གཙོ་གནད།2 详情

དོན་གྲུབ་ཀྱིས་རྒྱལ་སྟོན་གུང་གསེང་རྗེས་ཀྱི་འགྲུལ་བཞུད་འགན་ལེན་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་ལྟ་སྐུལ་མཛུབ་སྟོན་གནང་བ།

རང་ཚགས་པར་གྱི་འཕྲིན། ཟླ10པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་ཚར་ནས་ཕྱིར་ལོག་པའི་འགྲུལ་བཞུད་པ་ཆེས་མང་བའི་བྱ་བར་འགན་སྲུང་དང་བདེ་འཇགས་ཐོན་སྐྱེད་བྱ་བར་ལྟ་སྐུལ་མཛུབ་སྟོན་གནང་ཞིང་། ཁོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་བླང་བྱ་ཁག་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་ཀྱིས་མཐའ་ཚད་ཀྱི་བསམ་བློ་དང་མཐར་ཐུག་གི་བསམ་བློ་བརྟན་པོ་བཙུགས་ནས། རྒྱུན་གཏན་ལས་བརྒལ་བའི་བྱ་ཐབས་ལེགས་པོར་བརྟེན་ནས་ཕྱིར་ལོག་བྱེད་མཁན་མང་ཤོས་ལ་ཁ་གཏད་འོས་འཚམ་གཅོག་པ་དང་རྒྱུན་རྣམ་ཅན་གྱི་སྒོ་ནས་གནད་དོན་གྱི་བྱུར་རྐྱེན་སྣ་ཚོགས་གྲལ་བཤེར་བཅོས་སྐྱོང་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ།  མི་དམངས་མང་ཚོགས་བདེ་འཇགས་ངང་ཕྱིར་ལོག་པ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་བརླིང་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས།

微信图片_2026-10-08_143103_476.jpg

ཞིང་ཆེན་ཡོངས་ཀྱི་བདེ་འཇགས་དོགས་ཟོན་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུ་གྲོལ་རྗེས་དོན་གྲུབ་ཀྱིས་འཕྲལ་དུ་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་མཉམ་དུ་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་ཤ་བཅད་དེ་མིག་སྔའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ལུའོ་ཏུང་ཁྲོན་གྱི་གཏམ་བཤད་ཀྱི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ཏེ། རེ་རེ་བཞིན་ཞིབ་བསྡུར་དང་བྱེད་ཐབས་ཞིབ་ཕྲར་བཟོ་བ། འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས་བཀོད་སྒྲིག་དང་བླང་བྱ་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་འགན་ལེན་ནན་ཏན་བྱ་དགོས་ཤིང་། དོན་རྐྱེན་གྱི་བསླབ་བྱ་དང་ལེན་བྱས་ཏེ། གཅིག་ཤེས་ཀུན་གྲོལ་བྱེད་པ་དང་། ཨར་ལས་བཟོ་སྐྲུན་དང་འགྲིམ་འགྲུལ་བདེ་འཇགས། མེ་སྤྱོད་བདེ་འཇགས། ནགས་ཚལ་རྩྭ་ཐང་གི་མེ་འགོག་སོགས་གཙོ་གནད་མངའ་ཁོངས་ལ་གཞིགས་ནས། བདེ་འཇགས་སྔོན་འགོག་གི་བྱེད་ཐབས་སོ་སོ་ལག་བསྟར་ནན་མོ་བྱེད་པ་དང་། གུ་ཡངས་གཏན་ནས་མི་བྱེད་པའི་རྣམ་འགྱུར་གྱིས་གནད་དོན་གྱི་བྱུར་རྐྱེན་ལ་བཅོས་སྐྱོང་ནན་མོ་བྱེད་པ། དྲ་ཐོག་དང་ཡུལ་དངོས་ཀྱི་དྲིལ་སྒྲོག་སྟེགས་བུ་སྣ་མང་བེད་སྤྱོད་གང་ལེགས་བྱས་ཏེ་དྲིལ་སྒྲོག་ཁྲིད་སྟོན་བྱ་བ་ལེགས་པོར་བསྒྲུབ་སྟེ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས་ཞེས་ནན་གྱིས་བསྟན།

ཁུལ་འགྲིམ་འགྲུལ་ཉེན་རྟོག་ཡན་ལག་རུ་ཁག་གི་འགྲིམ་འགྲུལ་དོ་དམ་བཀོད་འདོམས་ལྟེ་གནས་སུ། དོན་གྲུབ་ཀྱིས་གཞུང་ལམ་འགག་སའི་རླངས་འཁོར་ཤར་གཏོང་བྱ་བར་ལྟ་སྐུལ་མཛུབ་སྟོན་གནང་ཞིང་། དེའི་རྗེས་སུ་རིག་སྨོན་གྲོང་བརྡལ་མྱུར་བགྲོད་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་སུ་སོང་ནས། ཕྱིར་ལོག་པའི་དུས་ཀྱི་འགན་ལེན་བྱ་བར་ཡུལ་དངོས་སུ་ལྟ་སྐུལ་མཛུབ་སྟོན་བྱས།ཁོས་ལམ་ཚད་ཡོངས་ཀྱི་དུས་ཐོག་བཀོད་གཏོང་ལ་ཤུགས་བསྣན་ཏེ། སྔོན་འགོག་གཙོར་འཛིན་པ་དང་དུས་ཐོག་ཏུ་ཐག་གཅོད་པ།བདེ་འཇགས་འགན་སྲུང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། ལམ་ཚད་གཙོ་བོ་དང་ལམ་གནས་གཙོ་བོར་དམིགས་ནས་ལམ་ཐིག་ལ་སྐོར་ཞིབ་དང་བྱུར་རྐྱེན་ལ་གྲལ་བཤེར་བྱས་ཏེ། འཕྲལ་བསྟུན་ཇུས་གཞི་གང་ལེགས་བཟོ་དགོས་པ་དང་སྟོབས་ཤུགས་ལེགས་སྒྲིག་བྱས་ནས། ཕྱིར་ལོག་པའི་དུས་ཀྱི་བདེ་འཇགས་བྱ་བ་གོ་རིམ་ལྡན་པའི་ངང་ལེགས་པོར་བསྒྲུབ་དགོས། ཁྲིམས་འཛིན་ནན་མོ་དང་སྐབས་བསྟུན་ཁྲིམས་འཛིན་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། འགྲིམ་འགྲུལ་དོན་རྐྱེན་དང་ཐོལ་བྱུང་གི་གནད་དོན་སྣ་ཚོགས་གང་མགྱོགས་སྒོས་ཐག་གཅོད་པ་དང་ཡང་བསྐྱར་འགྲིམ་འགྲུལ་འགག་པར་སྔོན་འགོག་བྱས་ཏེ། གཞུང་ལམ་འགྲིམ་འགྲུལ་ཤར་གཏོང་བྱེད་པར་འགན་ལེན་གང་ལེགས་བྱ་དགོས་ཞེས་ནན་གྱིས་བསྟན།

微信图片_2026-10-08_143117_840.jpg

གླང་ཆེན་མཆེ་བའི་མཛེས་ལྗོངས་ཁུལ་དུ་དོན་གྲུབ་ཀྱིས་རིག་ནུས་ལྟེ་བའི་ལས་སྟེགས་བརྒྱུད་དེ་མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་བ་ཡོང་ཚད་དང་རྒྱུན་ལྡན་གྱི་འཁོར་སྐྱོད་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་པ་དང་། ཁོས་ས་གནས་དང་ཁེ་ལས་མཉམ་འབྲེལ་ལ་ཤུགས་སྣོན་བརྒྱབ་ནས་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། བདེ་འཇགས་འགན་ལེན་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ་གད་སྙིགས་དང་བཙོག་ཆུའི་ལ་བཅོས་སྐྱོང་ཤུགས་བསྣན་ཏེ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས། མཚོ་སྔོན་པོའི་ལྷོ་རྒྱུད་ཀྱི་ཡུལ་སྐོར་སྤུས་འདེགས་རིམ་སྤོར་ལ་མཉམ་ཤུགས་གཅིག་སྒྲིལ་གྱིས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་འཕེལ་རྒྱས། མང་ཚོགས་ཀྱི་འབར་འཕར་བཅས་མངོན་འགྱུར་འབྱུང་བར་བྱ་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་སྐབས་སུ་དོན་གྲུབ་ཀྱིས་གུང་ཧོ་རྫོང་ས་འོག་ཚ་ནུས་དྲོད་རླངས་མཁོ་འདོན་དཔེ་སྟོན་ལས་གཞི་དང་རིག་སྨོན་གྲོང་བརྡལ་སྲིད་གཞུང་དུ་དགུན་དུས་དྲོད་རླངས་མཁོ་འདོན་གྱི་གྲ་སྒྲིག་བྱ་བ་དང་གུང་གསེང་སྐབས་ཀྱི་ལས་རེས་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་གནང་།

ཁུལ་གྱི་མགོ་ཁྲིད་བཀྲ་ཤིས་ཕུན་ཚོགས་རྟོག་ཞིབ་ཁྲོད་ཞུགས།

热门新闻

热门图库

热门排行