ཞིན་ཧེ་རྫོང་གིས་དུས་ཆེན་གཉིས་ལ་རྟེན་འབྲེལ་ཞུ་བའི་སྐོར་སྐྱོད་བྱེད་སྒོ་སྤེལ།
ཟླ9པའི་ཚེས20ཉིན་གྱི་དགོང་མོར། ཞིན་ཧེ་རྫོང་གི་མཚན་ཁྲོམ་དུ་གློག་འོད་ཆེམ་ཆེམ་འཕྲོ་བ་དང་མི་ཚོགས་ཀྱི་འདུ་འཛིས་ཁེངས་འདུག བརྒྱད་པའི་བཅོ་ལྔ་དང་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་། ཅན་བཅུའི་ཏང་འཛུགས་སྐྱོང་གིས་དཔལ་ཡོན་ཡུལ་སྲོལ་དམངས་སྲོལ་ལ་ནུས་ཤུགས་སྩོལ་བའི་སྐོར་སྐྱོད་བྱེད་སྒོ་དངོས་སུ་སྤེལ་མགོ་ཚུགས་པ་དང་། སྲོལ་རྒྱུན་དུས་ཆེན་གྱི་དམངས་སྲོལ་དང་མཚན་ཁྲོམ་གྱི་འཛད་སྤྱོད་མཉམ་འདྲེས་གཏིང་ཟབ་བྱས་ཏེ། རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་རིག་གནས་ཀྱི་གསོལ་སྟོན་ཆེན་མོ་ཞིག་བཤམས།
ཉིན་དེའི་དགོང་མོར། ཁྱད་ལྡན་རིག་རྩལ་ལེ་ཚན་ཏེ<<ཤན་འདན་ནང་འཁྲུག>>ཅེས་པ་འཁྲབ་སྟོན་བྱས་ཏེ་བྱེད་སྒོའི་མགོ་བརྩམས་ཤིང་། ཐེངས་འདིའི་བྱེད་སྒོས་གླིང་སྐོར་གྱི་རྣམ་པ་གསར་གཏོད་དང་བེད་སྤྱོད་བྱས་ཏེ། མཚན་ཁྲོམ་ཉམས་ལེན་བྱེད་ས་བཀོད་སྒྲིག་བྱས་ནས། མང་ཚོགས་རང་མོས་ངང་ཞུགས་པར་སྟབས་བདེ་བསྐྲུན་པ་དང་ཚོང་ཁང་གི་ཚོང་གཉེར་ལའང་ལྟ་རྟོག་བྱེད་ཐུབ་པར་བྱས་ཏེ། རིག་གནས་དམངས་ཕན་དང་མཚན་ཁྲོམ་འཛད་སྤྱོད་ཕན་ཚུན་སྐུལ་འདེད་བྱས།
མཚན་ཁྲོམ་གྱི་འཛུལ་སྒོའི་ཟླ་བའི་ལྷ་མོ་དང་ཐེན་ཕུང་དམག་སྤྱི་སོགས་ཁྱད་ལྡན་མཛེས་སྤྲས་ཀྱིས་མང་ཚོགས་མང་པོ་བཀུག་ནས་པར་ལེན་བཞིན་འདུག ཁྲོམ་གཞུང་དུ་བསྒྲིགས་པའི་ཟླ་གོར་ལེན་པ་དང་ལེགས་སྐྱེས་ལེན་པ་སོགས་སྲོལ་རྒྱུན་གྱི་སྒྱུ་རྩལ་རྣམ་གྲངས་ལ་རྒན་གཞོན་ཚང་མས་དགའ་བསུ་ཐོབ་བཞིན་འདུག
བྱེད་སྒོ་སྤེལ་ཡུལ་དུ་གེ་སར་རྒྱལ་པོ་དང་ཟླ་བའི་ལྷ་མོ། རི་བོང་འཛིན་སོགས་གནའ་སྲོལNPCསྲང་ལམ་བརྒྱུད་ནས་སྐོར་སྐྱོད་བྱས་ཏེ། ཡུལ་དངོས་སུ་དུས་ཆེན་གྱི་རྣམ་པས་ཁེངས་ཡོད།
ཐེངས་འདིའི་བྱེད་སྒོ་ནི་ཞིན་ཧེ་རྫོང་གིས་ཅན་བཅུའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་དཔལ་ཡོན་ཡུལ་སྲོལ་བཏོད་པའི་གསོན་ཉམས་ལྡན་པའི་ལག་ལེན་དངོས་ཞིག་རེད། གླིང་སྐོར་འབྲེལ་འདྲིས་དང་རིག་གནས་སྐོར་སྐྱོད་སོགས་ཀྱི་རྣམ་པ་བརྒྱུད་ནས། མི་རིགས་ཁག་གི་མང་ཚོགས་ཀྱིས་རྒྱལ་ཁབ་ལ་བཅངས་པའི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་མོས་སེམས་དང་གཏོགས་སེམས་ཇེ་དྲག་ཏུ་བཏང་སྟེ། ཆབས་ཅིག རྫོང་ཁོངས་ཀྱི་མཚན་མོའི་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་བག་ཤུགས་མངོན་པར་སྐུལ་འདེད་བཏང་།