སྲིད་དོན། 详情

ཁྲི་ཀ་རྫོང་གི་བུད་མེད་སྒྲོག་འགྲེལ་ཚོགས་པས་ཏང་འཐུས་ཚོགས་ཆེན་གྱི་དགོངས་དོན་གཞི་རིམ་བུད་མེད་མང་ཚོགས་ལ་དྲིལ་སྒྲོག་བྱས་པ།

རང་ཚགས་པར་གྱི་འཕྲིན། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་ལེན་གཏིང་ཟབ་བྱས་ཏེ། ཏང་གི་སྲིད་ཇུས་བཟང་བོ་ཐད་ཀར་གཞི་རིམ་དུ་དྲིལ་སྒྲོག་བྱེད་པ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱ་ཆེད། བསྟུད་མར་ཉིན་འགའི་རིང་ལ་ཁྲི་ཀ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་བུད་མེད་སྒྲོག་འགྲེལ་རུ་ཁག་གིས་ཤང་དང་གྲོང་བརྡལ། སྡེ་བ་སོ་སོ་རུ་དྲིལ་བསྒྲགས་བྱ་འགུལ་སྤེལ།

དྲིལ་སྒྲོག་ཡུལ་དངོས་སུ་མང་ཚོགས་དང་ཉེ་བར་བཅར་བའི་རྣམ་པ་བཟང་པོ་ཆགས་ཤིང་། སྒྲོག་འགྲེལ་མི་སྣས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པས་འཕེལ་རྒྱས་ཀྱི་དམིགས་འབེན་དང་དམངས་ཚིས་དོན་དངོས། གྲོང་གསེབ་འཛུགས་སྐྲུན། གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ནང་དོན་ལ་དམིགས་ནས། བུད་མེད་ཀྱི་ཐོན་སྐྱེད་འཚོ་བ་དང་། ཁྱིམ་ཚང་གི་འགྱུར་ལྡོག ཁེ་དབང་འགན་སྲུང་སོགས་རང་ངོས་འབྲེལ་བ་ཡོད་པའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དང་སྲིད་ཇུས་ཀྱི་ནང་དོན་དེ་མང་ཚོགས་ཀྱིས་གོ་བདེ་བའི་ཡུལ་སྐད་དུ་བསྒྱུར་བ་དང་། མཐའ་འཁོར་གྱི་དཔེ་མཚོན་ལ་བརྟེན་ནས་སྲིད་ཇུས་དང་འགྱུར་ལྡོག མ་འོངས་པ་བཅས་གླེང་ནས།བུད་མེད་མང་ཚོགས་ལ་ཏང་གི་སྲིད་ཇུས་བཟང་པོ་ཤེས་སུ་བཅུག

 ཁུལ་གྱི་ཏང་འཐུས་ཚོགས་ཆེན་གྱི་འཐུས་མིའམ་ཁྲི་ཀ་རྫོང་རྨ་ནུབ་གྲོང་བརྡལ་མཚེར་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧུའུ་ཧའེ་དབྱིན་གྱིས་བཤད་རྒྱུར།ང་ཚོ་ཞིང་ཁ་དང་ཞིང་ཁྱིམ་གླིང་དུ་སོང་ནས་བུད་མེད་མང་ཚོགས་ལ་གོ་སླ་བའི་ཡུལ་སྐད་གྱི་ལམ་ནས་ཏང་འཐུས་ཚོགས་ཆེན་གྱི་དགོངས་དོན་དང་ཏང་གི་སྲིད་ཇུས་བཟང་པོ་དྲིལ་སྒྲོག་བྱས་པ་ཡིན་ལ། བུད་མེད་སྔར་ལས་མང་པོ་རང་འགུལ་ངང་གྲོང་གསེབ་བཅོས་སྐྱོང་དང་ཁྱིམ་སྲོལ་བཟང་པོ་རྒྱུན་འཛིན་བྱེད་པ། དཔལ་ཡོན་གསར་སྐྲུན་བཅས་ཀྱི་ཁྲོད་དུ་ཞུགས་སུ་བཅུག་ནས། གཞི་རིམ་བུད་མེད་ཀྱི་ནུས་པ་གཅིག་སྒྲིལ་བྱེད་པར་སྐུལ་ཁྲིད་བྱ་རྒྱུའི་རེ་བ་ཡོད་ཟེར།

ཐེངས་འདིའི་གཞི་རིམ་སྒྲོག་འགྲེལ་བྱ་འགུལ་གྱིས་མང་ཚོགས་དང་དོན་དངོས་དང་ཉེ་བའི་བཅར་བའི་སྒྲོག་འགྲེལ་བྱེད་ཐབས་ལ་བརྟེན་ནས། གཞི་རིམ་བུད་མེད་མང་ཚོགས་ཀྱི་བསམ་བློ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གཅིག་སྒྲིལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེའི་བུད་མེད་ཀྱི་གཞི་རིམ་ལ་རྐང་བཙུགས་ནས་ལས་སྒྲུབ་གསར་གཏོད་བྱེད་པའི་བརྩོན་སེམས་དང་རང་འགུལ་རང་བཞིན་སྐུལ་སློང་བྱས་ནས། ལམ་བུ་གསར་པར་འབད་པས་བསྐྱོད་པ་དང་དུས་རབས་གསར་པར་བྱས་རྗེས་འཇོག་པའི་སྤོབས་པ་ཆེ་རུ་བཏང་།

 ཁྲི་ཀ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཉིའུ་ཡན་ཕེང་གིས་བཤད་རྒྱུར། ང་ཚོས་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱ་རྒྱུ་ནི་འོས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། བུད་མེད་སྒྲོག་འགྲེལ་གྱི་དགེ་མཚན་འདོན་སྤེལ་གང་ལེགས་སྒོས་ཞིང་ཁ་དང་སྡེ་བ་སོ་སོ་རུ་བུད་མེད་མང་ཚོགས་ཀྱིས་དང་ལེན་བྱེད་ཐུབ་པའི་བྱེད་ཐབས་ལ་བརྟེན་ནས་ཏང་གི་སྲིད་ཇུས་བཟང་པོ་དྲིལ་སྒྲོག་བྱས་པ་ཡིན། རྗེས་ཕྱོགས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་ནུས་ལ་གཞི་བཙུགས་ནས། བསམ་བློའི་ཁྲིད་སྟོན་དང་ཁྱིམ་ཚང་དཔལ་ཡོན། ཁེ་དབང་འགན་སྲུང་། ཐུགས་ཁུར་ཞབས་ཞུ་སོགས་ཀྱི་བྱ་བ་ལེགས་པོར་བསྒྲུབ་རྒྱུ་མ་ཟད། རྒྱ་ཆེའི་བུད་མེད་ཏང་གི་རྗེས་འབྲངས་ནས་གྲོང་གསེབ་དར་སྤེལ་དང་གཞི་རིམ་བཅོས་སྐྱོང་ནང་དུ་ཞུགས་པར་སྐུལ་ཁྲིད་བྱས་ཏེ།རང་རྫོང་གི་འཕེལ་རྒྱས་ལ་བུད་མེད་ཀྱི་སྟོབས་ཤུགས་འབུལ་བར་འབད་པ་བྱ་རྒྱུ་ཡིན་ཟེར།


热门新闻

热门图库

热门排行