གནད་བསྡུས། 详情

གུང་ཧོ་རྫོང་གིས་ཟོག་འགྲེམ་སྐྱེལ་འདྲེན་མ་ལག་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱས།

2026-10-09 16:34:20 来源: 作者: 编辑:超级管理员

རང་ཚགས་པར་གྱི་འཕྲིན།ད་ལོ་ནས་བཟུང་། མཚོ་ལྷོ་ཁུལ་གུང་ཧོ་རྫོང་གི་རིམ་པ་གསུམ་པའི་ཟོག་འགྲེམ་མ་ལག་གི་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་བའི་ལས་གཞིའི་སྒྲིག་ཆས་སྤྱོད་མགོ་ཚུགས་རྗེས་ཕན་འབྲས་མངོན་གསལ་ཡིན་པ་དང་། ས་གནས་དེ་གའི་ཤང་གྲོང11དང་སྲིད་འཛིན་སྡེ་བ99ལ་སྒྲིག་གཞི་འཐུས་ཚང་ཡིན་པའི་སྦྲག་སྲིད་ཀྱིས་ཡོངས་སུ་ཁེབས་པར་བྱས་ཤིང་། ཉིན་རེའི་ཆ་སྙོམས་ཟོག་འགྲེམ་ལམ་ཚད་ཀྱིས་སྤྱི་ལེ2250ཟིན་ལ། ཉིན་རེའི་ཆ་སྙོམས་མྱུར་སྐྱེལ་དངོས་པོ4600ནང་འདྲེན་དང་མྱུར་སྐྱེལ་དངོས་པོ900ཕྱིར་གཏོང་བྱེད་ཀྱིན་ཡོད།

གུང་ཧོ་རྫོང་གི་རིམ་པ་གསུམ་པའི་ཟོག་འགྲེམ་མ་ལག་གི་སྐྱེལ་འདྲེན་ནུས་པ་ཆེ་རུ་གཏོང་བའི་ལས་གཞིའི་ཐད་བསྡོམས་པས་མ་དངུལ་སྒོར་ཁྲི380བཏང་སྟེ། སྐྱེལ་འདྲེན་དང་ཐུམ་སྒྲིལ། ཆ་འཕྲིན་ཅན་སོགས་སྒྲིག་ཆས་སྣ་ཚོགས་གཅིག་འདོམས་སྒོས་བཀོད་སྒྲིག་བྱས་པ་དང་། ཟོག་འགྲེམ་ལྟེ་གནས་ཀྱིས་ཆུ་ཚོད་རེའི་ནང་དངོས་ཟོག8000ལྷག་སྐྱེལ་འདྲེན་བྱེད་ཐུབ་ལ། ཟོག་འདྲེན་བྱེད་གནས་སྔར་ཡོད་ཀྱི་གནས26ནས100བར་རིམ་སྤར་བྱས་པས། དངོས་ཟོག་སྐྱེལ་འདྲེན་གྱི་དུས་ཚོད་སྐར་མ35རུ་ཇེ་ཐུང་དུ་བཏང་ནས། སྡེ་བ་གཅིག་ལ་ཟོག་འགྲེམ་བྱེད་གནས་གཅིག་དང་གནད་ཁེལ་ངང་དུད་ཚང་དུ་སྐྱེལ་བའི་འཁོར་རྒྱུག་རྣམ་པ་དོན་འཁྱོལ་བྱས། མྱུར་སྐྱེལ་དངོས་ཟོག་དག་རྫོང་རིམ་པའི་ཟོག་འགྲེམ་ལྟེ་གནས་ནས་ཐེངས་གཅིག་ལ་དབྱེ་འབྱེད་བྱས་ཚར་རྗེས་ཐད་ཀར་སྡེ་བ་རིམ་པའི་ས་ཚིགས་སུ་བསྐྱལ་ཏེ་རོང་འབྲོག་ཁུལ་གྱི་ཟོག་འགྲེམ་ཞབས་ཞུའི་དཀའ་གནད་སེལ་བར་ནུས་པ་ཆེན་པོ་ཐོན་ཡོད་ལ། རིག་ནུས་རིགས་དབྱེ་སྒྲིག་ཆས་བཀོད་སྤྱོད་བྱས་རྗེས། གུང་ཧོ་རྫོང་གི་དངོས་ཟོག་སྐྱེལ་འདྲེན་ལས་རིགས་ཀྱི་གཞི་གྲངས་ཅན་གྱི་དོ་དམ་ཚོད་འཛིན་ཆུ་ཚད་སྔར་ལས་མཐོ་རུ་ཕྱིན་ཡོད།

རྒྱུས་ལོན་པ་ལྟར་ན། ལས་གཞི་འདི་ད་ལོའི་ཟླ4པར་ཚོད་ལྟའི་འཁོར་སྐྱོད་བྱས་པ་ནས་བཟུང་། ས་གནས་ཀྱི་ཞིང་ཕྱུགས་ཐོན་རྫས་དྲ་ལམ་ནས་ཉོ་འཚོང་བྱེད་ཚད་སྒོར་ཁྲི84.65ལ་སླེབས་པ་དང་། གློག་རྡུལ་ཚོང་དོན་དང་འབྲེལ་བའི་ཡོང་སྒོ་སྒོར་ཁྲི77.91ཟིན་ཏེ། རོང་འབྲོག་མང་ཚོགས་ལ་རོགས་སྐྱོར་བྱས་པའི་ཕན་འབྲས་མངོན་ཡོད།


热门新闻

热门图库

热门排行