གནས་ཚུལ། 详情

རང་ཁུལ་གྱིས་ཤེས་དཔལ་སྲོལ་གསར་ལ་བརྟེན་ནས་འཆམ་མཛེས་གྲོང་སྡེ་བསྐྲུན་པ།

གྲོང་གསེབ་དར་སྤེལ་དུ་གཏོང་བར་ཕྱིའི་རྣམ་པ་བཟང་བོ་བསྐྲུན་དགོས་ལ།མཚོ་ལྷོ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྣེ་ཁྲིད་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་ཅན་བཅུའི་ཏང་འཛུགས་སྐྱོང་དམ་འཛིན་བྱ་གཞིར་བྱས་ཏེ། ཤེས་དཔལ་ལྡན་པའི་སྡེ་སྲོལ་འཛུགས་སྐྱོང་གཏིང་ཟབ་བྱས་ཤིང་། རིགས་པའི་གཞུང་ལུགས་ལ་བརྟེན་ནས་དམངས་སེམས་འགུག་པ་དང་ལག་ལེན་ལ་བརྟེན་ནས་སྲོལ་གསར་གཏོད་པ། ཞབས་ཞུར་བརྟེན་ནས་དམངས་འཚོར་དྲོ་སྐྱིད་སྦྱིན་པ་བཅས་བྱས་ཏེ་ཤེས་དཔལ་སྲོལ་གསར་དེ་མཐོ་སྒང་གི་གྲོང་སྡེ་རུ་ཁྱབ་པར་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་སུ་འགྲོ་རྒྱུར་བསམ་པའི་སྒུལ་ནུས་བསྣན་ཡོད།

མཚོ་ལྷོ་ཁུལ་གྱིས་ཤེས་དཔལ་ལྡན་པའི་སྡེ་སྲོལ་འཛུགས་སྐྱོང་བྱ་རྒྱུ་དེ་གྲོང་གསེབ་དར་སྤེལ་དུ་གཏོང་བའི་གཙོ་གནད་འདུ་འགོད་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་གཞི་རིམ་གྱི་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་བྱས་པ་དང་། སྒྲོག་འགྲེལ་རུ་ཁག340ལྷག་ཙམ་བཙུགས་ཏེ་རིགས་པའི་གཞུང་ལུགས་དང་རིག་རྩལ། སྐད་གཉིས་བཅས་ཟུང་འབྲེལ་བྱེད་པ་དང་།སྒོ་རའི་སློབ་ཁང་དང་སྦྲ་གུར་ནང་གི་སྒྲོག་འགྲེལ་སོགས་ཀྱི་རྣམ་པ་བརྒྱུད་དེ་རོང་འབྲོག་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆར་བརྟེན་ནས་ཏང་གི་སྲིད་ཇུས་བཟང་པོ་བརྒྱུད་སྤྲོད་དང་ཤེས་དཔལ་སྲོལ་གསར་ཁྱབ་གདལ་དུ་བཏང་སྟེ་ཤེས་དཔལ་གྱི་འདུ་ཤེས་ཡངས་པའི་རྩྭ་ཐང་དུ་རྩ་བ་ཚུགས་ཐུབ་པར་བྱས།

གཞི་རིམ་བཅོས་སྐྱོང་གི་གསོན་ཤུགས་འཕེལ་བར་བྱ་ཆེད་

ཁུལ་ཡོངས་ཀྱིས་ཤེས་དཔལ་སྐར་གསོག་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་བ་དང་སྡེ་བ་ཁག་ཏུ་སྤྱོད་བཟང་སྐར་གསོག་རང་འདེམས་ཚོང་ཁང་བཙུགས་ཤིང་།སྡེ་མི་རྣམས་ཁོར་ཡུག་བཅོས་སྐྱོང་དང་རྒན་བཀུར་གཉེན་གཅེས། དང་བླངས་ཞབས་ཞུ་སོགས་ཤེས་དཔལ་ལག་ལེན་བྱེད་སྒོར་ཧུར་ཐག་སྒོས་ཞུགས་ཚེ་སྐར་མ་བསགས་ནས་འཚོ་བའི་མཁོ་ཆས་བརྗེ་ཐུབ་ཀྱི་ཡོད། སྐར་མ་ཆུང་ངུ་བསགས་ནས་བཅོས་སྐྱོང་ཆེན་པོ་བྱས་པས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་ཕ་ཡུལ་མཉམ་སྐྲུན་བྱེད་པའི་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་ནུས་ལྡན་ཐུབ་པ་དང་ཤེས་དཔལ་དགེ་སྒྲུབ་དེ་གྲོང་གསེབ་ཀྱི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད།

ཁྱོན་ཡོངས་ལ་ཁྱབ་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་རྟེན་གཞིར་བརྟེན་ནས་མཚོ་ལྷོ་ཁུལ་གྱིས་རྒྱུན་རྣམ་ཅན་གྱི་སྒོ་ནས་རྒན་བཀུར་རྒན་གཅེས་དང་དམངས་ཕན་ཞབས་ཞུ་སོགས་ཤེས་དཔལ་ལག་ལེན་གྱི་བྱེད་སྒོ་སྤེལ་བ་དང་།  གྲོང་གསེབ་ཀྱི་བྱམས་ལྡན་ཟ་ཁང་དང་སྡེ་ཁུལ་གྱི་ཟ་ཁང་གིས་ལས་གཉེར་བྱས་ཏེ་ལོ་ན་མཐོ་བ་དང་ཁེར་སྡོད་རྒན་རྒོན་ལ་སྟབས་བདེའི་བཟའ་བཏུང་གི་ཞབས་ཞུ་མཁོ་འདོན་བྱས་ཤིང་། ཟ་མ་མཁོ་སྤྲོད་དང་དོན་བཟང་རེ་རེར་བརྒྱུད་ནས་ཤེས་དཔལ་གྱི་དྲོད་ཁོལ་མང་ཚོགས་ཀྱི་གམ་དུ་བསྐྱལ།  དེ་དང་ཆབས་ཅིག་གནས་མཆོག་མཚོ་ལྷོའི་དང་བླངས་ཞབས་ཞུ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་སྤེལ་ཞིང་།  

ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་དང་བླངས་ཞབས་ཞུ་ཐེངས4300ལྷག་ཙམ་སྤེལ་བ་དང་མི་ཐེངས་ཁྲི54ཞུགས་ཡོད།  དང་བླངས་པ་ཚོ་སྡེ་བ་དང་འབྲོག་ཁུལ་དུ་བསྐྱོད་དེ་མི་སྡོད་ཁོར་ཡུག་གཙང་བཟོ་དང་ཁྱིམ་མཚེས་མང་ཚོགས་ལ་རོགས་རམ་བྱས་པས་སྐོར་སྐྱོད་ཀྱི་དང་བླངས་ཞབས་ཞུ་དེ་མཐོ་སྒང་འཛིན་མའི་ཁྱོན་གྱི་གསོན་ཉམས་དོད་པའི་ཤེས་དཔལ་གྱི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།

ད་ཆ་ཁུལ་ཡོངས་ཀྱི་སྲིད་འཛིན་སྡེ་བ་མང་ཤས་ཀྱིས་ཤེས་དཔལ་སྲོལ་གསར་གྱི་ཚད་ལོན་ཞིབ་བཤེར་རྩིས་ལེན་ལེགས་གྲུབ་བྱུང་བ་དང་། སྡེ་བ་དང་གྲོང་བརྡལ6ལ་རྒྱལ་ཡོངས་ཀྱི་ཤེས་དཔལ་སྡེ་བ་དང་གྲོང་བརྡལ་ལ་དཔྱད་འདེམས་ཐོབ་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ངང་མཐོ་བ་དང་བརྟན་པོ་བྱུང་ཡོད།

འབད་བརྩོན་ལྷོད་མེད་བྱས་ན། གོམས་སྲོལ་བཟང་པོར་འགྱུར་ངེས། མཚོ་ལྷོ་ཁུལ་གྱིས་ཅན་བཅུའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཡུལ་སྲོལ་ཤེས་དཔལ་བཏོད་དེ་ཤེས་དཔལ་གྱི་མེ་ཏོག་དེ་རྒྱུན་མཐུད་ངང་གཙང་གསུམ་མགོ་ཁུངས་ཀྱི་གང་སར་རྣམ་པར་བཞད་ཡོད།།


热门新闻

热门图库

热门排行