློ་དང་དམིགས་འབེན་གཙོ་བོ། འགུལ་སྐྱོད་གཙོ་བོ་བཅས་གསལ་བོར་བསྟན་ཡོད། 

   འཆར་གཞི་དེས་དམིགས་ཚད་གཙོ་བོ་ཁག18དང་བྱེད་སྒོ་ཆེན་པོ6ལས་འགན་བྱེད་ཐབས་དོན་ཚན19བཏོན་ཡོད་པ་མ་ཟད། 2030ལོར་སླེབས་སྐབས་དབང་པོ་སྐྱོན་ཅན་སྔོན་འགོག་སྲིད་ཇུས་མ་ལག་དང་འགོག་བཅོས་དྲ་བ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱབ་ཁོངས་གལ་ཆེན་ཁྲོད་དབང་རྩར་གནོད་སྐྱོན་བཟོ་རྐྱེན་ནུས་ལྡན་ངང་ཚོད་འཛིན་ཐུབ་པ་བྱ་རྒྱུ་སོགས་དམིགས་ཡུལ་གསལ་པོ་བཀོད་ཡོད་ཅིང་། དེ་ནི་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་བྱེད་པ་དང་མི་འབོར་སྤུས་ཚད་མཐོ་པོ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། དབང་པོ་སྐྱོན་ཅན་བྱ་གཞག་ཕྱོགས་ཡོངས་ནས་ཡར་རྒྱས་འབྱུང་བར་རྨང་གཞི་བརྟན་པོ་འདིང་ཆེད་ཡིན། །


热门新闻

热门图库

热门排行