ཞུང་ཡོན་ལའེ་ཡིས་ཁྲི་ཀ་རྫོང་དུ་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།
ཟླ9པའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་མི་བྱེད་པ་བཞི་དང་ཐད་ཀར་གཉིས་ཀྱི་བྱེད་ཐབས་སྤྱད་དེ། ཁྲི་ཀ་རྫོང་ཀབ་རོན་གཞུང་ཤང་དང་རྨ་ནུབ་གྲོང་བརྡལ། ཀ་རིང་ཤང་། རྨ་སྲིབ་གྲོང་བརྡལ། ལ་ཟེ་བ་གྲོང་བརྡལ་བཅས་ཀྱི་སྡེ་བ་ཁག་ཅིག་དང་ཐོན་ལས་རྟེན་གཞི། མཉམ་ལས་ཁང་བཅས་སུ་ཟབ་ཞུགས་བྱས་ཏེ། ཅན་བཅུའི་ཏང་འཛུགས་སྐྱོང་དང་སྡེ་བ་རིམ་པའི་ཐོན་ལས། ཁོར་ཡུག་བཅོས་སྐྱོང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན། འགལ་བ་འདུམ་འགྲིག ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་གཙོ་གནད་བྱ་བར་ཡུལ་དངོས་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་གནང་བར་མ་ཟད། སྡེ་བ་དང་དུད་ཁྱིམ་ལ་བསྐྱོད་དེ་གནས་ཚུལ་དངོས་ལ་རྟོག་ཞིབ་དང་ཞན་ཆ་འཚོལ་བ། དཀའ་གནད་སེལ་བ་བཅས་བྱས་ནས་བྱ་བ་ཁག་དོན་འཁྱོལ་ཞིབ་ཚགས་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་།
ཀབ་རོན་གཞུང་ཤང་སྦྲུལ་ལྕེ་སྡེ་བའི་སྔོ་ཚལ་མྱུ་གུ་གསོ་བའི་དྲོད་ཁང་ཆེན་མོ་དང་འདེབས་འཛུགས་རྟེན་གཞི། རྨ་ནུབ་གྲོང་བརྡལ་གྱི་མཐུན་སྒྲིལ་སྡེ་བ། ཀ་རིང་ཤང་ཨ་སྐུང་སྡེ་བ། རྨ་སྲིབ་གྲོང་བརྡལ་ཀྱལ་རྟ་ཁུག་སྡེ་བ་བཅས་སུ་ཞུང་ཡོན་ལའེ་ཡིས་སྡེ་བ་དང་སྡེ་ཁུལ། ཁེ་ལས། མཉམ་ལས་ཁང་བཅས་ཀྱི་འགན་འཁུར་བས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་གནས་ཚུལ་དང་གཉེར་སྐྱོང་བྱེད་སྟངས། ཕན་འབྲས་བགོ་བཤའ་སོགས་ཀྱི་སྐོར་གླེང་བར་ནན་ཏན་གྱིས་ཉན་པ་དང་། གནས་པའི་དཀའ་ངལ་དང་འགག་རྩ་ལ་ཞིབ་ཕྲའི་ངང་རྒྱུས་ལོན་བྱས་ཏེ། དཀའ་གནད་སེལ་བའི་བསམ་ཕྱོགས་ལ་ཞིབ་འཇུག་གནང་ཞིང་། ཁོས་རང་ས་གནས་ཀྱི་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཐག་ཉེ་སའི་ཞིང་པའི་ཁྱིམ་ལུད་བེད་སྤྱོད་དང་ཚན་རིག་དང་མཐུན་པའི་སྡེབ་སྦྱོར། གནད་ལ་འཁེལ་བའི་སྒོ་ནས་བེད་སྤྱོད་བྱས་ཏེ་ཞིང་འབྲེལ་ཞིང་ཁྲིད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། ཁ་གཏད་རོགས་སྐྱོར་ཐོན་ཁུངས་ལ་སྦྲེལ་མཐུད་དང་ཐོན་ལས་མཐུན་སྦྱོར། ཚོང་ར་ཕན་ཚུན་འབྲེལ་འདྲིས་ཟབ་སྤེལ། ཕྱི་ཕྱོགས་ཀྱི་ཕྱིར་འཚོང་ཐབས་ལམ་རྒྱ་སྐྱེད་ཧུར་ཐག་བཅས་བྱ་དགོས། གྲོང་གསེབ་ཀྱི་ཡུལ་སྐོར་སོགས་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞི་ཚད་ལྡན་དང་རིམ་སྤོར་བྱས་ཏེ་ཞིབ་འཇུག་སློབ་སྦྱོང་དང་ཉམས་ལེན་སོགས་ཀྱི་ལས་རྣམ་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་དང་དོ་དམ་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ནས།ཚོང་འགུག་དངུལ་འདྲེན་དང་ཁྱིམ་མཚེས་སྡེ་བས་མཉམ་གཉེར་སོགས་ཀྱི་བྱ་ཐབས་བརྒྱུད་བེད་སྤྱོད་ཧུར་ཐག་བྱས་ཏེ། ལས་ཕྱོད་དམའ་བའི་བོགས་གཏོང་ཐོན་ལས་ལས་གཞི་མཐའ་གཅིག་ཏུ་ཚུར་བསྡུ་བ་དང་དཔལ་འབྱོར་གྱི་རྩིས་ཡག་པོ་རྒྱག་པ། ཕུགས་ཀྱི་རྩིས་ཡག་པོ་བརྒྱབ་ནས་རྒྱུ་ནོར་ཤོར་རྒྱུ་སྔོན་འགོག་བྱ་དགོས། སྡེ་བ་རིམ་པའི་འཕེལ་རྒྱས་ཀུང་ཟི་དངོས་གཞི་ཅན་དུ་འགྱུར་བར་བྱས་ཏེ་སྡེ་བས་གོང་རིམ་ལ་ལས་གཞི་རེ་ཞུ་བྱས་པའི་རྐྱེན་གྱིས་གྲོང་གསེབ་ཀྱི་འགྲོ་ལམ་དང་། ཞིང་ཆུ་འདྲེན་པའི་ཆུ་ཡུར། སྔོ་ལྗང་ཅན་དུ་འགྱུར་བའི་རྩྭ་འདེབས་སོགས་ཀྱི་ལས་གཞིའི་ཁྲོད་ཞུགས་པར་དང་ལེན་བྱས་ཏེ་རྒུད་གསབ་ལས་སྤྲོད་ཀྱིས་ལས་ཞུགས་རྒྱ་སྐྱེད་དང་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
རྨ་ནུབ་གྲོང་བརྡལ་བདེ་སྐྱིད་སྡེ་བ་དང་བ་བརྒྱ་སྡེ་བ། ཧོར་རྒྱལ་སྡེ་བ་སོགས་ཀྱི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་ཞུང་ཡོན་ལའེ་ཡིས་མང་ཚོགས་དང་མཉམ་དུ་རྒྱུན་ལྡན་འཚོ་བ་དང་བདེ་སྡུག ཁྱིམ་ཚང་གི་ཡོང་འབབ་དང་ལས་ཞུགས་ལས་གཉེར། ཐོན་སྐྱེད་དང་འཚོ་བ། སྲིད་ཇུས་ལོངས་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ནས། མང་ཚོགས་ཀྱི་བསམ་འདུན་ལ་ཉན་པ་དང་ཐོན་སྐྱེད་འཕེལ་རྒྱས་སུ་གཏོང་རྒྱུའི་སྐོར་ནས་མཉམ་དུ་གླེང་མོལ་བྱས་ཤིང་། ཁོས་སྡེ་བ་རིམ་པའི་མ་དངུལ་གསུམ་གྱི་དོ་དམ་ཕྱོགས་ཡོངས་ནས་མཐིལ་རྟོགས་དང་ཐོ་འགོད། ཚད་ལྡན་དུ་བཏང་སྟེ་ནོར་དོན་ཡོངས་བསྒྲགས་དང་ལས་དོན་གསལ་བོ་ཡོང་བར་བྱས་ནས་རང་འགུལ་ངང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱ་དགོས། མང་ཚོགས་ཀྱི་དགོས་མཁོ་དང་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་མཐུད་བྱས་ཏེ་རྩལ་ནུས་གསོ་སྦྱོང་བྱས་ནས་རྩ་འཛུགས་ཡོད་པའི་ངལ་ནུས་ཕྱིར་གཏོང་ཡག་པོ་བྱས་ཏེ། མང་ཚོགས་ལ་འབབ་འཕར་བརྟན་པོ་ཡོང་རྒྱུར་རོགས་རམ་བྱ་དགོས། སྡེ་བ་རིམ་པའི་ནུས་པ་འདོན་སྤེལ་བྱས་ནས་འོས་འགན་ཉེན་རྟོག་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། འགལ་བ་དང་རྩོད་གཞི་གྲལ་བཤེར་དང་སེལ་ཐབས་བྱས་ཏེ་སྔ་མོ་ནས་རྒྱུས་ལོན་དང་སྔ་མོ་ནས་ཞུགས་ཐུབ་པར་བྱས་ནས་དུས་ཐོག་ཏུ་འདུམ་འགྲིག་དང་རང་ས་གནས་སུ་ཐག་གཅོད་ཐུབ་པར་བྱ་དགོས། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་ལ་མགྱོགས་མྱུར་ངང་སྐུལ་འདེད་བཏང་སྟེ། སྡེ་བར་གད་སྙིགས་གང་བྱུང་དུ་སྤུངས་པ་དང་ཞིང་ལས་ཡོ་བྱད་གང་འདོད་དུ་འཇོག་པའི་གནད་དོན་ནུས་ཤུགས་ཡོད་རྒུས་བཅོས་སྐྱོང་བྱས་ནས། སྒོ་རའི་གཙང་སྦྲའི་དཔྱད་བསྡུར་ལ་དམ་འཛིན་ཡག་པོ་བྱེད་པ་དང་སྐར་གསོག་སྒོ་རྩིས་ཚོང་ཁང་། ལེགས་ཉེས་ཁྱབ་སྒྲོག་མིང་ཐོ། བཟང་ངན་བསྡུར་བ་སོགས་ཀྱི་ལམ་སྲོལ་ཡག་པོ་བེད་སྤྱད་བྱས་ཏེ། མང་ཚོགས་ལ་གཙང་སྦྲའི་གོམས་གཤིས་བཟང་པོ་ཆགས་པར་ཁྲིད་སྟོན་བྱས་ནས། ཁོར་ཡུག་གཙང་སྦྲ་དེ་ཕྱི་ངོས་གཙང་དག་ནས་ཁྱོན་ཡོངས་སྤུས་འདེགས་དང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་བྱ་དགོས། གཞི་རིམ་གྱི་དཀའ་ཁག་དེ་སྡེ་ཁག་གིས་ཐག་གཅོད་བྱེད་པའི་མཉམ་འགུལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། གཉིས་འབྲེལ་རོགས་སྐྱོར་གྱི་སྟོབས་ཤུགས་འདོན་སྤེལ་བྱས་ནས། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་རྒྱུན་རྣམ་ཅན་གྱི་སྒོ་ནས་གཞི་རིམ་དུ་བསྐྱོད་པ་དང་ཡུལ་དངོས་སུ་བསྐྱོད་པར་སྐུལ་འདེད་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་ཁག་ལ་གནད་འཁེལ་གྱི་མཛུབ་སྟོན་བྱ་དགོས་ཞེས་བསྟན།
ལ་ཟེ་བ་གྲོང་བརྡལ་དུ་ཞུང་ཡོན་ལའེ་ཡིས་ཡུལ་དངོས་སུ་གྲོང་བརྡལ་གྱི་ཁོར་ཡུག་གཙང་སྦྲའི་བཅོས་སྐྱོང་དང་གྲོང་བརྡལ་གྱི་རྣམ་པར་བདག་སྐྱོང་བྱས་པའི་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་། སྲང་འགྲམ་གྱི་ཚོང་ཁང་དུ་འཚམས་འདྲི་གནང་ནས་ཚོང་ལས་གཉེར་སྐྱོང་དང་ཡོང་འབབ་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཚོང་བདག་རྣམས་ཀྱིས་ཁ་དན་ཚིག་གནས་ཀྱི་འདུ་ཤེས་བརྟན་སྲུང་དང་ཡ་རབས་ཚུལ་མཐུན་གྱིས་ཚོང་གཉེར་ཡག་པོ་བྱས་ཏེ། གྲོང་བརྡལ་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཞིག་མཉམ་དུ་བསྐྲུན་དགོས་ཞེས་མངག་བཅོལ་གནང་། དེའི་རྗེས་སུ་ལ་ཟེ་བ་གྲོང་བརྡལ་སྲིད་གཞུང་དུ་བསྐྱོད་དེ་གྲོང་བརྡལ་རིམ་པའི་ཅན་བཅུའི་ཏང་འཛུགས་སྐྱོང་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། མི་འདང་སར་གསལ་བོར་བསྟན་ནས་བཅོས་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན། ཁོས་ཤང་དང་གྲོང་བརྡལ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་ཅན་བཅུའི་ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་སྲོལ་ཇེ་ལེགས་དང་འཐུས་ཚང་དུ་བཏང་ནས། ཆེད་དོན་ལས་སྒྲུབ་ཚོགས་ཆུང་གི་འགན་འཁྲི་དང་ལས་འགན་ཁ་གསལ་བཟོ་བ་དང་། སྒྲིག་སྲོལ་ལམ་ལུགས་བཟོ་བ་དང་འཐུས་ཚང་དུ་བཏང་སྟེ་རང་གིས་རང་ལ་དོ་དམ་དང་ཞབས་ཞུ་བསྒྲུབ་དགོས། ཤང་དང་གྲོང་བརྡལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ངང་འཁོར་སྐྱོད་བྱེད་པ་དང་གཙོ་གནད་མི་སྣའི་རོགས་རམ་སློབ་གསོ་དང་དོ་དམ་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ལས་འགན་ལེགས་པོར་བསྒྲུབ་དགོས། ལས་བྱེད་པའི་སྤྱོད་ཚུལ་ལེགས་བསྒྱུར་ཏན་ཏིག་དང་ཡང་དག་གི་སྲིད་འབྲས་ལྟ་བ་ལག་ལེན་དུ་བསྟར་ནས། མང་ཚོགས་ཀྱི་ལངས་ཕྱོགས་བརྟན་པོ་དང་མང་ཚོགས་ལ་འབྲེལ་འདྲིསབྱེད་པ་དང་། སྡེ་བ་རིམ་པར་བསྐྱོད་དེ་གནད་དོན་ཤེས་རྟོགས་དང་དཀའ་གནད་སེལ་བར་བྱས་ཏེ། མང་ཚོགས་ཀྱི་ལས་དོན་ལེགས་པར་སྒྲུབ་པའི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ཁུལ་གྱི་མགོ་ཁྲིད་ཝང་ཅི་ཏུ་དང་ལི་ཝེ། བསོད་ནམས་བདེ་སྐྱིད་བཅས་རྟོག་ཞིབ་ཁྲོད་ཞུགས།