མཚོ་ལྷོ་ཁུལ་གྱིས་ཏང་ཕྱིའི་མི་སྣའི་བརྡ་ཁྱབ་ཚོགས་འདུ་བསྡུས།
ཉེ་ཆར། མཚོ་ལྷོ་ཁུལ་གྱིས་ཏང་ཕྱིའི་མི་སྣའི་བརྡ་ཁྱབཚོགས་འདུ་བསྡུས་ཤིང་། དམངས་གཙོ་ཏང་ཁག་སོ་སོ་དང་། བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཕྱིའི་ཤེས་ཡོན་ཅན། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣ། ཆོས་ལུགས་ལས་རིགས་སོགས་ལས་རིགས་ཁག་གི་ཏང་ཕྱིའི་འཐུས་མི་ཚོགས་འདུར་ཞུགས་ཡོད།
ཚོགས་འདུ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དེ་མིན་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པ་དང་ཁུལ་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་གཅིག་སྡུད་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཏང་ཕྱིའི་འཐུས་མི5ཡིས་རང་ཉིད་ཀྱི་ལས་རིགས་དང་ལས་གནས་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བསམ་ཚུལ་བརྗེ་རེས་བྱས། ཁུལ་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀང་ཧྥུའུ་ཚོགས་འདུར་ཞུགས་ནས་གཏམ་བཤད་གནང་བ་དང་།ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཱ་ཧའེ་ཧྲན་གྱིས་ཚོགས་འདུར་མགོ་འཛིན་གནང་།
ཚོགས་འདུ་ལས་རྒྱ་ཆེའི་ཏང་ཕྱིའི་འཐུས་མི་རྣམས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། བློ་གྲོས་དང་སྟོབས་ཤུགས་དེ་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཁག་ལ་གཅིག་སྒྲིལ་བྱས་ནས། རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་སློབ་སྦྱོང་ལ་དམ་འཛིན། བསམ་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བའི་ཐད་རང་རྟོགས་གསར་པ་མངོན་པར་བྱ་བ་དང་།ལྟེ་བའི་ལས་འགན་ལ་དམིགས་ནས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐད་ནུས་པ་གསར་པ་མངོན་པར་བྱེད་པ། དམངས་ལ་བརྩེ་སེམས་ཟབ་མོ་བཅངས་ནས་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་འགན་འཁྲི་གསར་པ་ཕྲག་ཏུ་བླངས་ནས། རང་སྟེང་གི་འཇོན་ནུས་མཐོ་རུ་བཏང་ནས་ཡར་རྒྱས་ཡོང་བར་བརྩོན་ལེན་བྱ་དགོས་ཞེས་བླང་བྱ་བཏོན།