གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་གྱི་སྐར་གསོག་རང་འདེམས་ཚོང་ཁང་གིས་ཤེས་དཔལ་སྲོལ་གསར་བཏོད།
གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་བྲག་དཀར་སྡེ་བའི་དམིགས་བསལ་གྱི་རང་འདེམས་ཚོང་ཁང་ཞིག་གི་ཚོང་སྒྲོམ་ཐོག་ཏུ་བཤམས་ཡོད་པ་ནི་དངུལ་གྱིས་ཉོ་མི་དགོས་པར་སྐར་མ་བསགས་ནས་བརྗེ་ཐུབ་པའི་ཚོང་ཟོག་ཡིན་ལ། སྐར་གསོག་རང་འདེམས་ཚོང་ཁང་ཆུང་ཆུང་དེར་བརྟེན་ནས་སྡེ་མིར་དངོས་ཕན་ཐོབ་པ་དང་གདོང་ལ་འཛུམ་གྱིས་ཁེངས་ཡོད། དེ་བས་ཀྱང་སྡེ་བའི་ནང་དུ་ཤེས་དཔལ་སྲོལ་གསར་བཏོད་དེ་སྐར་བསགས་ཆུང་བས་གྲོང་གསེབ་བཅོས་སྐྱོང་ལ་ནུས་པ་ཆེན་པོ་བཏོན་ཡོད།
གཞུང་དངོས། གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་བྲག་དཀར་སྡེ་བའི་སྐར་གསོག་རང་འདེམས་ཚོང་ཁང་དུ་སླེབས་པ་ན་ཚོང་སྒྲོམ་ཐོག་གི་སྣ་མང་ཕུན་སུམ་ཚོགས་པའི་ཚོང་ཟོག་སྟེང་མངོན་གསལ་དོད་པའི་སྐར་གསོག་ཤོག་བྱང་སྦྱར་ཡོད། སྡེ་མི་ཚོས་ལག་གི་སྐར་གསོག་བྱང་བུར་བརྟེན་ནས་འཚོ་བའི་དངོས་ཟོག་བརྗེ་པོ་རྒྱག་བཞིན་ཡོད་པ་དང་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་ཡོད། འཁྲུག་ཆ་དོད་པའི་རྣམ་པ་འདི་ནི་སྡེ་བའི2022ལོར་ཁྱབ་སྤེལ་བྱས་པའི་སྐར་གསོག་ལམ་ལུགས་ཀྱི་དོ་དམ་བྱེད་ཐབས་ལས་བྱུང་བ་ཡིན།
སྐར་གསོག་ལམ་ལུགས་དེ་སྡེ་མིའི་འཚོ་བ་དང་འཚམ་པོ་ཡོང་བར་བྱ་ཆེད་བྲག་དཀར་སྡེ་བས་སྡེ་མིའི་ཚོགས་ཆེན་ལས་གྲོས་འཆམ་བྱུང་བའི་སྡེ་སྲོལ་དམངས་ཆིངས་གཞིར་བཟུང་ནས་མི་སྒེར་དང་ཁྱིམ་ཚང་། ལས་ཁུངས་བཅས་ལ་ཁྱབ་པའི་སྐར་གསོག་དོ་དམ་མ་ལག་བཙུགས་ནས་རྒན་བཀུར་གཉེན་གཅེས་དང་མི་རིགས་མཐུན་སྒྲིལ། ཁོར་ཡུག་བཅོས་སྐྱོང་སོགས་སྡེ་མིའི་རྒྱུན་ལྡན་གྱི་བྱ་སྤྱོད་རིགས་ཆེན་པོ་བདུན་དང་བྱེ་བྲག་གི་དོན་ཚན54ཞིབ་ཕྲར་བཟོས་ཏེ་ཁྱིམ་ཚང་རྩིས་གཞིར་བཟུང་ནས་སྐར་བསགས་རིམ་རྩིས་བྱས་ཤིང་། དེ་དང་ཆབས་ཅིག་ལོ་རེར་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ལས་གཞིའི་ནང་དོན་ལེགས་སྒྲིག་བྱས་ཏེ་ལམ་ལུགས་དུས་ནམ་ཡང་མང་ཚོགས་དང་ཐག་ཉེ་ཞིང་ལག་བསྟར་ཐུབ་པར་བྱས།
མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་གྱི་བྲག་དཀར་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དངོས་གྲུབ་སྐྱིད་ཀྱིས་བཤད་རྒྱུར། ད་ལྟ་ཁྱིམ་ཚང328གྱི་སྡེ་མིས་སྐར་གསོག་དངོས་པོར་བརྗེ་བའི་བྱ་དགའ་ལོངས་སུ་སྤྱད་པ་དང་། འདི་ནི་ང་ཚོས་སྡེ་སྲོལ་དམངས་ཆིངས་ཀྱི་སྒྲིག་ལམ་ལྟར་སྐར་བསགས་དངོས་པོར་བརྗེས་པ་ཡིན་ལ། ལག་ཕྱིས་དང་གོས་སྒྲོམ་སོགས་ལ་བརྗེ་ཆོག་པས་སྡེ་མི་རྣམས་ཀྱི་འཚོ་བའི་མཁོ་ཆས་ཏག་ཏག་རེད་ཟེར།
སྐར་བསགས་ཆུང་བས་བྲག་དཀར་སྡེ་བར་འགྱུར་ལྡོག་གཏོང་བཞིན་ཡོད་ལ། མིག་སྔའི་བར་བྲག་དཀར་སྡེ་བའི་སྐར་གསོག་དོ་དམ་ལག་བསྟར་བྱེད་ཚད96%ལ་སླེབས་ཡོད་པ་དང་སྡེ་མི་སྔར་ལས་མང་པོ་རང་རྟོགས་སྒོས་གྲོང་གསེབ་བཅོས་སྐྱོང་གི་བྱ་བར་ཞུགས་ཡོད།
མཚོ་ལྷོ་ཁུལ་གུང་ཧོ་རྫོང་ཐང་སྐར་མ་གྲོང་བརྡལ་བྲག་དཀར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འབུམ་རྩེ་རྒྱལ། བོད་སྐད།
སྐར་བསགས་རང་འདེམས་ཚོང་ཁང་འཁོར་སྐྱོད་བྱས་ནས་ལོ་གསུམ་སོང་རིང་སྡེ་མི་ཚོས་རང་འགུལ་ངང་གྲོང་གསེབ་བཅོས་སྐྱོང་ཁྲོད་ཞུགས་པའི་འདུ་ཤེས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་སྡེ་བའི་ཁོར་ཡུག་འཕྲོད་བསྟེན་སྔར་བས་ལེགས་སུ་ཕྱིན་པ། རུ་སྐོར་ཁྱིམ་མཚེས་དབར་གྱི་འབྲེལ་བ་དེ་བས་འཆམ་པོ་བྱུང་ལ་མི་རིགས་མཐུན་སྒྲིལ་གྱི་རྣམ་པའང་སྔར་བས་ཟབ་ཏུ་ཕྱིན་ཡོད་ཟེར།
གཞུང་དངོས། འགྱུར་ལྡོག་འདི་དག་ཚང་མ་ནི་སྐར་བསགས་ལམ་ལུགས་ལས་བྱུང་བའི་འབྲས་བུ་ཡིན་ཞིང་།བྲག་དཀར་སྡེ་བས་བྱེད་ཐབས་འདིར་བརྟེན་ནས་ཤེས་དཔལ་གྱི་ས་བོན་གྱིས་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་གསར་པ་བསྣན་ཡོད།