གཙོ་གནད།2 详情

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན།《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར》དངོས་སུ་དཔར་འགྲེམས་བྱས།

《བསམ་འཆར》ལས་བསྟན་དོན། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་རྒྱུ་ནི་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་གནས་ཀྱི་བླང་བྱ་དང་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ།  ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས་ལ། གསར་གཏོད་ཀྱིས་གཙོ་ཁྲིད་དང་།  བཅོས་བསྒྱུར་གཙོ་བོར་འཛིན་པ། ཡུལ་བབ་དང་བསྟུན་པ། སྔོན་འཛུགས་རྗེས་གཏོར་བཅས་རྒྱུན་འཁྱོངས་དང་། ལག་རྩལ་མཐོ་བ་དང་། ཕན་ནུས་ཆེ་བ། སྤུས་ཚད་མཐོ་བ་བཅས་རྒྱུན་འཁྱོངས་བྱེད་དགོས། སྲིད་གཞུང་དང་ཁྲོམ་ར།  རྒྱུ་སྤུས་དང་ལས་རྣམ། བཅོས་སྒྱུར་དང་འཕེལ་རྒྱས། རང་བདག་དང་སྒོ་འབྱེད་བཅས་བར་གྱི་འབྲེལ་བ་གཅིག་འདོམས་ཀྱིས་ཐག་གཅོད་ཡག་པོ་བྱ་དགོས་ལ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱ་དགོས་ཤིང་།  ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་དང་།  བདག་རྐྱེན་ཡོངས་ཀྱི་ཐོན་སྐྱེད་ལས་ཆོད་ཆེ་རུ་གཏོང་རྒྱུ་དེ་མཚོན་རྟགས་གཙོ་བོར་བྱས་ཏེ། ལག་རྩལ་གསར་བརྗེའི་རང་བཞིན་གྱི་ཐོད་བརྒལ་དང་། ཐོན་སྐྱེད་བདག་རྐྱེན་གྱི་གསར་གཏོད་རང་བཞིན་གྱི་བཀོད་སྒྲིག ཐོན་ལས་ཚུལ་སྒྱུར་རིམ་སྤར་གཏིང་ཟབ་བཅས་བྱེད་པར་སྐུལ་འདེད་གཏོང་དགོས། ངལ་རྩོལ་པ་དང་། ངལ་རྩོལ་རྒྱུ་ཆ། ངལ་རྩོལ་བྱ་ཡུལ་བཅས་ཀྱི་ལེགས་སྒྱུར་མཉམ་སྒྲིག་དང་གསར་སྒྱུར་ཐོད་བརྒལ་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་གསར་གཏོད་དང་། ཐོན་ལས་གསར་གཏོད། འཕེལ་རྒྱས་གཏོང་སྟངས་གསར་གཏོད། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད།  འཇོན་མིའི་བྱ་བའི་ལམ་སྲོལ་གསར་གཏོད་བཅས་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ།  སྤུས་གསར་ཐོན་སྐྱེད་ནུས་ཤུགས་དང་དེ་བས་འཚམ་པའི་ཐོན་སྐྱེད་འབྲེལ་བ་གང་མགྱོགས་ཀྱིས་ཆགས་པར་བྱ་དགོས་ལ།  ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་ཕན་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་འདེགས་སྐྱོར་བྱ་དགོས།

《བསམ་འཆར》ལས།  ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཐོག་མའི་གསར་གཏོད་རང་བཞིན་དང་ཐོད་བརྒལ་རང་བཞིན་གྱི་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་ལྟེ་བའི་ལག་རྩལ་གྱི་ཐོད་བརྒལ་ཇེ་མགྱོགས་སུ་གཏོང་དགོས་ཤིང་། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་བྱ་རྒྱུར་གཅིག་གྱུར་གྱིས་འཆར་འགོད་དང་། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་བྱེད་པོའི་གོ་གནས་ལ་ཤུགས་བསྣན་ནས། ཚན་རྩལ་གྲུབ་འབྲས་དེ་མགྱོགས་མྱུར་ངང་ཐོན་སྐྱེད་ནུས་ཤུགས་དངོས་ལ་བསྒྱུར་དགོས་པའི་བླང་བྱ་བཏོན།

《བསམ་འཆར》ལས་ནན་གྱིས་བསྟན་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས་ལ། སྲོལ་རྒྱུན་ཐོན་ལས་བསྒྱུར་བཀོད་དང་རིམ་སྤར་བྱས་ཏེ། གསར་དར་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་།  མ་འོངས་པའི་ཐོན་ལས་ལ་རྒྱང་ལྟ་དང་བཀོད་སྒྲིག་བྱས་ནས། དངོས་ཕུང་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་སྤེལ་བཏང་སྟེ། “མི་ཐབས་རིག་ནུས་དང་མཉམ་འབྲེལ”འགུལ་སྐྱོད་ཕྱོགས་ཡོངས་ནས་ལག་བསྟར་བྱ་དགོས།

《བསམ་འཆར》ལས་འཕེལ་རྒྱས་གཏོང་སྟངས་ཀྱི་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་རེས་འཁོར་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་འཛུགས་པ། ལྗང་མདོག་འཕེལ་རྒྱས་ཀྱི་སྲིད་ཇུས་ལེགས་སྒྱུར་བྱས་ཏེ། ནུས་ཁུངས་གསར་བརྗེ་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

《བསམ་འཆར》ལས་ནན་གྱིས་བསྟན་དོན། སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཚན་རྩལ་དང་དཔལ་འབྱོར་ཟུང་འབྲེལ་དམ་ཟབ་བྱེད་པར་དམིགས་ནས་བཅོས་བསྒྱུར་ཟབ་སྤེལ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ། དངུལ་རྩའི་གསར་གཏོད་ཐོན་རྫས་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་སྟེ། འཛམ་གླིང་དུ་སྔོན་ཐོན་གྱི་ཐོན་སྐྱེད་བདག་རྐྱེན་བཀོད་སྒྲིག་བྱ་དགོས།

《བསམ་འཆར》ལས་འཇོན་མིའི་བྱ་བའི་ལམ་སྲོལ་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་ ། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བར་དགོས་མཁོ་ཆེ་བའི་འཇོན་མི་གསོ་སྐྱོང་བྱས་ནས། འཇོན་མི་བཀོལ་སྤྱོད་དང་འཁོར་རྒྱུག་གི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན། །

《བསམ་འཆར》ལས་ད་དུང་རྩ་འཛུགས་དང་ལག་བསྟར་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་བཏོན། །

热门新闻

热门图库

热门排行