གཙོ་གནད།2 详情

ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།

རང་ཚགས་པར་གྱི་འཕྲིན། ཟླ9པའི་ཚེས18ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་མགོ་འཛིན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དེ་མིན་འབྲེལ་ཡོད་རྣམ་བཤད་གལ་ཆེན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པ་དང་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་གནང་སྟེ། འབྲེལ་ཡོད་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

ཡིག་བརྙན། ཚོགས་འདུ་ལས་ཟླ8པའི་ཚེས28ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཆིང་ཏའོ་གྲོང་ཁྱེར་པེ་ཧའེ་གྲུ་གཟིངས་བཟོ་གྲྭའི་མེ་སྐྱོན་དོན་རྐྱེན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན། དེ་མིན་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་པོད་ལྔ་བ་ལས་དམངས་གཉེར་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་ནན་མོ་གཏོང་བ་དང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་གསུང་རྩོམ་གཅེས་བསྒྲིགས་དེབ་དང་པོ་ལས་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཀུན་སྤྱོད་གླེང་བ་བཅས་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་གཏིང་ཟབ་བྱེད་པར་སྣེ་ཁྲིད་དེ། ཆབ་སྲིད་ཀྱི་ཀུན་སྤྱོད་དམ་སྲུང་དང་། ལས་གནས་བརྟན་སྲུང་དང་ལས་གནས་ལ་དགའ་བ། འགན་འཁྲི་ཤེས་པ་དང་ལས་འགན་གཙང་སྒྲུབ་བཅས་བྱས་ཏེ། ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་འཁྱོལ་ལེགས་པོ་བྱེད་པར་འབད་དགོས་པ་དང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། གནོད་འགོག་གནོད་སེལ་དང་བདེ་འཇགས་ཐོན་སྐྱེད་བྱ་བར་སྤྱི་འདོམས་ལེགས་པོ་བྱེད་པ་དང་། ལྷོད་གཡེང་གི་བསམ་བློ་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་དོར་ནས། བདེ་འཇགས་དོན་རྐྱེན་གྱི་ཉམས་མྱོང་སྣ་མང་བསྡུ་ལེན་གཏིང་ཟབ་བྱེད་པ་དང་། གནོད་འགོག་གནོད་སེལ་གྱི་དེར་བསྟུན་བྱེད་ཐབས་ཞིབ་ཚགས་སུ་བཟོས་ཏེ། ལས་རིགས་ཁག་དང་ཁྱབ་ཁོངས་སོ་སོའི་བདེ་འཇགས་བྱུར་རྐྱེན་ལ་རྒྱུན་རྣམ་ཅན་གྱིས་གྲལ་བཤེར་བྱས་ནས། ཕྱོགས་ཡོངས་ནས་བདེ་འཇགས་བརྟན་ལྷིང་ལ་རྨང་གཞི་བརྟན་པོ་འདིང་དགོས། གཡོ་འགུལ་གཏན་ནས་མི་གཏོང་བ་གཉིས་དང་འགྱུར་བ་མེད་པ་གསུམ་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་བྱས་ཏེ། ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་། ཏང་འཛུགས་སྣེ་ཁྲིད་ལ་བརྟེན་ནས་དམངས་གཉེར་དཔལ་འབྱོར་དང་གྲོང་གསེབ་དར་སྤེལ། སྡེ་བ་རིམ་པའི་ཐོན་སྐྱེད་འཕེལ་རྒྱས་ཀུང་ཟིའི་ཚོང་གཉེར་དོ་དམ་ཚད་ལྡན་དུ་བཏང་སྟེ། སྡེ་བ་རིམ་པའི་མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་བཅས་ཕྱོགས་ཡོངས་ནས་བེད་སྤྱོད་གང་ལེགས་བྱེད་པ་དང་། ཡུལ་བབ་དང་མཐུན་པའི་སྡེ་འབྲེལ་མཉམ་སྐྲུན་གྱི་འཕེལ་རྒྱས་གཏོང་སྟངས་ཁྱབ་སྤེལ་དུ་བཏང་ནས། རྩ་འཛུགས་ཀྱི་དགེ་མཚན་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་བསྒྱུར་དགོས། ཀུན་སྤྱོད་བཟང་པོ་རྟོགས་པ་དང་སྤྱི་བའི་ཀུན་སྤྱོད་སྲུང་བ། སྒེར་གྱི་ཀུན་སྤྱོད་གཟབ་པ་བཅས་ཀྱི་བླང་བྱ་གཙོ་བོ་ཁོང་དུ་ཆུད་པར་བྱས་ཏེ། དུས་རྒྱུན་དུ་རང་ངོས་ཀྱི་ནུས་པ་དང་བྱ་བའི་བྱེད་ཐབས། ལས་འགན་གྱི་ཕན་འབྲས་བཅས་ལ་དཔེ་བསྡུར་གྱི་ལམ་ནས་ལྟ་ལྟོག་བྱས་ནས། དུས་ནམ་ཡང་མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པོར་གཏོང་བ་དང་། མང་ཚོགས་ཀྱི་བྱ་བར་དམིགས་ནས་གཞི་རིམ་ལ་ཁ་ཕྱོགས་པ་དང་དངོས་གཉེར་ལས་སྒྲུབ་བྱེད་པ། རང་འགུལ་གྱིས་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ་དང་བྱ་བའི་བྱེད་ཐབས་དངོས་སུ་བསྒྱུར་བ། ཐོན་ཁུངས་ཀྱི་རྒྱུ་རྐྱེན་སྣ་མང་བེད་སྤྱོད་བྱས་ཏེ། བྱ་བའི་དཀའ་གནད་སེལ་བ་དང་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཆབ་སྲིད་ཀུན་སྤྱོད་ཀྱི་བློ་སྦྱོང་ལ་ཞིབ་བཤེར་བྱ་དགོས་ཞེས་ནན་གྱིས་བསྟན།

 ཚོགས་འདུ་ལས་ཁུལ་ཡོངས་ཀྱི་སྤུས་ཚད་དང་ཟས་རིགས། སྨན་རྫས། ཤེས་བྱའི་བདག་དབང་། ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་སོགས་ཀྱི་བྱ་བའི་སྙན་ཞུར་ཉན་ཏེ། ཞིང་ཕྱུགས་ཐོན་རྫས་དང་རིག་གནས་ཡུལ་སྐོར་གྱི་སྤྱི་བའི་སྤུས་རྟགས་སོགས་གཞི་གཅིག་ཅན་གྱི་གསར་བཟོ་བྱ་རྒྱུར་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་སྟེ། ལུང་གཡང་ཀྲི་ཞན་སོགས་ས་གནས་ཀྱི་གཙོ་ཁྲིད་ཁེ་ལས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་ཚོང་ལམ་ཤར་གཏོང་བྱས་ནས་ཁྱད་ལྡན་ཐོན་རྫས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་དགོས། ཟས་རིགས་དང་སྨན་རྫས་ཀྱི་བརྒྱུད་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱིས་ཁེ་ལས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་སྤུས་ཚད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་དགོས། རང་ས་གནས་ཀྱི་ཟས་རིགས་རྒྱུ་ཆའི་ཁྱད་ལྡན་ཟས་ཐོ་ཞིབ་འཇུག་གསར་སྤེལ་གྱི་གྲུབ་འབྲས་མགྱོགས་མྱུར་ངང་གཞན་སྒྱུར་བྱེད་པ་དང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭར་བརྟེན་ནས་ཁེར་གཉེར་ཚོང་དུད་ཀྱིས་ཟས་ཐོ་གསར་པ་གཏོད་པར་གསོ་སྦྱོང་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་གུང་ཧོའི་ཁྱིམ་ཚང་གི་གསོལ་སྟོན་དང་ལུང་གཡང་ཉའི་གསོལ་སྟོན་སོགས་ཁྱད་ལྡན་བཟའ་བཏུང་གིIPསྟོབས་ཆེར་གཏོང་དགོས། ཕྱོགས་བསྡུས་སྨན་བཅོས་འཕྲོད་བསྟེན་བཅོས་བསྒྱུར་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། ནད་གཞིའི་རྐྱེན་གྱིས་སླར་ཡང་དབུལ་བོར་འགྱུར་བའི་ཉེན་ཁ་གཙོ་བོར་དམ་པོར་དམིགས་ནས། ནད་བརྟག་སྨན་བཅོས་དང་སྨན་རྫས་འགན་སྲུང་ཞབས་ཞུ་དགོན་སྡེར་ཁ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་། དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་བརྟག་དཔྱད་ཏན་ཏིག་ངང་སྤེལ་བ་དང་སྡོད་དམངས་ཀྱི་བདེ་ཐང་ཡིག་ཚགས་ཚད་ལྡན་བཟོས་ཏེ། སྔ་མོ་ནས་རྟོགས་པ་དང་སྔ་མོ་ནས་ཐེ་གཏོགས་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། ཁུལ་མི་དམངས་སྨན་ཁང་དེ་ཀ་རིམ་པ་གསུམ་པར་བསྐྲུན་པ་དང་སྡེ་བའི་སྨན་པའི་ལས་སྒོའི་ནུས་པ་དང་ཞབས་ཞུའི་འདུ་ཤེས་གསོ་སྦྱོང་། སྡེ་བ་རིམ་པའི་རྒྱུན་ལྡན་སྨན་རྫས་ཆ་ཚང་སྡེབ་སྒྲིག་སོགས་ཀྱི་གཙོ་གནད་ལས་དོན་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་སྐུལ་འདེད་བཏང་སྟེ། ཁུལ་དང་རྫོང་། ཤང་དང་སྡེ་བའི་སྨན་རྫས་ཀྱི་རྩིས་ཞུའི་བསྡུར་ཚད་ཀྱི་གཅིག་གྱུར་སྲིད་ཇུས་དོན་འཁྱོལ་བྱ་དགོས། དམངས་ཕན་སྨན་བཅོས་སྲིད་ཇུས་ཀྱི་དྲིལ་སྒྲོག་ནུས་པ་ཆེ་རུ་བཏང་ནས། གོང་རིམ་པའི་སྨན་ཁང་དུ་སྨན་བཅོས་བྱེད་དུ་འགྲོ་བ་དང་སྨན་བཅོས་གྲོས་བསྡུར་སོགས་དམངས་ཕན་ལམ་ལུགས་ཁྱབ་གདལ་དུ་བཏང་སྟེ། མང་ཚོགས་ལ་སྨན་བཅོས་སྲིད་ཇུས་རྒྱུས་ལོན་ཟབ་མོ་བྱེད་དུ་འཇུག་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུ་ལས་བརྒྱད་པའི་ཚེས་བཅོ་ལྔའི་དུས་ཆེན་དང་རྒྱལ་སྟོན་དུས་ཆེན་ཐོན་ལ་ཉེ་བས། སྒྲིག་ལམ་དང་སྒྲིལ་སྲོལ་ནན་སྲུང་བྱས་ཏེ། སྤྱོད་གཙང་ངང་དུས་ཆེན་རོལ་བར་དར་སྤེལ་དུ་གཏོང་བ་དང་། དུས་ཆེན་སྐབས་ཀྱི་གོམས་སྲོལ་མི་ལེགས་པར་མུ་མཐུད་དུ་བཅོས་སྐྱོང་བྱ་དགོས། བསམ་བློའི་མཐའ་ཚད་བརྟན་སྲུང་བྱས་ཏེ། བདེ་འཇགས་ངང་དུས་ཆེན་རོལ་དགོས་པ་དང་ལས་རེས་ལ་ཤུགས་སྣོན་བྱ་དགོས།   ཞིང་ལས་འཕྲུལ་ཆས་ཀྱི་ལས་སྒྲུབ་དང་གཞུང་ལམ་འགྲིམ་འགྲུལ། གནམ་གཤིས་མི་ལེགས་པ། བདེ་འཇགས་ཐོན་སྐྱེད་སོགས་ལ་གཞིགས་ནས་ཉེན་ཁའི་བྱུར་རྐྱེན་ལ་གྲལ་བཤེར་དང་བཅོས་སྐྱོང་བྱེད་པའི་བྱ་བ་སྤེལ་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ལག་བསྟར་ནན་མོ་བྱ་དགོས། མགོ་ཁྲིད་ལས་བྱེད་པའི་ཕྱི་བསྐྱོད་སྙན་སེང་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། སྒྲིག་ལམ་གྱི་འདུ་ཤེས་ཆེ་རུ་བཏང་ནས། དོན་དག་ཡོད་ན་ངེས་པར་དུ་སྙན་སེང་ཞུ་དགོས་པ་དང་སྙན་སེང་ཞུ་སྟངས་ཚད་ལྡན་དུ་གཏོང་དགོས་ཞེས་བླང་བྱ་བཏོན།

ཚོགས་འདུ་ལས་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་དང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས།


热门新闻

热门图库

热门排行