ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་གཉིས་ཀྱིས་མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དུ་རྟོག་ཞིབ་གནང་བ།

ཟླ10ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་གཉིས་ཀྱིས་མཚོ་ལྷོ་ཁུལ་གྱི་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དང་གུང་ཧོ་རྫོང་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་གླིང་དུ་སོང་ནས། གླིང་ཁུལ་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།རྟོག་ཞིབ་གནང་སྐབས། འབྲེལ་ཡོད་སྡེ་ཁག་དང་གླིང་ཁུལ་གྱི་ཁེ་ལས་འགན་འཁུར་བ་དང་བསམ་ཚུལ་བརྗེ་རེས་གནང་སྟེ། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཐོན་རྫས་ཕྱིར་ཚོང་སོགས་ཀྱི་དངོས་ཡོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བ་མ་ཟད། ཁེ་ལས་ཀྱི་ནོར་ལུག་གསོ་སྤེལ་རྟེན་གཞིརསོང་ནས་རྟོག་ཞིབ་གནང་བ་རེད། ཁུལ་གྱི་མགོ་ཁྲིད་ཀྲང་ཅུན་ལུས་དང་ཆིའུ་ཡོན་ལིན་གཉིས་རྟོག་ཞིབ་ཁྲོད་ཞུགས།