གནས་ཚུལ། 详情

མཚོ་ལྷོ་ཁུལ་གྱིས་ཟས་རིགས་ཐོན་སྐྱེད་ཁེ་ལས་ཀྱི་སྒོ་འབྱེད་ཉིན་མོའི་བྱ་འགུལ་སྤེལ།

ཟླ9པའི་ཚེས16ཉིན། མཚོ་ལྷོ་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་འཛད་སྤྱོད་པའི་འཐུས་མི་དང་སྨྱན་སྦྱོར་གྱི་གསར་འགོད་པ་རྩ་འཛུགས་བྱས་ཏེ། ཁོངས་གཏོགས་ཁུལ་གྱི་ཟས་རིགས་ཐོན་སྐྱེད་ཁེ་ལས་སུ་བསྐྱོད་དེ། ཡུལ་དངོས་སུ་ཟས་རིགས་དེ་རྒྱུ་ཆ་ནས་གྲུབ་རྫས་བར་གྱི་བརྒྱུད་རིམ་ཧྲིལ་པོར་རྒྱུས་ལོན་བྱས་ནས། ཕྱི་གསལ་ནང་གསལ་ལ་བརྟེན་ནས་མང་ཚོགས་ཀྱི་བློ་བདེ་དང་ཡིད་ཆེས་ཐོབ་པར་བྱས།

མཚོ་སྔོན་ཨའེ་ཉི་ཧྲ་ཟས་རིགས་ལས་སྣོན་ཚད་ཡོད་ཀུང་ཟི་རུ་ལྟ་སྐོར་ཚོགས་པས་འཁོར་ཁང་གི་ཤའི་ཐོན་རྫས་དེ་རྒྱུ་ཆ་ཞིབ་བཤེར་རྩིས་ལེན་ནས་གྲུབ་རྫས་མཛོད་ཉར་བར་གྱི་ཐོན་སྐྱེད་སྒྲིག་ཆས་དང་བཟོ་རྩལ་བརྒྱུད་རིམ་ལ་ལྟ་ཞིབ་བྱས། ཁེ་ལས་ཀྱི་འགན་འཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། སྐམས་ཤ་དང་ནང་ཁྲོལ་སོགས་རྒྱུ་ཆ་ཁག་ཚང་མར་ཞིབ་བཤེར་ནན་མོ་བྱས་པ་ཡིན་ཟེར། ཉིན་དེར་ཐོན་སྐྱེད་བྱེད་ཀྱིན་མེད་ཀྱང་། འོན་ཀྱང་དག་གཙང་གི་འཁོར་ཁང་དང་བརྒྱུད་རིམ་གྱི་མཚོན་རྟགས་གསལ་པོ་ལས་ཚང་མས་ཐོན་སྐྱེད་དོ་དམ་ཚོད་འཛིན་ལ་ཐད་ཐད་ཀར་རྒྱུས་ལོན་ཐུབ་པ་བྱུང་ཡོད།

མཚོ་སྔོན་ཨའེ་ཉི་ཧྲ་ཟས་རིགས་ལས་སྣོན་ཚད་ཡོད་ཀུང་ཟིའི་ཁྲིམས་བཀོད་འཐུས་ཚབ་པ་ཧྥ་ཙི་ཞོན་གྱིས་བཤད་རྒྱུར། ཤའི་ཐོན་རྫས་ཀྱི་ངོས་ནས་བཤད་ན་འཕྲོད་བསྟེན་དང་གསོག་ཉར་ནི་བརྒྱུད་རིམ་གཙོ་བོ་གཉིས་ཡིན། ང་ཚོས་བརྟག་དཔྱད་དང་འཁྱག་སྦྲེལ་གྱི་འགག་སྒོ་འདི་གཉིས་ལ་དོ་དམ་ནན་མོ་བྱས་པ་ཡིན། འཁོར་ཁང་གི་བརྒྱུད་རིམ་ཧྲིལ་བོ་ཚང་མར་ལྟ་རུ་བཅུག་པ་ནི་ལྟ་སྐུལ་དང་ལེན་བྱེད་པ་ཞིག་ཡིན་ལ། ཚང་མར་ང་ཚོའི་ཐོན་རྫས་ལ་ཡིད་ཆེས་བྱེད་དུ་འཇུག་པ་ཞིག་ཀྱང་ཡིན་པས་བདེ་འཇགས་ལ་ཁག་ཐེག་ཡོད་པ་ཞིག་ཡིན་ཟེར།

 འཛད་སྤྱོད་པའི་འཐུས་མི་དཔལ་ལྡན་ཀླུ་སྒྲུབ་ཀྱིས་བཤད་རྒྱུར། དེ་རིང་འཁོར་ཁང་ནང་དུ་སོང་ནས་རྒྱུ་ཆར་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ལ་རྒྱུས་ལོན་བྱས་པ་ཡིན་ལ། ཟས་རིགས་ཐོན་སྐྱེད་ཀྱི་འགག་སྒོ་དོ་དམ་བྱས་པ་དངོས་ནས་ནན་མོ་རེད། འཛད་སྤྱོད་པ་ཞིག་ཡིན་པའི་ཆ་ནས་ཟས་རིགས་ལས་སྣོན་གྱི་བརྒྱུད་རིམ་གསལ་བོར་རིག་ན་ད་གཟོད་སེམས་བདེ་བ་ཞིག་རེད། འདི་ལྟ་བུའི་སྒོ་འབྱེད་ཉིན་མོ་ཧ་ཅང་བཟང་ཟེར།

མཚོ་སྔོན་ཁྱུང་ཆེན་མཐོ་སྒང་ཆང་བསྙལ་ལས་རིགས་ཚད་ཡོད་འགན་འཁྲི་ཀུང་ཟི་རུ་ཚང་མས་ཡུལ་དངོས་ནས་བསྙལ་བཟོ་དང་ཐུམ་སྒྲིལ་སོགས་ཀྱི་ཐོན་སྐྱེད་སྒྲིག་ཆས་གཙོ་བོ་དང་བཟོ་རྩལ་བརྒྱུད་རིམ་ལ་ལྟ་ཞིབ་བྱས། ཁེ་ལས་ཀྱིས་མཐོ་སྒང་གི་ནས་ཆང་ཐོན་སྐྱེད་བྱེད་པ་གཙོར་བཟུང་སྟེ། ལས་རིམ་ཚང་མར་ཚོད་འཛིན་ནན་མོ་བྱས་ཏེ་ཁྱད་ལྡན་ཐོན་རྫས་དེ་འཛད་སྤྱོད་པའི་དགའ་བསུ་ཐོབ་པའི་ཐོན་རྫས་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱེད་བཞིན་མཆིས།

 མཚོ་ལྷོ་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ལས་བྱེད་པ་ཨན་ནཱ་ཡིས་བཤད་རྒྱུར། ཐེངས་འདིའི་ཟས་རིགས་བདེ་འཇགས་ཁེ་ལས་ཀྱི་སྒོ་འབྱེད་ཉིན་མོའི་བྱ་འགུལ་གྱི་དམིགས་ཡུལ་ནི་མང་ཚོགས་ཀྱིས་ཟས་རིགས་ཐོན་སྐྱེད་འཁོར་ཁང་གི་ཟས་རིགས་ཐོན་སྐྱེད་བརྒྱུད་རིམ་ལ་རྒྱུས་ལོན་བྱེད་པའི་ཆེད་དུ་ཡིན་ལ། འཛད་སྤྱོད་པའི་འཐུས་ཚབ་པ་དང་སྨྱན་སྦྱོར་གྱི་གསར་འགོད་པ་ཐོན་སྐྱེད་ཡུལ་དངོས་སུ་གདན་ཞུ་བྱས་ཏེ། ཟས་རིགས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་བོར་ལྟ་སྦྱོང་བྱེད་དུ་བཅུག་ལ། ཕྱི་གསལ་ནང་གསལ་གྱི་ལྟ་སྐུལ་རྣམ་པ་བརྒྱུད་ནས་ཁེ་ལས་ཀྱི་ཚད་ལྡན་ཐོན་སྐྱེད་དང་རྒྱུན་རྣམ་ཅན་གྱི་དོ་དམ་ཚོད་འཛིན་བྱ་བའི་བྱེད་ཐབས་ཁྱོན་ཡོངས་ནས་མངོན་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ས་གནས་ཀྱི་མཐོ་སྒང་ཁྱད་ལྡན་ཟས་རིགས་ཁས་ལེན་བྱེད་ཚད་དང་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་སྟེ། ཟས་རིགས་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་བོར་འགན་ལེན་གང་ལེགས་བྱ་རྒྱུ་ཡིན་ཟེར།

འཁོར་ཁང་གི་སྒོ་ཕྱེ་བ་དང་བརྒྱུད་རིམ་གསལ་སྟོན་བྱས་པས་མང་ཚོགས་ཀྱི་བློ་སེམས་བདེ་བར་བྱས་ཡོད་དེ། འདི་ལྟ་བུའི་སྒོ་འབྱེད་ཀྱིས་ཟས་རིགས་བདེ་འཇགས་དེ་མིག་མཐོང་ལག་ཟིན་དུ་གྱུར་ཡོད་པར་མ་ཟད། གྲོང་གསེབ་དར་སྤེལ་དང་ཐོན་ལས་འཕེལ་རྒྱས་ལའང་གསོན་ཤུགས་གསར་པ་བསྣན་ཡོད།


热门新闻

热门图库

热门排行