གནད་བསྡུས། 详情

《མཚོ་སྔོན་པོའི་ཚེ་སྲོག་གི་གཏམ་རྒྱུད》ཅེས་པར་ནུབ་རྒྱུད་ཕུལ་བྱུང་ཚན་རྩལ་དཔེ་དེབ་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ།

ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ཕུལ་བྱུང་ཚན་རྩལ་དཔེ་དེབ་དཔྱད་འདེམས་བྱེད་སྒོ་སྐབས་སོ་གཅིག་པའི་ཁྲོད། མཚོ་སྔོན་པོ།ང་ཚོའི་རྒྱལ་ཁབ་སྤྱི་གླིང་ཞེས་པའི་དཔེ་ཚོགས་ཏེ།《མཚོ་སྔོན་ན་མཚོ་ཡོད》ཅེས་པར་བྱ་དགའ་ཨང་གཉིས་པ་ཐོབ་པ་དང་།《མཚོ་སྔོན་པོའི་ཁ་དོག》དང《མཚོ་སྔོན་པོའི་ཚེ་སྲོག་གི་གཏམ་རྒྱུད》ཅེས་པར་བྱ་དགའ་ཨང་གསུམ་པ་ཐོབ།བྱ་དགའ་དེ་ཀྲུང་གོ་དཔེ་སྐྲུན་མཐུན་ཚོགས་ཚན་རྩལ་དཔེ་སྐྲུན་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་ནུབ་རྒྱུད་ས་ཁུལ་གྱི་ཕུལ་བྱུང་ཚན་རྩལ་དཔེ་དེབ་དཔྱད་འདེམས་ཨུ་ཡོན་ལྷན་ཁང་གིས་དཔྱད་འདེམས་བྱས་པ་ཡིན་ལ།དེ་ནི་ནུབ་རྒྱུད་ས་ཁུལ་གྱི་ཚན་རྩལ་དཔེ་དེབ་ཁྱབ་ཁོངས་ཀྱི་ཆེད་ལས་རྩེ་གྲའི་བྱ་དགའ་ཞིག་ཀྱང་ཡིན།

《མཚོ་སྔོན་པོའི་ཚེ་སྲོག་གི་གཏམ་རྒྱུད》ཅེས་པ་དཔེ་ཚོགས་ཀྱི་ཁག་གལ་ཆེན་ཞིག་ཡིན་པའི་ཆ་ནས།སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་རྒྱུན་འཛིན་དར་སྤེལ་བྱེད་པར་དམ་པོར་དམིགས་ཏེ།རྩོམ་རིག་ཚན་རྩལ་ཁྱབ་གདལ་གྱི་སྐད་ཆར་བརྟེན་ནས་ཚན་རྩལ་ཁྱབ་གདལ་དང་རྩོམ་རིག་གི་བར་གྱི་འབྲེལ་བ་གསལ་འབྱེད་བྱས་ནས།མཚོ་སྔོན་པོའི་འབབ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་ཀྱི་རྣམ་པ་དང་སྐྱེ་དངོས་སྣ་མང་གི་སྣང་བརྙན་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད།

དཔེ་དེབ་འདི་ནི་རང་ཁུལ་གྱི་རྩོམ་པ་པོ་ཀྲའོ་ཅིའུ་ལན་གྱིས་ལོ་མང་པོའི་རིང་ལ་མཚོ་སྔོན་པོར་རྒྱུས་ལོན་ཟབ་མོ་བྱས་པ་ལས་བརྩམས་པ་ཡིན་ལ།མཚོ་སྔོན་པོའི་དུས་བཞིའི་འགྱུར་ལྡོག་དང་ཚེ་སྲོག་གི་འཚོ་ཉམས་ཟིན་ཐོར་བཀོད་ཡོད་ལ།ཡིག་འབྲུ་བབ་ཆགས་ཤིང་ཕ་ཡུལ་ལ་དུངས་ཞེན་དང་ཚེ་སྲོག་ལ་གོང་བཀུར་བྱེད་པ་མཚོན་ཡོད་པས།མཚོ་སྔོན་པོའི་སྐྱེ་ཁམས་རིག་གནས་སྣང་ཚུལ་སྣ་ཚོགས་འདུས་པའི་དཔེ་དེབ་ཞིག་ཡིན།དེབ་འདི་ལས་སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་རྒྱུན་འཛིན་གཙོར་བཟུང་སྟེ། དོན་བརྗོད་དང་དངོས་ཡོད་རྣམ་པར་བརྟེན་ནས་ཀློག་པ་པོ་དང་མཚོ་སྔོན་པོའི་བར་གྱི་སྙན་ངག་དང་ཚན་རིག་ཁྱབ་གདལ་གྱི་འབྲེལ་ཟམ་བསྐྲུན་ཡོད།དཔེ་དེབ་ལས་སྤྱི་དམངས་ཀྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་པར་རྒྱུས་ལོན་བྱེད་པར་གཞི་རྩ་འདོན་སྤྲོད་བྱས་ཡོད་ལ།རང་རེའི་ཁུལ་གྱི་ས་གནས་རིག་གནས་དང་སྐྱེ་ཁམས་རྩོམ་རིག་མཉམ་འདྲེས་འཕེལ་རྒྱས་ཡོང་བར་རམ་འདེགས་བྱས་ཡོད།རེབ་འདིར་བྱ་དགའ་ཐོབ་པས་ཚན་རིག་ཁྱབ་གདལ་གྱི་རྩོམ་ཡིག་ཕུལ་བྱུང་གསར་རྩོམ་བྱེད་པར་སྐུལ་མ་ཐེབས་ལ།མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་བརྒྱུད་བསྒྲགས་དང་རྒྱལ་ཁབ་སྤྱི་གླིང་གི་གཏམ་རྒྱུད་ལེགས་པོ་འཆད་པར་སྒུལ་ནུས་གསར་པ་བསྩལ་ཡོད།


热门新闻

热门图库

热门排行