གནད་བསྡུས། 详情

ཞུང་ཡོན་ལའེ་ཀོས་ནན་རྫོང་དུ་བསྐྱོད་དེ་གཙོ་གནད་ལས་དོན་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་གནང་བ།

རང་ཚགས་པར་གྱི་འཕྲིན། ཟླ9པའི་ཚེས15ཉིན་ནས་ཚེས16ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཞུང་ཡོན་ལའེ་ཡིས་མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས་ཀྱི་རྣམ་པ་སྤྱད་དེ། ཀོས་ནན་རྫོང་གི་བྱ་མདོ་ཤང་དང་མགོ་མང་གྲོང་བརྡལ། སུམ་མདོ་གྲོང་བརྡལ། མང་ཆུ་གྲོང་བརྡལ། ཐར་ཤུལ་ཤང་བཅས་ཀྱི་སྡེ་བ་འགའ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་། དགོན་སྡེ་བཅས་སུ་ཕྱིན་ཏེ། ཅན་བཅུའི་ཏང་འཛུགས་སྐྱོང་དང་སྡེ་བ་རིམ་པའི་ཐོན་ལས། ཁོར་ཡུག་བཅོས་སྐྱོང་། མང་ཚོགས་ཀྱི་འབབ་འཕར། དགོན་པའི་དོ་དམ་སོགས་ཀྱི་གཙོ་གནད་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་གནང་ཞིང་། ཡུལ་དངོས་སུ་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་སྐུལ་འདེད་ཀྱི་བྱེད་ཐབས་བཏོན་ཏེ། ཁོས་ཏང་འཛུགས་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། ཅན་བཅུའི་ཏང་འཛུགས་སྐྱོང་ཆེད་དོན་བྱ་བའི་ཚན་ཆུང་སོ་སོའི་ནུས་པ་གང་ལེགས་འདོན་པ། སྡེ་བའི་ཐུན་མོང་དཔལ་འབྱོར་མུ་མཐུད་དུ་སྟོབས་ཆེར་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱ་བ་དམ་འཛིན་ལེགས་པོ་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་དང་འབབ་འཕར་གྱི་ཐབས་ལམ་རྒྱ་སྐྱེད་པ། བརྩེ་བ་ཟབ་མོས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་ལེགས་པོ་བཅས་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞུང་ཡོན་ལའེ་སྔ་རྗེས་སུ་བྱ་མདོ་ཤང་གི་ཚལ་རྔ་སྡེ་བ་དང་གྱོག་ར་སྡེ་བ། མགོ་མང་གྲོང་བརྡལ་གྱི་རྡོ་ར་སྡེ་བ་དང་མགོ་མང་སྡེ་བ། སུམ་མདོ་གྲོང་བརྡལ་གྱི་བན་ཤུལ་སྡེ་བ་དང་ཆུ་མགོ་གཞོངས་སྡེ་བ། ཐར་ཤུལ་ཤང་གི་ཐར་ཤུལ་སྡེ་བ་བཅས་སུ་ཕྱིན་ཏེ་གཞི་རིམ་གྱི་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་དང་ལྷན་དུ་བསམ་བློ་བརྗེ་རེས་གནང་ཞིང་། སྡེ་བ་རིམ་པའི་ཐོན་ལས་འཕེལ་རྒྱས་དང་། མང་ཚོགས་ཀྱི་ཡོང་སྒོ། འགལ་བ་འདུམ་འགྲིག་སོགས་ཀྱི་གནས་ཚུལ་ལ་འདྲི་རྩད་ཞིབ་མོ་བྱས་པ་དང་། མང་ཚོགས་ཀྱི་སེམས་གཏམ་ལ་ཉན་ཏེ་གཞི་རིམ་གྱི་རེ་འདུན་ལ་རྒྱུས་ལོན་གཏིང་ཟབ་བྱས། ཁོས་སྡེ་བ་སོ་སོའི་ཐོན་ཁུངས་ཀྱི་དགེ་མཚན་ལ་གཞི་བཙུགས་ཏེ། ས་བབ་དང་བསྟུན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། བརྟག་དཔྱད་དང་རིགས་སྒྲུབ་གཏིང་ཟབ་བྱས་ནས། དམིགས་ཡུལ་མེད་པར་མ་དངུལ་གཏོང་བར་སྔོན་འགོག་བྱེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་བརྟན་པོའི་ངང་འཕར་བར་འགན་ལེན་བྱ་དགོས། ཐོན་སྐྱེད་འཕེལ་རྒྱས་ཀུང་ཟིར་བརྟེན་ནས་གཞུང་ལམ་དང་ཆུ་བེད་སོགས་དམངས་ཚིས་ལས་གཞི་རེ་ཞུ་བྱས་ཏེ། གུན་ཚབ་ལས་སྤྲོད་ལས་གཞིའི་གཞི་ཁྱོན་ཆེ་རུ་གཏོང་དགོས། ཤང་དང་གྲོང་བརྡལ་གྱི་ངལ་རྩོལ་ལས་དོན་བར་ཁེ་བ་གསོ་སྐྱོང་བྱེད་པ་དང་། ཕྱུག་འགྱུར་སྣེ་ཁྲིད་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ལས་ཞུགས་ཀྱི་ཐོན་ཁུངས་ལ་གནད་འཁེལ་སྦྲེལ་མཐུད་བྱེད་པ་དང་། གོ་རིམ་ལྡན་པའི་སྒོ་ནས་ངལ་རྩོལ་ལྷག་མ་ཕྱི་ཕྱོགས་སུ་ཞོར་ལས་གཉེར་བར་རྩ་འཛུགས་བྱས་ཏེ་ཡོང་སྒོ་འཕར་བར་ཁྲིད་སྟོན་བྱ་དགོས། ས་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་བྱ་བར་དམ་འཛིན་ཡག་པོ་བྱས་ཏེ། མང་ཚོགས་རང་འགུལ་ངང་མི་སྡོད་ཁོར་ཡུག་བཅོས་སྐྱོང་ནང་ཞུགས་པར་ཁྲིད་སྟོན་བྱེད་པ་དང་། སྒོ་ར་མཛེས་བཟོ་དང་འཕྲོད་བསྟེན་དཔྱད་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས་རང་རྟོགས་ངང་སྡེ་བའི་རྣམ་པར་སྲུང་སྐྱོང་བྱས་ནས་གནས་སྡོད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་བྱ་དགོས། མི་ཕྱུགས་ཀྱི་འཐུང་ཆུའི་བདེ་འཇགས་ལ་འགན་ལེན་དང་རྩོད་གཞིའི་གྲལ་བཤེར་དང་འདུམ་འགྲིག་སོགས་ཀྱི་བྱ་བར་དམ་འཛིན་ཏན་ཏིག་བྱས་ཏེ། སྡེ་བའི་ཉེན་རྟོག་པ་དང་འོས་འགན་ཉེན་རྟོག་པའི་གཞི་རིམ་བཅོས་སྐྱོང་གི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས། ཤང་སྡེའི་བདེ་འཇགས་བརྟན་ལྷིང་གི་རྨང་གཞི་བརྟན་པོར་གཏོང་དགོས། ཤང་སྡེ་བཅོས་སྐྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་གཏོང་བ་དང་། ཤང་སྲོལ་དཔལ་ཡོན་གྱི་སྔོན་ཐོན་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱས་ནས། མང་ཚོགས་སྡེ་བ་རིམ་པའི་བྱ་བའི་དོ་དམ་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ། སྡེ་བའི་ལས་དོན་དེ་མང་ཚོགས་ཀྱི་འདོད་བློ་དང་མཐུན་པར་བྱས་ནས་མང་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བར་བྱ་དགོས་ཞེས་ནན་གྱིས་བསྟན། མཛེས་མ་ཁུལ་གཙག་དྲུབ་ཐོན་ལས་ཚད་ཡོད་ཀུང་ཟི་དང་མགོ་མང་གྲོང་བརྡལ་ནོར་ལུག་ཕྱིར་འཚོང་ཁྲོམ་ར། མང་ཆུ་གྲོང་བརྡལ་ཤ་རྭ་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་ཁང་། ཀུའུ་མུའུ་ཁང་སྐྱེ་ཁམས་ཞིང་ལས་དཔེ་སྟོན་གླིང་བཅས་སུ་ཞུང་ཡོན་ལའེ་ཡིས་ཡུལ་དངོས་སུ་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་གཉེར་སྐྱོང་། ཐོན་ལས་དང་ཕྱིར་འཚོང་འབྲེལ་མཐུད་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་། ཁེ་ལས་དང་མཉམ་ལས་ཁང་གི་འགན་འཁུར་བ་དང་མཉམ་དུ་གླེང་མོལ་བྱས་ཏེ། དཀའ་ངལ་དང་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཐད་ནས་རྒྱུས་ལོན་བྱས་ཤིང་། ཁོས་སྣ་མང་ཚོང་གཉེར་དང་སྤུས་རྟགས་ནུས་སྩོལ་བྱས་ཏེ། བོད་ལུགས་གཙག་དྲུབ་དང་ཞིང་ཕྱུགས་ཐོན་རྫས་སོགས་ཁྱད་ལྡན་སྤུས་ལེགས་ཐོན་ལས་གཏིང་ཟབ་ཏུ་སྤེལ་ནས་སྤུས་ལེགས་ཁྱད་ལྡན་སྤུས་རྟགས་གཏོད་པ་དང་། རང་འགུལ་ངང་ཚོང་ཁང་དང་མཛེས་ལྗོངས་ཁུལ་སོགས་ཁྲོམ་རའི་ཚོང་ལམ་ལ་འབྲེལ་མཐུད་སྒོས་ཐོན་རྫས་ཕྱིར་འཚོང་ཐུབ་པར་བྱས་ཏེ། ཁྱད་ལྡན་ཐོན་རྫས་དེ་གྲོང་གསེབ་ནས་ཁྲོམ་རར་བསྐྱོད་ཐུབ་པར་བྱ་དགོས་ཤིང་། ཞིང་ཕྱུགས་མཉམ་འབྲེལ་དང་འདེབས་གསོ་ཟུང་འབྲེལ་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཞིང་སར་འདེབས་འཛུགས་རེས་བསྐོར་བྱེད་པ་དང་སྔོ་གཟན་མ་རྨོས་ལོ་ཏོག་སོགས་སྤུས་ལེགས་གཟན་རྩྭ་ཇེ་རྒྱས་སུ་བཏང་ནས། སོན་བཟང་ལ་བརྟེན་ནས་ཕྱུགས་རིགས་གསོ་བ་དང་ཕྱུགས་རིགས་ལ་བརྟེན་ནས་སོན་བཟང་ལ་སྐུལ་འདེད་གཏོང་རྒྱུ་མངོན་འགྱུར་ཡོང་བར་བྱ་དགོས། ཐོན་ལས་དམའ་བའི་ཐོན་ལས་ཀྱི་ལས་གཞི་ཚད་ལྡན་དུ་བཏང་སྟེ། རང་བརྟེན་ཚོང་གཉེར་དང་མཉམ་འབྲེལ་ཚོང་གཉེར་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་བེད་སྤྱོད་གང་ལེགས་བྱས་ནས། འགན་བཅོལ་བྱས་ཀྱང་ལྟ་སྐུལ་དོ་དམ་མི་བྱེད་པའི་རྣམ་པར་བཅོས་སྐྱོང་བྱས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རིན་ཐང་ལ་འགན་ལེན་བྱ་དགོས། ཞིང་ལས་འཕྲུལ་ཆས་མཐུན་ཚོགས་ས་ཁོངས་བརྒལ་ནས་ཕྱིར་བསྐྱོད་ཐུབ་པར་རྩ་འཛུགས་བྱས་ཏེ། རྨོ་འདེབས་དང་སྟོན་བསྡུ་སོགས་ཀྱི་ལས་སྒྲུབ་ཞབས་ཞུ་བསྒྲུབས་ནས་ཕྱི་ཕྱོགས་ཀྱི་ཞབས་ཞུའི་ཁྲོམ་ར་མུ་མཐུད་དུ་རྒྱ་ཆེར་གཏོང་དགོས་ཞེས་བསྟན།

ཀོས་ནན་རྫོང་གྲྭ་ཚང་དགོན་དུ། ཞུང་ཡོན་ལའེ་ཡིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཆོས་ལུགས་བཅོས་སྐྱོང་བྱ་བར་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཤང་གྲོང་ཏང་ཨུས་ས་གནས་ཀྱི་འགན་འཁྲི་འཁུར་བ་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་ལས་སྒོའི་མཛུབ་ཁྲིད་ལ་ཤུགས་སྣོན་བྱས་ནས། བཙུན་པའི་བསམ་བློའི་སློབ་གསོའི་ཁྲིད་སྟོན་བྱ་བ་ཞིབ་ཚགས་ཀྱིས་བསྒྲུབ་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་མུ་མཐུད་དུ་བརྟན་པོར་གཏོང་བ་དང་། དགོན་སྡེའི་དོན་དངོས་དང་འབྲེལ་ནས་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ནས་བཙུན་པའི་འཚོ་བའི་དཀའ་ངལ་ཐག་གཅོད་དང་དད་ལྡན་མང་ཚོགས་ཀྱི་ཁུར་བོ་ཇེ་ཡང་དུ་བཏང་སྟེ། ཆོས་ལུགས་བྱ་བའི་བཅོས་སྐྱོང་གི་ཞིབ་ཚགས་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཁུལ་གྱི་མགོ་ཁྲིད་ཝང་ཅི་ཏུ་དང་ལི་ཝེ། ཀང་ཧྥུའུ། བསོད་ནམས་བདེ་སྐྱིད་བཅས་རྟོག་ཞིབ་ཁྲོད་ཞུགས།།


热门新闻

热门图库

热门排行