པར་རིས་གསལ་བཤད། 详情

པར་རིས་གསར་འགྱུར།

2026-09-21 11:16:49 来源: 作者:བུ་མོ་མཆོག 编辑:བུ་མོ་མཆོག

2175748570830b6f9a98856ac0f219ac-o.jpg

ཟླ9ཚེས12ཉིན། གསར་འགོད་པ་ལུང་ཡང་ཀྲི་ཞན་(མཚོ་སྔོན་)མ་རྐང་ཚད་ཡོད་ཀུང་ཟིའི་སན་མོན་ཉ་ལས་སྣོན་བཟོ་གྲྭའི་ནང་དུ་བཅར་འདྲིར་བསྐྱོད་སྐབས། མཐོ་སྒང་གི་ཆུ་གྲང་སན་མོན་ཉ་རེ་རེ་བཞིན་རང་འགུལ་སྐྱེལ་འདྲེན་སྒྲིག་བཀོད་བརྒྱུད་ནས་གཙང་མར་བཀྲུས་རྗེས་གོ་རིམ་ལྡན་པའི་སྒོ་ནས་སྐྱེལ་བཞིན་ཡོད་པ་དང་། ལས་བཟོ་པ་ཚོས་ལས་ཀའི་གྱོན་ཆས་གཙང་མ་གྱོན་ནས་ཐོན་སྐྱེད་ཁང་དུ་བྱང་ཆ་ལྡན་པའི་སྒོ་ནས་ལེགས་སྒྲིག་དང་གཤག་ལས་བྱེད་བཞིན་ཡོད་ཅིང་། སྤུས་ཀ་ལེགས་པའི་ཆུ་གྲང་སན་མོན་ཉའི་ཐོན་རྫས་འདི་ནས་རྒྱལ་ཁབ་ཕྱི་ནང་གི་ཚོང་རར་བསྐྱོད་བཞིན་ཡོད།

ཞིང་ལས་ཐོན་ལས་ཅན་གྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣེ་ཁྲིད་ཁེ་ལས་སུ་གྱུར་པའི་ཁེ་ལས་དེས་ཉ་ཕྲུག་སྐྱོང་སྲིང་དང་། གསོ་སྤེལ། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་ཐག་ཆ་ཚང་ཞིག་བསྐྲུན་ཡོད་པ་དང་། དེ་ནི་རྒྱལ་ནང་དུ་ASCདང་BAPསྐར་མ4ཡི་རྒྱལ་སྤྱིའི་མཆན་འགོད་ལག་ཁྱེར་གཉིས་མཉམ་དུ་ཐོབ་པའི་སན་མོན་ཉ་ཐོན་སྐྱེད་ཁེ་ལས་ཡིན། ཁེ་ལས་དེའི་ལོ་རེའི་ཉའི་ཐོན་ཚད་ཏུན་ཁྲི1.5ལ་སླེབས་ནས། རྒྱལ་ནང་གི་ཚོང་རའི་ཐོན་ཚད་ཀྱི་50%ཡན་ཟིན་པ་དང་། ཐོན་རྫས་སེང་གྷ་པོར་དང་། འཇར་པན་སོགས་རྒྱལ་ཁབ18དང་ཀྲུང་གོའི་ཤང་ཀང་ས་ཁུལ་དུ་ཕྱིར་ཚོང་བྱེད་བཞིན་ཡོད། 2026ལོའི་ཟླ1པོ་ནས་ཟླ8པའི་བར། ཁེ་ལས་དེའི་རྒྱལ་ནང་ཐོན་སྐྱེད་ཀྱི་སན་མོན་ཉ་ཕྱིར་གཏོང་ཚད་རྒྱལ་ཡོངས་ཀྱི99.5%ཟིན་ཡོད། ཐོན་ལས་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་ཁེ་ལས་དེས་ཞིང་ཁྱིམ་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ། ད་ལྟ་ལས་བཟོ་པ500ལྷག་ཡོད་པའི་ནང་མཚོ་སྔོན་གྱི་ལས་བཟོ་པས95%ཡན་ཟིན་པ་དང་། ཐོན་ལས་སྟོད་སྨད་ཀྱི་མི་སྣ2000ལྷག་ལས་ཞུགས་ཡོང་བར་སྐུལ་ཁྲིད་བྱས་ཏེ། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཆུ་གྲང་ཉ་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་ནུས་ལྡན་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད།

热门新闻

热门图库

热门排行