གཙོ་གནད། 详情

ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཅི་ལིན་སློབ་ཆེན་བཙུགས་ནས་ལོ་འཁོར80ལོན་པར་རྟེན་འབྲེལ་ཞུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་སྤྲིངས་ནས་ཅི་ལིན་སློབ་ཆེན་བཙུགས་ནས་ལོ་འཁོར80ལོན་པར་རྟེན་འབྲེལ་ཞུས་ནས། དགེ་སློབ་དང་ལས་བཟོ་བ་ཡོངས་དང་རྒྱ་ཆེའི་སློབ་གྲོགས་ཚོར་རྟེན་འབྲེལ་ཞུས་པ་རེད། 

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་ནན་གྱིས་བསྟན་དོན། མགོ་འཛུགས་ས་གསར་པའི་ཐོག ཅི་ལིན་སློབ་ཆེན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཕྱོགས་བསྡུས་ཀྱི་ལེགས་ཆ་འདོན་སྤེལ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་པ། རིག་ཚན་དང་ཆེད་ལས་ཀྱི་གྲུབ་ཚུལ་མུ་མཐུད་དུ་ལེགས་སྒྲིག་བྱེད་པ། སློབ་ཁྲིད་དང་ཚན་ཞིབ་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་དེ་བས་མང་པོ་གསོ་སྐྱོང་ཧུར་ཐག་བཅས་བྱས་ཏེ། དུས་རབས་གསར་པའི་བྱང་ཤར་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།

ཅི་ལིན་སློབ་ཆེན་ནི1946ལོར་བཙུགས་པ་རེད། ལོ་ངོ80ཡི་རིང་། སློབ་གྲྭས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ནས། རྒྱལ་ཁབ་ཀྱི་ལས་རིགས་ཁག་ལ་ཤེས་ལྡན་མི་སྣ་འབོར་ཆེན་གསོ་སྐྱོང་དང་་འདོན་སྤྲོད་བྱས་ཡོད། །

热门新闻

热门图库

热门排行