རྒྱལ་ནང་། 详情

རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་བསྟུན་དོ་དམ་པུས་གུང་གསེང་རིང་གི་བདེ་འཇགས་སྔོན་འགོག་ལས་དོན་བཀོད་གཏོང་བྱས་པ།

   ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་འཕྲལ་བསྟུན་དོ་དམ་པུའུ་ནས་ཤེས་གསལ་ལྟར་ན། ཚེས5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་དང་འཕྲལ་བསྟུན་དོ་དམ་པུའུ་ཡིས་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་གི་བདེ་འཇགས་སྔོན་འགོག་ལས་དོན་བཀོད་གཏོང་བྱས།

   ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཐལ་དྲགས་པའི་གནམ་གཤིས་ཀྱི་ཉེན་ཁར་ཉེན་ཟོན་བྱེད་དགོས། ཅི་ལིན་ཤར་རྒྱུད་དང་། ཧྥུའུ་ཅན་ཤར་རྒྱུད། ཡུན་ནན། ཧའེ་ནན་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་དྲག་པོ་བབས་ནས་གནོད་འཚེའི་ཤུགས་རྐྱེན་ཐེབས་སྲིད་པར་ཚད་མཐོའི་དོ་ཁུར་བྱས་ཏེ། འབྲེལ་ཡོད་ས་ཁུལ་གྱིས་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། མུ་མཐུད་དུ་གྲོས་མོལ་དང་ཞིབ་འཇུག་བརྡར་ཤ་གཅོད་པ། གཅིག་གཏད་གཅིག་གིས་ཉེན་ཁ་ཆེ་བའི་ས་ཁུལ་གྱིས་སྔོན་ལ་སྔོན་འགོག་བྱེད་ཐབས་སྤྱོད་པར་མཛུབ་ཁྲིད་དང་སྐུལ་སྤེལ་བྱེད་དགོས། ནང་སོག་དབུས་ཤར་རྒྱུད་དང་། ཧྭ་བྱང་བྱང་རྒྱུད། ནུབ་རྒྱུད་སོགས་ས་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ལས་དོན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། རྒྱུན་གཏན་གྱི་སྐོར་ཞིབ་དང་མེ་ཁུངས་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་དགོས། 

  ཚོགས་འདུའི་སྟེང་བསྟན་དོན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་དུས་མཇུག་ཏུ་བསླེབས་པའི་སྐབས། བདེ་འཇགས་སྔོན་འགོག་གི་ལས་འགན་སྔར་བཞིན་ཧ་ཅང་ལྕི་བར་བརྟེན་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཀྱི་རྒྱུད་སྐུད་ཇེ་དམ་དུ་བཏང་ནས། བག་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ། ལས་རེས་དང་ལྐོག་འདྲི་ཞིབ་བཤེར་སོགས་ཀྱི་ལས་དོན་ཁག་ལ་ཤུགས་སྣོན་ཏན་ཏིག་རྒྱག་དགོས། །


热门新闻

热门图库

热门排行