གནད་བསྡུས། 详情

དོན་གྲུབ་ཀྱིས་གཙོ་གནད་ལས་གཞིའི་འཛུགས་སྐྲུན་གྱི་སྐུལ་འདེད་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་གནང་།

ཟླ9པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ཀྱིས་མཚོ་ལྷོ་ཁུལ་བཏུལ་ཐང་གི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་འཛུགས་སྐྲུན་ལས་གཞི་དང་ཝན་ཅེ་ཅིན་ཧྥེང་རིག་རྩིས་ལྟེ་གནས་ཀྱི་ལས་གཞི།  དེ་མིན་པའོ་ནེང་མཁའ་འགྲུལ་ཐོག་མའི་ནུས་གསོག་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ལྟེ་གནས་ཀྱི་ལས་གཞི་བཅས་ཀྱི་ཡུལ་དངོས་སུ་ལས་གཞིའི་འཛུགས་སྐྲུན་གྱི་སྐུལ་འདེད་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ལས་གཞི་འཛུགས་སྐྲུན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་བརྩིས་ནས། དམིགས་ཚད་ལ་དམ་པོར་གཞིགས་ཏེ་ལས་གཞིའི་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

བཏུལ་ཐང་གི་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ལས་གཞིའི་ས་ཚིགས་སུ་དོན་གྲུབ་ཨར་ལས་བྱ་ཡུལ་དུ་ཕྱིན་ཏེ་ཡུལ་དངོས་སུ་འཛུགས་སྐྲུན་གྱི་འཕེལ་རིམ་ལ་རྟོག་ཞིབ་གནང་སྟེ། ལས་ཡུན་བཀོད་སྒྲིག་དང་ཨར་ལས་རྩ་འཛུགས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་ཞིང་།  ཁོང་གིས་འཚོ་བའི་གད་སྙིགས་མེར་བསྲེགས་གློག་འདོན་ལས་གཞི་ནི་ས་ཁོངས་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་བྱེད་སྟངས་ཀྱི་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ལ་སྐུལ་འདེད་གཏོང་བ་དང་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་སའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཡིན་ཕྱིན། དུས་ཚོད་དམ་འཛིན་གྱིས་འཛུགས་སྐྲུན་གྱི་ལས་འགན་ཁག་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ་སྔ་མོ་ནས་ཐོན་སྐྱེད་བྱེད་མགོ་རྩོམ་པར་བརྩོན་ལེན་བྱས་ནས་ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་གཏོད་རྒྱུར་རོགས་རམ་བྱ་དགོས། ལས་གཞིའི་འཛུགས་སྐྲུན་དང་རྗེས་ཀྱི་འཁོར་སྐྱོད་ལ་གཅིག་གྱུར་འཆར་འགོད་ཀྱིས་བསམ་གཞིགས་བྱས་ཏེ་སྔ་མོ་ནས་མི་སྣ་བསྡུ་བ་དང་གསོ་སྦྱོང་སོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབ་ནས་ཐོན་སྐྱེད་བྱེད་མགོ་རྩོམ་པར་འགན་ལེན་བྱ་དགོས་ཤིང་། ཝན་ཅེ་ཅིང་ཧྥེང་རིག་རྩིས་ལྟེ་གནས་ཀྱི་ལས་གཞིའི་ཡུལ་དངོས་དང་པའོ་ནེང་མཁའ་འགྲུལ་ཐོག་མའི་ནུས་གསོག་རྩེར་སོན་སྒྲིག་ཆས་བཟོ་སྐྲུན་ལྟེ་གནས་ཀྱི་བཟོ་ཁང་དུ། དོན་གྲུབ་ཀྱིས་ལས་གཞིའི་འཆར་འགོད་ཇུས་འགོད་དང་འགྲོ་ལུགས་སྒྲུབ་གཉེར། འཛུགས་སྐྲུན་གྱི་མྱུར་ཚད་སོགས་ཀྱི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ། ལས་གཞིའི་འགན་འཁུར་བ་དང་མཉམ་དུ་གླེང་མོལ་བྱས་པ་རེད། དོན་གྲུབ་ཀྱིས་རྒྱལ་ཡོངས་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་མོ་དང་འགྲན་རྩོད་ཀྱི་རྣམ་པ་གསར་པར་དམིགས་ཏེ། རང་ཁུལ་གྱི་ནུས་ཁུངས་གཙང་མའི་ཐོན་ཁུངས་ཀྱི་དགེ་མཚན་དང་ལྗང་མདོག་རྩིས་ཤུགས་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞིའི་ཆ་རྐྱེན་ལ་གཞི་བཙུགས་ནས། ཤར་རྒྱུད་ས་ཁུལ་གྱི་རྩིས་ཤུགས་དགོས་མཁོར་སྦྲེལ་མཐུད་ནུས་ལྡན་བྱས་ཏེ། འབྲེལ་ཡོད་ཁེ་ལས་དང་སྤུས་ལེགས་ལས་རྣམ་མང་པོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་ཁྲིད་བྱས་ནས་ལྗང་མདོག་རྩིས་གློག་མཐུན་སྦྱོར་འཕེལ་རྒྱས་ཀྱི་ཐོན་ལས་ལ་མཉམ་ཤུགས་ཆགས་པར་སྐུལ་འདེད་གཏོང་དགོས་པ་དང་། ནུས་ཁུངས་གཙང་མའི་སྒྲིག་ཆས་བཟོ་སྐྲུན་ཐོན་ལས་འཕེལ་རྒྱས་གཏོང་བར་དམིགས་ཏེ། ཐོན་ལས་སྦྲེལ་ཐག་གི་རྒྱུན་བསྲིངས་བ་སོགས་ལ་མཉམ་ཤུགས་འདོན་པ་གཙོར་བཟུང་ནས་ཐོན་ལས་སྦྲེལ་ཐག་དེ་འཐུས་ཚང་ཡོང་བར་བྱ་དགོས། མཐོ་སྒང་གི་ས་བབ་མཐོ་བའི་དམིགས་བསལ་གྱི་ས་ཁམས་ཆ་རྐྱེན་ལ་གཞི་བཙུགས་ཏེ། འགག་རྩའི་ཁྱབ་ཁོངས་དང་ལྟེ་བའི་གཞི་གྲངས་ལ་ཞིབ་བཤེར་ཚད་ལེན་དང་ཞིབ་འཇུག་གཏིང་ཟབ་བྱས་ནས། ནུས་གསོག་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་སྒོས་ས་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་པར་འབད་བརྩོན་བྱ་དགོས་ཞེས་ནན་གྱིས་བསྟན།

   རྟོག་ཞིབ་སྐབས་སུ། དོན་གྲུབ་ཀྱིས་འབྲེལ་ཡོད་སྡེ་ཁག་སོ་སོས་རང་འགུལ་གྱིས་གཞི་རིམ་ཞབས་ཞུའི་འགན་སྲུང་བྱ་བ་ལེགས་པོར་བསྒྲུབ་དགོས་ཤིང་། ལས་གཞིའི་འཛུགས་སྐྲུན་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཏེ། མཉམ་འཛིན་མཉམ་སྒྲུབ་དང་ཕྱོགས་གཅིག་ལ་ཤུགས་འདོན་པའི་བྱ་བའི་རྣམ་པ་ཞིག་ཆགས་པར་བྱ་དགོས་ལ། ལས་གཞིར་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་འགག་གནད་དང་དཀའ་གནད་དུས་ཐོག་ཏུ་ཐག་གཅོད་བྱས་ནས། ལས་གཞི་སྔ་མོ་ནས་བསྐྲུན་པ་དང་། སྔ་མོ་ནས་ཐོན་སྐྱེད་བྱེད་པ། སྔ་མོ་ནས་ཕན་འབྲས་ཐོན་པ་བཅས་ཡོང་བར་ཁག་ཐེག་ནན་མོ་བྱ་དགོས་ཞེས་བླང་བྱ་བཏོན།

    ཁུལ་གྱི་མགོ་ཁྲིད་ཆིའུ་ཡོན་ལིན་དང་ཕན་ལེ་ཡོན་རྟོག་ཞིབ་ཁྲོད་ཞུགས།


热门新闻

热门图库

热门排行