གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱིས་སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ་ནས་མང་ཚོགས་མི་ཐེངས་ཆིག་ཁྲི་ཉིས་སྟོང་བརྒྱད་བརྒྱ་ལ་ནད་བརྟག་སྨན་བཅོས་བྱས།

ཉེ་ཆར།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བསྒྲགས་པའི་གནས་ཚུལ་ལྟར་ན།   མཚོ་ལྷོ་ཁུལ་གྱིས་གཞུང་བཙུགས་སྨན་ཁང་གི་བཅོས་སྒྱུར་དང་རིམ་དགར་ནད་བརྟག་སྨན་བཅོས་སོགས་ལས་རིམ་གཙོ་བོར་གཅིག་འདོམས་སྐུལ་འདེད་བཏང་སྟེ། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་གྱི་བྱ་བ་སྣ་ཚོགས་ལ་གཏན་འཇགས་སྒོས་སྐུལ་འདེད་བཏང་།   ཁུལ་དང་རྫོང་མཉམ་འབྲེལ་སྒོས་ཞང་དང་གྲོང་རྡལ36ཏུ་སོང་ནས“དམངས་ལ་སྟབས་བདེ་བསྐྲུན་པའི་བདེ་ཐང་ཞབས་ཞུ་ཟླ་བའི”སྐོར་སྐྱོད་སྨན་བཅོས་བྱེད་སྒོ་སྤེལ་ཏེ། མང་ཚོགས་མི་ཐེངས་ཁྲི་གཅིག་དང་སྟོང་གཉིས་བརྒྱད་བརྒྱར་ནད་བརྟག་སྨན་བཅོས་བྱས་པ་དང་།   རིན་ཐང་སྒོར་འབུམ་གཉིས་དང་ཁྲི་ལྔ་སྟོང་གཅིག་སུམ་བརྒྱའི་སྨན་རྫས་བྱིན་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཀྱིས་མང་ཚོགས་ཕན་ཐོགས་པར་བྱས།

མཚོ་ལྷོ་ཁུལ་གྱིས་བདེ་ཐང་མཚོ་སྔོན། བདེ་སྐྱིད་མཚོ་ལྷོ་ཞེས་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་སྟེ།   དམངས་ཡོངས་ལ་རིན་མེད་ངང་ལུས་པོར་བརྟན་དཔྱད་བྱེད་པ་དང་གཅོང་ནད་ཀྱི་ནད་རིགས་སྔོག་འགོག་ཚོད་འཛིན་བྱེད་པའི་བྱེད་སྒོ་སྤེལ་ནས། ཁྲག་ཤེད་མཐོ་བའི་ནད་དང་གཅིན་སྙི་ཟ་ཁུའི་ནད་པར་རིན་མེད་ངང་རིན་ཐང་སྒོར་འབུམ་དྲུག་དང་ཁྲི་གསུམ་སྟོང་གཉིས་ཀྱི་སྨན་རྫས་བྱིན།  ཆེད་ལས་ཚན་ཁག་གཙོ་བོ12འཛུགས་པའི་བྱེད་ཐབས་ལག་བསྟར་བྱས་ཏེ། ཞིང་ཆེན་རིམ་པའི་སྨན་བཅོས་ལས་ཁུངས་ཀྱི་ཆེད་མཁས་རུ་ཁག19དང་ཆེད་མཁས་པ76གདན་དྲངས་ནས། མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་ཀ་གསུམ་སྨན་ཁང་དུ་དཔྱད་སྡུར་བྱེད་པར་རོགས་འདེགས་བྱས་ཏེ། རིམ་པ་གསུམ་པ་དང་རིམ་པ་བཞི་པའི་གཤགས་བཅོས་ཀྱི་ཟིན་ཚད་བརྒྱ་ཆའི་རེ་གཅིག་གྲངས་ཆུང་ལྔ་དགུ་ཇེ་མཐོར་ཡོང་བར་བྱས། ས་ཁོངས་ཡོངས་ཀྱི་བདེ་ཐང་ཆ་འཕྲིན་དྲ་མིག་གཅིག་ཅན་གྱི་མ་ལག་བཙུགས་ནས། ཞིབ་བཤེར་མཇུག་འབྲས342ལ་ཞིང་ཆེན་བར་དང་ཞིང་ཆེན་ནང་ཁུལ། ཁུལ་ནང་ཁུལ་བཅས་ཀྱིས་ངོས་འཛིན་བྱེད་ཐུབ་པར་བྱས། ཅང་སུའུ་ཡི་ཁ་གཏད་རོགས་སྐྱོར་ལ་བརྟེན་ནས“སྐལ་བཟང་མེ་ཏོག  ཅང་སུའུ་ཡི་སྨན་བཅོས་རོགས་སྐྱོར་འགུལ་སྐྱོད”ཅེས་པའི་བྱེད་སྒོ་སྤེལ་བ་དང་།  ཅང་སུའུ་སྨན་པའི་ལས་སྒྲུབ་ཁང4དང་མཚོ་ལྷོ་ཁུལ་གྱི་སྨན་པ་གྲགས་ཅན་གྱི་ལས་སྒྲུབ་ཁང7བཙུགས།

རིམ་དགར་བརྟག་བཅོས་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས། སྨན་བཅོས་མཉམ་འབྲེལ་ཚོགས་པ2དང་རྫོང་ཁོངས་ཀྱི་དམ་ཟབ་རྣམ་པའི་སྨན་བཅོས་གཅིག་མཐུན་ཚོགས་པ6འཁོར་སྐྱོར་བྱས་ཏེ། གོ་ཐོབ་འབྲིང་རིམ་ཡན་གྱི་རྐང་འཛིན་པ90གཞི་རིམ་དུ་སོང་ནས་སྨན་བཅོས་ཞབས་ཞུའི་བྱ་བ་བསྒྲུབས། ས་ཁོངས་ཡོངས་སུ“1+6+41”གི་མཉམ་འདུས་བརྟག་བཅོས་དང་སྨན་ཁང་བརྗེ་བའི་དྲ་རྒྱ་བཙུགས་ཏེ། བསྡོམས་པས་མང་ཚོགས་མི་ཐེངས་སྟོང་བརྒྱད་དང་བརྒྱད་བརྒྱ་རེ་བདུན་ལ་ནད་བརྟག་སྨན་བཅོས་བྱས།  ཁུལ་ཁོངས་ཀྱི་རིམས་ནད་སྔོན་འགོག་མཉམ་འབྲེལ་སྒྲིག་གཞིའི་ཚོད་ལྟའི་གནས་འཛུགས་སྐྲུན་བྱ་བ་འགོ་བརྩམས་པ་དང་།   འགོས་ནད་ཚབས་ཆེན་ཀྱི་ལྟ་ཞིབ་ཚད་ལེན་སྔོན་བརྡ་དང་རིམས་འགོག་འཆར་འགོད་ལ་རྒྱུན་མཐུད་ངང་ཤུགས་བསྣན་ལ།  འགོག་སྨན་རྒྱག་སའི་ལས་ཁུངས་ཞེ་བདུན་གྱིས་གཟའ་མཇུག་ལས་སྒྲུབ་བྱེད་པའི་ཞབས་ཞུ་སྤེལ་ཏེ། རེག་དུག་དང་ལིང་ཏོག་ནད་སོགས་ཀྱི་ནད་པར་རིན་མེད་སྐྱོབ་བཅོས་བྱས།  རྒྱལ་ཁབ་ཀྲུང་ལུགས་གསོ་རིགས་གསར་གཏོད་འཕེལ་རྒྱས་ཚོད་ལྟ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་།   ཞང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་ཀྲུང་ལུགས་བོད་ལུགས་གསོ་རིག་ཕྱོགས་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས་ཏེ། གཞི་རིམ་གྱི་ཀྲུང་ལུགས་བོད་ལུགས་གསོ་རིག་ནད་བརྟག་སྨན་བཅོས་ཀྱི་བསྡུར་ཚད37.5%ལ་སླེབས།



热门新闻

热门图库

热门排行