སྲིད་དོན། 详情

དོན་གྲུབ་ཀྱིས་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་གྱི་དམངས་གཉེར་ཁེ་ལས་ལ་རྟོག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་བསྡུས།

ཟླ9པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་དོན་གྲུབ་ལྗང་མདོག་ཐོན་ལས་འཕེལ་རྒྱས་གླིང་ཁུལ་དུ་སོང་ནས། དམངས་གཉེར་ཁེ་ལས་ཀྱི་བདག་གཉེར་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་མ་ཟད། དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་དམངས་གཉེར་དཔལ་འབྱོར་ཚད་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་དང་མཇུག་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བར་ཤུགས་སྣོན་པ་དང་ཁེ་ལས་བདག་གཉེར་གྱི་དཀའ་གནད་སྣ་ཚོགས་སེལ་ཏེ། དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཆོད་སེམས་བརྟན་པོ་གཏོང་བར་ཁྲིད་སྟོན་བྱས་ནས། ཚོང་རའི་གཙོ་གཞིའི་ནང་གནས་སྒུལ་ཤུགས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སློང་སྒོས། ཁུལ་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་བདེ་ཐང་དང་ཚད་མཐོའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་གངས་ལྗོངས་འོ་ལས་དང་པེ་ལི་ཀན་ཚའོ། པའོ་ནང་ཧྲོའུ་ཧང་། མཚོ་སྔོན་པོ་ཤ་ལས།  ཞང་སན་ཅང་། ཅིན་ཧྥེང་རླུང་གློག  ཧྲེང་ཧྲི་ཀྲུང་དབྱིན་སོགས་དམངས་གཉེར་ཁེ་ལས་པའི་འཐུས་མི7གྱིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཞིང་། ཚང་མས་ཁེ་ལས་འཕེལ་རྒྱས་ཀྱི་དོན་དངོས་གཞིར་བཟུང་སྟེ། དངོས་ཡོད་དཀའ་ངལ་གླེང་ནས་བསམ་འཆར་དང་གྲོས་གཞི་བཏོན། དོན་གྲུབ་ཀྱིས་གཏམ་བཤད་ལ་ནན་ཏན་གྱིས་ཉན་ཏེ། སྐབས་རེར་ཁེ་ལས་པ་དང་མཉམ་དུ་བསམ་ཚུལ་བརྗེ་རེས་བྱས་པ་མ་ཟད། འབྲེལ་ཡོད་གནད་དོན་གྱི་རེ་ཞུར་ལན་བཏབ་པ་དང་། ཁོས་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཀྱིས་བཏོན་པའི་དཀའ་ངལ་དང་རེ་ཞུ། བསམ་འཆར་དང་གྲོས་གཞི་བཅས་ལ་ནན་ཏན་གྱིས་ཞིབ་འཇུག་བྱས་ཏེ། འབྲེལ་མཐུད་ལག་བསྟར་དམ་འཛིན་སྒོས། ཁུལ་ཡོངས་ཀྱི་དམངས་གཉེར་ཁེ་ལས་ལ་སྔར་ལས་ལེགས་པའི་འཕེལ་རྒྱས་ཀྱི་ཁོར་ཡུག་ཞིག་བསྐྲུན་དགོས་ཞེས་རེ་བ་བཏོན། དོན་གྲུབ་ཀྱིས་དམངས་གཉེར་ཁེ་ལས་དག་གིས་མཚོ་ལྷོར་གཞི་བཙུགས་ཏེ་བྱ་གཞག་གཉེར་ནས་ཁུལ་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཁྱོན་ཡོངས་སུ་རང་འགུལ་ངང་འདྲེས་པར་བྱས་ཏེ། དཔལ་འབྱོར་འཕར་སྣོན་བརྟན་པོ་ཡོང་བ་དང་། མང་ཚོགས་ཀྱི་ལས་ཞུགས་ཐག་གཅོད། ཐོན་ལས་ཀྱི་སྦྲེལ་ཐག་འཐུས་ཚང་དུ་གཏོང་བ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གསོ་སྐྱོང་བྱེད་པ་སོགས་ཀྱི་ཕྱོགས་སུ་ནུས་པ་བཏོན་ཡོད་པས། རང་ཁུལ་གྱི་དངོས་གཞིའི་དཔལ་འབྱོར་གྱི་སྟོབས་ཤུགས་གཙོ་བོ་ཡིན་ལ། མིག་སྔར། དམངས་གཉེར་ཁེ་ལས་འཕེལ་རྒྱས་ལ་དཀའ་ངལ་དང་འགྲན་སློང་མང་པོ་ཡོད་ཅིང་། འཕེལ་རྒྱས་ལ་དཀའ་ཚེགས་ཅི་འདྲ་ཆེ་ནའང་དེ་ཙམ་གྱིས་རང་འགུལ་ངང་མདུན་དུ་བཅར་ནས་དཀའ་ངལ་སེལ་ཏེ་དམངས་གཉེར་ཁེ་ལས་ཀྱི་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བར་རོགས་རམ་བྱ་དགོས་ཞེས་བསྟན།

དོན་གྲུབ་ཀྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཁེ་ལས་ཀྱི་རེ་འདུན་ལ་དམིགས་ནས་རྒྱུན་རྣམ་ཅན་གྱི་འབྲེལ་མཐུད་ལམ་སྲོལ་འཛུགས་པ་དང་ཕྱོགས་བསྡུས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བྱས་ཏེ། ཁེ་ལས་ལ་ཕན་པའི་བྱེད་ཐབས་སོ་སོ་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་ནུས་ཤུགས་ཡོད་རྒུས་གཏོད་དགོས། ཐོན་ལས་འཆར་འགོད་ཀྱི་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པ་དང་། ནུས་ཁུངས་ལ་བརྟེན་ནས་ཁུལ་སྟོབས་ཆེར་གཏོང་བ། ཞིང་ཕྱུགས་ལས་ལ་བརྟེན་ནས་ཁུལ་བརྟན་པོར་གཏོང་བ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཁུལ་དར་རྒྱས་སུ་གཏོང་བ་བཅས་ཀྱི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་དམངས་གཉེར་ཁེ་ལས་ཀྱིས་རང་འགུལ་ངང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྒྲིག་གཞིའི་ནང་ཞུགས་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚོལ་བར་ཁྲིད་སྟོན་བྱས་ནས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུ་འདོན་དགོས། ལས་གཞིའི་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱིས་སྤུས་ལེགས་ལག་རྩལ་བསྒྱུར་བཀོད་དང་ཕྱོགས་སྒྱུར། སྒྲིག་ཆས་ཆ་ཚང་སོགས་ཀྱི་ལས་གཞི་འཆར་འགོད་དང་ལག་བསྟར་བྱེད་པར་མཛུབ་སྟོན་བྱས་ཏེ། ཁེ་ལས་ཀྱི་གཉེར་སྐྱོང་བརྟན་པོ་དང་ཐོན་ནུས་རྒྱ་སྐྱེད། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་སྐྱེད་བཅས་ཡོང་བར་རོགས་རམ་བྱ་དགོས། སྲིད་གཞུང་དང་དངུལ་ཁང་། ཁེ་ལས་བཅས་བར་གྱི་འབྲེལ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། དངུལ་རྩའི་ལས་ཁུངས་ཀྱིས་དངོས་གཞིའི་དཔལ་འབྱོར་ལ་གནད་ལ་འཁེལ་བའི་སྒོ་ནས་མཐུན་རྐྱེན་བསྐྲུན་པར་ཁྲིད་སྟོན་བྱས་ཏེ། ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་རོགས་རམ་བྱ་དགོས། ཐོན་ལས་དང་སློབ་གསོ་མཉམ་འདྲེས་ལེགས་པོ་བྱེད་པ་དང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱིས་མི་སྣ་གསོ་སྐྱོང་བྱེད་པའི་བྱ་བ་གཏིང་ཟབ་ཏུ་བཏང་སྟེ། ཁེ་ལས་འཕེལ་རྒྱས་སུ་གཏོང་རྒྱུར་ཤེས་ལྡན་པའི་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱ་དགོས། མཁོ་སྤྲོད་སྦྲེལ་མཐུད་ཀྱི་སྟེགས་བུ་ཧུར་ཐག་སྒོས་བསྐྲུན་པ་དང་། ཁ་གཏད་རོགས་སྐྱོར་ས་ཁུལ་དང་ཐོན་ལས་མཉམ་ལས། ཐོན་འཚོང་མཉམ་ལས་བཅས་གཏིང་ཟབ་ཏུ་བཏང་ནས། ཐོན་ལས་སྦྲེལ་ཐག་གི་སྒྲིག་གཞི་འཐུས་ཚང་དང་ཐུན་མོང་འཕེལ་རྒྱས་སུ་བཏང་སྟེ།  ཁེ་ལས་ཀྱི་ཕན་འབྲས་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཉིས་ཀྱི་ཐད་གཉིས་ཕན་མཉམ་རྒྱལ་ཡོང་བར་བྱ་དགོས་ཞེས་ནན་གྱིས་བསྟན།

དོན་གྲུབ་ཀྱིས་ད་དུང་རྒྱ་ཆེའི་ཁེ་ལས་ཀྱིས་ཁྱོན་ཡོངས་ཀྱི་འཕེལ་ཕྱོགས་ཁོང་དུ་ཆུད་པ་དང་། རང་སྟོབས་ཆེ་རུ་གཏོང་བ། རང་འགུལ་གྱིས་ཚོང་རའི་འགྱུར་ལྡོག་དང་ལག་རྩལ་གསར་བརྗེའི་འཕེལ་ཕྱོགས་དང་མཐུན་པར་བྱེད་པ། ལག་རྩལ་བསྒྱུར་བཀོད་དང་བཟོ་རྩལ་ལེགས་སྒྱུར། ཐོན་རྫས་ཞིབ་འཇུག་གསར་སྤེལ་བཅས་ཀྱི་ཐད་མ་དངུལ་འཇོག་ཚད་མུ་མཐུད་དུ་ཆེ་རུ་གཏོང་བ་དང་། ཐོན་རྫས་ཀྱི་གྲུབ་ཚུལ་མུ་མཐུད་དུ་ལེགས་སྒྱུར་དང་སྤུས་རྟགས་ཀྱི་ལེགས་ཆ་གཏོད་པ། ཐོན་ལས་སྦྲེལ་ཐག་གི་མཉམ་ལས་རྒྱ་བསྐྱེད་དེ། ལྟེ་བའི་འགྲན་རྩོད་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་དགོས། དེང་རབས་ཁེ་ལས་བཅོས་སྐྱོང་གི་ཚད་གཞིར་དམིགས་ནས། ཚད་ལྡན་ཅན་གྱི་འཁོར་བསྐྱོད་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་ནན་མོ་བྱེད་པ། ཁྲིམས་མཐུན་དང་ཡིད་རྟོན། སྤྱོད་གཙང་བཅས་ཀྱི་སྒོ་ནས་གཉེར་སྐྱོང་བྱས་ཏེ། ཁེ་ལས་ཀྱི་ཉེན་འགོག་དང་འཕེལ་རྒྱས་བརྟན་པོ། རྒྱུན་མཐུད་རང་བཞིན་བཅས་ཀྱི་ནུས་པ་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཁུལ་གྱི་མགོ་ཁྲིད་ཆིའུ་ཡོན་ལིན་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

热门新闻

热门图库

热门排行